Skip to main content Skip to search
30 Aug 2019
21 min 50 sec
Video Overview
Creators: 
Yidam Tsering

The sixth lunar month is referred to as the "deity month" in Rebgong. Each village’s Luru Festival date is different. As for these two villages, the twentieth day of the sixth lunar month is the first day of Luru, the toklha setting-up day. A toklha is a flagpole which is installed prior to the actual Luru Festival by the upper and lower villagers together at the Luru performance ground. On top of one flagpole, a special grass is tied and on another hangs a small special thangka. In Ritsa village, there are four families (Tsüntargyel, Nyingjamgyel, Lama, and Tsidung) who are entitled to set up the toklha. These families haven't changed through the ages, and the reason why these particular families are chosen is unclear.

བོད་ཟླ་དྲུག་པ་ནི་ཡུལ་རེབ་གོང་ཡུལ་གྱི་དྲུག་པའི་ལྷ་ཟླ་ཡིན། ཡུལ་སྡེ་སོ་སོའི་ཀླུ་རོལ་གྱི་དུས་ཚོད་གཅིག་པ་མིན། སྡེ་འདི་གཉིས་ཀར་མཚོན་ན་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནི་ཀླུ་རོལ་གྱི་ཉིན་དང་པོ་སྟེ་ཏོག་ལྷ་འཛུགས་པའི་ཉིན་མོ་ཡིན། རི་རྩ་སྡེ་བར་མཚོན་ན། ཏོག་ལྷ་འཛུགས་པའི་ཁྱིམ་ཚང་བཞི་ཡོད། བཙུན་ཐར་རྒྱལ་དང་སྙིང་བྱམས་རྒྱལ། བླ་མ། ཙི་དུང་ཚང་བཅས་བཞི་བོ་ཡིན། ཁྱིམ་ཚང་འདི་དག་ནི་གནའ་ནས་ད་བར་དུ་འགྱུར་བ་མེད་པ་ཞིག་ཡིན། རྒྱུ་མཚན་གང་ཞིག་གིས་ཁྱིམ་ཚང་འདི་དག་གཏན་ཁེལ་བྱས་པ་གསལ་བོ་མི་ཤེས། ཏོག་ལྷ་ནི་སྡེ་གོང་འོག་གཉིས་ཀྱིས་དྲུག་པའི་ཀླུ་རོལ་འགོ་མ་བརྩམས་སྔོན་དུ། ཀླུ་རོལ་རྩེད་སའི་ཐང་ཆེན་གྱི་གོང་རོལ་དུ་འཛུགས་དགོས་པའི་དར་ཤིང་ཞིག་ཡིན། དར་ཤིང་གི་རྩེ་ལ་རྩྭ་ཁྱི་བདུག་བཏགས་ནས། དར་ཤིང་གཅིག་གི་རྩེ་ལ་གཟི་བརྗིད་དབང་ལྡན་གྱི་ཐང་ཀ་ཆུང་ཆུང་ཞིག་འདོགས་དགོས་པ་ཞིག་ཡིན། 

 藏历六月在热贡地区是神圣的六月。各个村庄的六月会时间是不一样得。对这两个村来说藏历六月二十日是六月会的第一天——立”杜拉”的日子。对日扎村来说,它们村里有权立"杜拉"的有四家。 这四家是增太加一家, 娘先加一家,喇嘛一家和子东一家。这四家从古往今来一直都没有变过。不清楚是什么原因导致了这些家庭有的特权。"杜拉"是一个旗杆,在六月会没有真实开始之前上庄和下庄一起建在游乐场上方的旗杆。一个旗杆上必需把一种特殊的草绑在顶端, 在另一个旗杆的顶端需要佩戴一个小唐卡