04 Feb 2016
32 min 10 sec
Video Overview
Creators:
Norzin Lhamo
Khenpo Singay Dorji from Gangteng Shedra, a monastic college, teaches on the merits of summer retreats, elaborating upon the merits and benefits of practices such as generosity and discipline. He narrates a story set at the time of Lord Buddha about an old man who had the wish to become a monk. The story details how the old man attains liberation, highlighting the merits and benefits of the practices of generosity and discipline, and the suffering engendered by engaging in reversed practices.
- མཁན་པོ་སེང་གེ། Khenpo Singayའ་ནི་ཚུ་ ཨ་རྟག་ཡང་ དེ་སྦེ་དྲངསམ་ད་ལུ་ཕན་པ་མེདཔ་འདི་རྩ་ལས་མེན། ཨིན་འདི་(ཏེ་)འབད་རུང་ཡང་ ཨ་རྟག་ལས་ཀྱང་ཕན་པ་འདི་ དབྱར་གནས་ཀྱི་སྐབས་ལུ་ཕན་པ་ཆེ་གསེས། ཕན་པ་ཆེ་དགོ་པའི་རྒྱུ་མཚན་འདི་ ད་རེས་དགེ་འདུན་དེ་ཚུ་ཕྱི་ཁར་འབྱོན་ནི་མེདཔ་ད་ལུ་ ཏེ་ནང་ན་ལུ་ཡང་ ཉིནམ་རེ་རེ་གི་བར་ན་ལུ་ ཚར་བཞི་བཞི་དེ་རེ་ནང་ན་ཚོགས་ ཏེ་ག་ར་གི་ ད་ང་བཅས་ར་གི་ གཤིན་གསོན་གཉིས་ཀྱི་དོན་ལུ་ གསོན་པོ་གི་རིམ་གྲོ་དང་གཤིན་པོ་གི་རིམ་གྲོ་ ག་ཅི་ཡང་ང་བཅས་ཀྱིས་བསགས་ནི་དེ་གིས་ ཕན་སྦོམ་སྦེ་རང་ཐོགས་འོང་གསེས་ཞུ་ནི་ཨིན།When we offer that we dont have negative merits rather we can accumulate high merits. We can earn good merits during summer residence in religious confinement because during that time monk perform four times of religious rites for death people.
- མཁན་པོ་སེང་གེ། Khenpo Singayད་དེ་ལས་ད་ལྟོ་བརྗོད་བྱ་ངོ་མ་འདི་ གཅིག་ག་ཅི་སྨོ་གསེས་བ་ཅིན་ ད་ལྟོ་ང་བཅས་ སྦྱིན་པ་གཏང་མི་འདི་དང་ ཚུལ་ཁྲིམས་སྲུང་མི་གཉིས་ཀྱི་བར་ན་ལུ་ ཁྱད་པར་ག་ཅི་ཡོད་ག་གསེས་མི་ཅིགGererally there is great difference between person who donates alot and person who is following strict conduct.
- མཁན་པོ་སེང་གེ། Khenpo Singayསྦྱིན་པ་གཏང་པ་ལས་ཀྱང་ ཚུལ་ཁྲིམས་སྲུང་བ་འདི་ཕན་པ་ཆེ་གསེས་མི་ཅིག སྦྱིན་པ་གཏང་མི་འདི་ཚུ་ལུ་ཕན་པ་མེདཔ་འདི་རྩ་ལས་མེན། དཔེར་ན་ ང་བཅས་ར་གིས་སྦྱིན་པ་ཅིག་གཏང་ས་ཅིག་འདི་འབད་རུང་ཡང་ སྦྱིན་པ་གཏང་བའི་གི་འབྲས་བུ་ ཏེ་ད་ལྟོ་ང་བཅས་ར་ སྦྱིན་བདག་འདི་ཚུ་གིས་ ནཱ་གསོལ་ཇ་དྲངས་ གསོལཝ་དྲངས་མི་དེ་གི་ཕན་པ་འདི་ ག་དེ་སྦེ་ཆགས་འོང་དགོ? གསེས་བ་ཅིན་ ང་བཅས་ར་གི་དཔེར་ན་ ད་ལྟོ་དགེ་བ་འ་ནེམ་ཅིག་སྒྲུབ་བཞག་ད་པ་ཅིན་ མི་ཚེ་བཅུ་ཐམ་དེ་ཅིག་གི་རིང་ རང་གི་གི་སྐྱེ་བ་བཅུ་ཐམ་དེ་ཅིག་གི་རིང་ལུ་ ག་ཏེ་སྐྱེས་ས་ནང་ འབྱོར་པ་ཆེ་དྲགས་སྦེ་ ལོངས་སྤྱོད་ཆེ་དྲགས་སྦེ་སྡོད་འོང་གསེས་ དེ་སྦེ་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་ དེ་སྦེ་གསུངས་གནང་ནུགBut it dosent mean that those who donates doesnot have any merits. For example buddha said person who offer tea and food to common people once, will be reborn as rich who can donate more for ten generation.
- མཁན་པོ་སེང་གེ། Khenpo Singayད་རུང་དེ་བ་ལྷགཔ་སྦེ་ དེ་གི་གུ་ལུ་ ཏེ་ད་་་ ད་ལྟོ་ང་བཅས་ དགེ་སློང་འདི་ཚུ་བཟུམ་སྦེ་ ཚུལ་ཁྲིམས་ཡང་དག་པ་ཅིག་སྲུངམ་འདྲཝ་ཅིག་འབད་བ་ཅིན་ དེ་བ་ལྷག་པའི་གི་ཕན་པ་ཆེ་གསེས། ཏེ་འ་ནེ་འབདཝ་ད་ལུ་ སྦྱིན་པ་གཏང་མི་ལས་ ཚུལ་ཁྲིམས་སྲུང་མི་ ཕན་པ་ཆེ་གསེས།In case of monk, the one who follow strict donduct will be better than one who donates more.
- མཁན་པོ་སེང་གེ། Khenpo Singayའདི་མ་ཚད་པའི་གི་ད་ རང་ཚུལ་ཁྲིམས་ རང་ཡང་ཚུལ་ཁྲིམས་སྲུང་། རང་ཡང་སྲུང་ ད་རང་ཡང་སྲུང་མ་ཚད་པའི་གི་ གཞན་ལུ་ཡང་སངས་རྒྱས་ཀྱི་བསྟན་པ་ལུ་ ཚུལ་ཁྲིམས་སྲུང་ནི་ལུ་བསྐུལཝ་འདྲཝ་ཅིག་འབད་བ་ཅིན་ གནམ་མེད་ས་མེད་ཕན་པ་ཡོད།Following strict conduct ourself and urging on others to follow will have more benefits on us.
- མཁན་པོ་སེང་གེ། Khenpo Singayདཔེ་ཆ་བཞགཔ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ར་ ང་བཅས་ར་གིས་མཆོད་རྟེན་སྦོམ་གཅིག་བཞེངས་མི་འདི་དང་ ཏེ་ཚུལ་ཁྲིམས་་་་་ ཚུལ་ཁྲིམས་སྲུང་མི་འདི་གཉིས་ཀྱི་བར་ན་ལུ་ ཁྱད་པར་ག་དེ་སྦེ་ ཡོད་གོ? གསེས་བ་ཅིན།If i keep an example, there is great difference between the one who build big stupa and the peson who follow strict conduct in terms of gaining merits.
- མཁན་པོ་སེང་གེ། Khenpo Singayམཆོད་རྟེན་སྦོམ་གཅིག་བཞེངས་མི་འདི་ མཆོད་རྟེན་སྦོམ་གཅིག་བཞེངས་པ་ཅིན་ ཕན་པ་དཔག་ཏུ་མེད་པ་ཡོད། དེ་བ་ལྷགཔ་སྦེ་ འདི་གི་ ཚུལ་ཁྲིམས་སྲུང་ ཚུལ་ཁྲིམས་་་་་ ད་རང་གི་གི་མི་ཚེ་ནང་ལུ་ ཚུལ་ཁྲིམས་ལེགས་ཤོམ་ཅིག་སྦེ་སྲུང་ད་པ་ཅིན་ དེ་བ་ལྷག་པའི་གི་ཕན་པ་ཆེ་གསེས་ ཕན་པ་ཆེ་དགོ་པའི་གི་རྒྱུ་མཚན་ག་ཅི་སྨོ? གསེས་བ་ཅིན་ ང་བཅས་ར་གིས་ མཆོད་རྟེན་སྦོམ་གཅིག་བཞེངས་ད་འདི་འབད་རུང་ཡང་ མཆོད་རྟེན་སྦོམ་འདི་བཞེངས་ཚར་ཚར་བའི་གི་མཐའ་མ་ལུ་ མི་སྡིག་པ་ཅན་ མི་མནོ་བསམ་གཏང་མ་ཚུགས་མི་འདི་ཚུ་གིས་ མཆོད་རྟེན་འདི་ལྷོང་འབག་ཆིཔ་ད་ལུ་ ང་བཅས་ར་མཆོད་རྟེན་བཞེངས་པའི་གི་རྒྱུ་འཕྲོ་བརླག་ཆགས་ནི་གི་ཉེན་ཁ་ཡོད།Although we have great benefits for the construction of stupa, following a strict conduct will have more than that because after stupa is being constructed if evil person vendalise, then it is just a waste of wealth.
- མཁན་པོ་སེང་གེ། Khenpo Singayང་བཅས་ར་ཚུལ་ཁྲིམས་སྲུང་མི་གི་དགེ་བ་འདི་གིས་ སངས་རྒྱས་མ་ཐོབ་ཚུན་ཚོད་ཀྱི་བར་ན་ལུ་ དགེ་བ་འདི་རྩ་ལས་མི་རྫོགས་གསེས་ ངོ་མ་འདི་ ཁྱད་པར་འདི་འ་ནེ་སྦེ་ཡོད་གསེས་ཞུ་ནི་སྦེ་ཨིན།The main difference is that, the good merits that we had earned from following good conduct will never fade away.
- མཁན་པོ་སེང་གེ། Khenpo Singayདེ་ལས་ ད་འདི་དང་འདྲཝ་སྦེ་ ཏེ་ད་ཧེ་མ་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་གི་སྐབས་སུ་ལུ་ཡང་ དེ་སྦེ་བྱུང་ནུག ག་དེ་སྦེ་བྱུང་ནུག་གོ? གསེས་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་ ད་ལ་ལུ་གཅིག་གི་མར་ལས་མར་ གནས་བསྐོར་ཡང་བྱོན་བྱོནམ་འོང་། རྒྱལ་པོའི་ཁབ་ ལུ་མའི་ཚལ་གསེས་མི་ན་ལུ་ སངས་རྒྱས་བཅོམ་ལྡན་འདས་ འ་མི་ལུ་་་་ འ་མར་ལུ་བཞུགས་པའི་གི་སྐབས་ས་ལུ་ ད་དེའི་ཉེ་འདབས་ལུ་ ཨ་རྒས་ལོ་བརྒྱ་གཅིག་འབད་མི་ཅིག་ ཁྱིམ་བདག་དཔལ་སྐྱེད་གསེས་མི་ཅིག ཁྱིམ་བདག་དཔལ་སྐྱེད་ལོ་བརྒྱ་ཐམ་པ་ཡར་སོང་འདུགSimilarly before the enlightenenment of buddha, buddha was at lumbena. There was also a man who owned house and was very much devoted to buddha. He was hundred years old.
- མཁན་པོ་སེང་གེ། Khenpo Singayཨ་རྒས་འདི་འ་མར་ ཁྱིམ་བདག་དཔལ་སྐྱེད་གསེས་མི་འདི་ ལོ་བརྒྱ་ཐམ་པ་འགྱོཝ་སྦེ་ དེ་ལས་ཨ་རྒས་འདི་གིས་ འ་ནེ་སྦེ་ཚུལ་ཁྲིམས་སྲུང་བའི་ཕན་འདི་ཚུ་གོ་གིས་ ཧ་གོ་སྦེ་ དེ་ལས་ཁོ་གིས་ ཁྱིམ་ནང་གི་མི་འདི་ཚུ་ལུ་བསྟུན་གྲོས་ཚོལ།The old man heard about the advantage of following strict and he discussed with his family member.
- མཁན་པོ་སེང་གེ། Khenpo Singayད་ང་ཡང་ལོ་བརྒྱ་གཅིག་དེ་ཅིག་ཡར་སོང་ཡི། ང་ཡང་ཚུལ་ཁྲིམས་ཅིག་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་འགྱོ་སྦེ་ཞིནམ་ལས་ ཚུལ་ཁྲིམས་ཅིག་སྲུང་བ་ཅིན་ ག་དེ་སྦེ་འོང་ག? གསེས་སླབ་ད་ལུ་ ཏེ་ཁྱིམ་ནང་གི་མི་འདི་ཚུ་གིས་ཡང་ ཨ་ཀྲིག་ཀྲི་རང་ཨིན། ཁྱོད་ ལོ་ཨ་རྒས་ཡར་སོ་ཡི་གསེས་ གོ་དོག་སོངཔ་མས་ངོ་མ་འདི། ལོ་བརྒྱ་གཅིག་འགྱོ་ནི་དེ་གིས་ ཨ་རྒས་འདི་གོ་དོག་སྦེ་ཞིནམ་ལས་ མ་པ་ཁྱིམ་ནང་གི་མི་འདི་ཚུ་གིས་ཡང་ ཨ་རྒས་འདི་ལུ་ལེགས་ཤོམ་མི་འབད་དོ་ཡོདཔ་མས།The old man said now he is old and he wanted to follow ethics infront of buddha. it was agreed by family member. Actually he was not treated well by family members.
- མཁན་པོ་སེང་གེ། Khenpo Singayལེགས་ཤོམ་མ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ཨ་རྒས་ཀྱིས་ འ་ནི་སྦེ་ ད་ཁོ་སྡོམ་པ་ཞུ་བ་འགྱོ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་འགྱོ་སྦེ་ ཁོ་ཚུལ་ཁྲིམས་བསྲུང་ནི་གསེས་ ཁྱིམ་ནང་གི་མི་འདི་ཚུ་ལུ་སླབ་ད་ལུ་ ཁྱིམ་ནང་གི་མི་འདི་ཚུ་གིས་ཡང་ གནམ་མེད་ས་མེད་ལེགས་ཤོམ་ཨིན་མས་གསེས་ དེ་མ་ཚད་པའི་གིས་ ཁྱིམ་ཚང་མི་འདི་ཚུ་གིས་འབད་རུང་ཡང་ གནམ་མེད་ས་མེད་ལེགས་ཤོམ་ཨིན་པས་གསེས་སླབ་སྦེ་ཞིནམ་ལས་ ཏེ་ཨ་རྒས་འདི་ཕར་ལས་ ཐག་བཅད་སྦེ་ཞིནམ་ལས་ ལོ་བརྒྱ་གཅིག་ཡར་སོ་འདུག (ཨཝ་ཙེ་) སྦེ་ཞིནམ་ལས་ སངས་རྒྱས་བཅོམ་ལྡན་འདས་བཞུགས་ས་ལུ་བཅར་ནུགSince he was not treated well by family members and as agreed and encourage by neighbours, he decided to go to buddha.
- མཁན་པོ་སེང་གེ། Khenpo Singayསངས་རྒྱས་བཅོམ་ལྡན་འདས་བཞུགས་ས་ལུ་ མར་འོད་མའི་ཚལ་ རྒྱལ་པོའི་ཁབ་འོད་མའི་ཚལ་ལུ་བཅརཝ་ད་ལུ་ དགེ་སློང་གཅིག་ལུ་ཁོ་གིས་ དྲི་བ་དྲིས་ནུགWhen he reach to the place where huddha dwels, the old man asked to monk.
- མཁན་པོ་སེང་གེ། Khenpo Singayསངས་རྒྱས་བཅོམ་ལྡན་འདས་ སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་པའི་གི་ སངས་རྒྱས་བཅོམ་ལྡན་འདས་གསེས་མི་འདི་ ག་ཏེ་ལུ་བཞུགས་འདི་(ཏེ་)ཡོད་གོ? གསེས་སླབ་ད་ལུ། ཾWhere is lord buddha? who benefits the all sentient beings.
- མཁན་པོ་སེང་གེ། Khenpo Singayདགེ་སློང་དེ་ཚུ་གིས་ལན་ ག་དེ་སྦེ་གསུངས་ནུག་གོ? གསེསཝ་ད་ལུ་ སངས་རྒྱས་བཅོམ་ལྡན་འདས་འདི་ སེམས་ཅན་དཔག་ཏུ་མེད་པ་ལུ་འགྲོ་དོན་མཛད་དགོཔ་ད་ལུ་ ད་རེས་ནཱ་མ་བཞུགས། ཕྱི་ཁ་ལས་ཕར་འགྲོ་དོན་ལུ་བྱོན་སོ་ཡི་གསེས་གསུངས་ནུགMonks replied that since lord buddha benefits to all the sentient being, today he is out of station for welfare of the sentient beings.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཨ་རྒས་དེ་གིས་ ད་རུང་ག་དེ་སྦེ་ཞུ་ནུག་གོ? གསེས་སླབ་ད་ལུ་ དེ་སྦེ་འབད་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་ཀྱི་འོག་ལུ་ ཁྱད་པར་འཕགས་པ་ མཁས་པ་ག་ཡོད་གོ? གསེས་དྲིཝ་འདྲཝ་ད་ལུ།The old man again asked, then who is the next proficient to buddha.
- མཁན་པོ་སེང་གེ། Khenpo Singayདགེ་སློང་དེ་ཚུ་གིས་ལན་རྐྱབ་ནུག ཏེ་ད་སངས་རྒྱས་བཅོམ་ལྡན་འདས་ཁོ་རང་མ་བཞུགས་ཏེ་འབད་རུང་ཡང་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཤ་རིའི་བུ་གསེས་མི་ ཤེས་རབ་ཀྱི་མཆོག་ཏུ་འགྱུར་པ། ཤེས་རབ་ཀྱི་ནང་ལས་ གནམ་མེད་ས་མེད་ཀྱི་ལེགས་ཤོམ་ མཆོག་ཏུ་འགྱུར་པ་རང་ཁོ་ཨིན། ཤ་རིའི་བུ་གསེས་མི་འདི་བཞུགས་ཏེ་ཡོད་གསེས།Monks again replied that, even though buddha is not here today we have shareybhu who has a suprime wisdom.
- མཁན་པོ་སེང་གེ། Khenpo Singayདེ་འབད་བ་ཅིན་ ང་ཤ་རིའི་བུ་གི་སྐུ་མདུན་བཅར་ནི་གསེས་ ཨ་རྒས་ཀྱིས་ རྟས་ཐག་ཅིག་འཚོལ་སྦེ་ ཤ་རིའི་བུ་གི་སྐུ་མདུན་བཅརཝ་ད་ལུ་ ཏེ་ཤ་རིའི་བུ་གིས་ ཨ་རྒས་ག་དེ་སྦེ་སྨོ? གསེས་ ཕར་ལན་གསུངམ་ད་ལུ་ དེ་ལས་ ཨ་རྒས་འདི་རྟས་ཐག་འདི་ཡང་ ཕར་བཀོ་བཞག་སྦེ་ཞིནམ་ལས་ ཤ་རིའི་བུ་མཇལཝ་ཅིག་ ཤ་རིའི་བུ་ལུ་ཕྱག་ཕུལ་ད་འདུགThen old man search a stick and went to shareybhu. When shareybhu saw old man he asked a question. As soon as old man saw shareybhu, he threw the stick and then bowed before him.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཕྱག་ཕུལ་སྦེ་ཞིནམ་ལས་ དེས་ལས་ ཤྭ་རིའི་བུ་གིས་ ཨ་རྒས་ག་དེ་སྦེ་སྨོ? གསེས་དྲིཝ་ད་ལུ་ དེ་ལས་ཨ་རྒས་ཀྱིས་ ད་ང་ལུ་སྡོམ་པ་ཅིག་གནང་གནང་གསེས། ང་རབ་ཏུ་བྱུང་ནི་ཨིན་གསེས། ཏེ་ཨ་རྒས་ཀྱིས་་་་་ ཨ་རྒས་ལོ་བརྒྱ་གཅིག་འབད་མི་གིས་ ད་ཁོ་དགེ་སློང་བཟོ་ནི་ཨིན་གསེས་ ཤྭ་རིའི་བུ་ལུ་དེ་སྦེ་ཞུ་ནུགAfter bowing, old man requested for ordain so that he can become a monk.
- མཁན་པོ་སེང་གེ། Khenpo Singayཤ་རིའི་བུ་ལུ་དེ་སྦེ་ཞུཝ་ད་ལུ་ དེ་ལས་ཤ་རིའི་བུ་གིས་ ཐུགས་བཞེད་ཅིག་གནང་སྦེཝ་ད་ལུ་ ཨ་རྒས་འདི་ལོ་བརྒྱ་ཐམ་པ་ཡར་སོང་འདུག ཁོ་འཕགས་པའི་དགེ་འདུན་གི་ལཱ་འདིན་ ཁོ་གིས་འབད་མི་ཚུགས་ནི་མས།After requesting, shareybhu realized that old man is hundred years old and he cannot do monks daily work.
- མཁན་པོ་སེང་གེ། Khenpo Singayདཔེ་ཆ་འདིན་ ཁོ་གིས་བལྟ་མི་ཚུགས་ནི་མས། སྒོམ་འདིན་ཁོ་གིས་རྐྱབ་མི་ཚུགས་ནི་མས། འ་ནེ་སྦེ་འབདཝ་ད་ལུ་ འཕགས་པའི་དགེ་འདུན་འདི་ཚུ་གི་ལཱ་ངོ་མ་ར་ འ་ནི་གསུམ་ འཁོར་ལོ་གསུམ་གྱི་ལཱ་འདི་ཨིན།The main work of monk is to study and meditate were old man cannot do that.
- མཁན་པོ་སེང་གེ། Khenpo Singayབྱ་བ་ལས་ཀྱི་འཁོར་ལོ་དང། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤང་བ་བསམ་གཏན་གྱི་འཁོར་ལོ། འ་ནི་གསུམ་འདི་འབད་དགོ། འ་ནེ་སྦེ་འབདཝ་ད་ལུ་ ད་ཨ་རྒས་འདི་གིས་ འ་ནི་གསུམ་འདི་འབད་མི་ཚུགས་ནི་མས་མནོ་ ཐུགས་བཞེད་གནང་སྦེ་ཞིནམ་ལས།Shareybhu thought that, wheel of acton, wheel of study and reflection and the wheel of concerntration is the must that monk follow but old man cant follow this.
- མཁན་པོ་སེང་གེ། Khenpo Singayཤ་རིའི་བུ་གིས་གསུངས་ནུག ད་ཁྱོད་སྡོམ་པ་ཞུ་ནི་འདི་ཕྱི་སོ་འདུག སྡོམ་པ་ཞུ་ནིའི་དུས་ཚོད་ལས་ཡོལ་སོ་འདུག ཁྱོད་སྡོམ་པ་མི་ཐོབ་པས། ཁྱོད་ལོག་སོང་གསེས།Shareybhu told to old man that its too late for you to have ordain, you will not get so you can go back.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཨ་རྒས་འདི་ གནམ་མེད་ས་མེད་སེམ་ཕམ་སྦེ་ ཏེ་ཡར་ཤ་རིའི་བུ་གིས་སྡོམ་པ་མ་གནངམ་ལས། ཏེ་དེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ཨ་རྒས་འདི་ཡར་ལས་འབད་སྦེ་ཞིནམ་ལས་ གནས་བརྟན་འོད་སྲུང་གི་སྐུ་མདུན་བཅར་ནུག གནས་བརྟན་འོད་སྲུང་གི་སྐུ་མདུན་ལུ་བཅརཝ་ད་ལུ་ཡང་ གནས་བརྟན་འོད་སྲུང་གིས་ཡང་ དེ་སྦེ་དྲིས་ནུག ཁྱོད་ཧེ་མ་ ག་ཏེ་ཡང་མ་བཅར་ག? གསེས་དྲིཝ་ད་ལུ།Then old man became very sad and went to sthavira of the sravaka school. He also asked " didnt you ever go to anyone??
- མཁན་པོ་སེང་གེ། Khenpo Singayཤ་རིའི་བུའི་སྐུ་མདུན་བཅར་ཡི་གསེས་འབདཝ་ད་ལུ་ ཡ་་་་་ ཤ་རིའི་བུ་གི་སྐུ་མདུན་ལུ་བཅརཝ་འདྲཝ་ཅིག་འབད་བ་ཅིན་ ཤ་རིའི་བུ་གིས་ཡང་མ་གནང་པ་ཅིན་ ང་བཅས་ཀྱིས་ཡང་གནང་མི་ཚུགས། ཤ་རིའི་བུ་བཟུམ་མའི་གི་མཆོག་ཏུ་འགྱུར་པ་མེད། དཔེ་ཆ་བཞགཔ་འདྲཝ་ཅིག་འབད་བ་ཅིན་ སྨན་པ་མཁས་པ་འདི་གིས་ ནདཔ་འདི་མ་པ་རང་མི་དྲག་པས་གསེས་གཏང་དཔ་འདྲཝ་ཅིག་འབད་བ་ཅིན་ སྨན་པ་ཆུང་ཀུ་འདི་ཚུ་གིས་མ་པ་ལས་ར་ བཅོ་ཁ་རྐྱབ་མི་ཚུགས།Old man replied, i went to shareybhu but he didn't give me ordain. If that is the case then i cunt give you. For example even if proficient docter can't treat a patient then its impossible for a simple docter to treat.
- མཁན་པོ་སེང་གེ། Khenpo Singayའདི་དང་འདྲཝ་སྦེ་ ད་ཤ་རིའི་བུ་གིས་ ད་ཁྱོད་ སྡོམ་པ་མི་ཐོབ་པས་གསེས་བཏང་དཔ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་མ་པ་ལས་ར་སྡོམ་པ་གནང་ཐབས་མེད་གསེས་ ད་རུང་ གནས་བརྟན་འོད་སྲུང་གིས་ཡང་བཏང་ད་འདུག འདི་དང་འདྲཝ་སྦེ་ ཨ་རྒས་འདི་གིས་དེ་ལསན་ རིམ་པ་བཞིན་དུ་འབད་ འཕགས་པ་མ་འགག་པ་དང་ ཨཏྤ་ལི་ལ་སོགས་པ་དེ་ཚུ་གི་སྐུ་མདུན་ལུ་ རེ་རེ་བཞིན་དུ་འབད་བཅར་འདི་(ཏེ་)འབད་རུང་ཡང་ ཨ་རྒས་འདི་ལུ་སྡོམ་པ་ཐོབ་མ་ཚུགས་པས།Like wise even if shareybhu can't give you ordain than how can i?. Old man was upset and went to many other proficient monk but he didnbiot get.
- མཁན་པོ་སེང་གེ། Khenpo Singayམ་ཚུགསཔ་ལས་བརྟེན་ཏེ་གིས་སྦེ་ དེ་ལས་ཨ་རྒས་འདི་གནམ་མེད་ས་མེད་གི་སེམས་ཕམ་སྦེ་ འ་ན་འོད་མའི་ཚལ་གྱི་གདན་ཕྲེང་གི་སྦུག་ལུ་ ལྷ་ཁང་གི་སྒོ་ཁ་ལུ་ གདན་ཕྲེང་གི་གུ་ལུ་ ཨ་རྒས་འདི་ གནམ་མེད་ས་མེད་གི་སྔུཝ་སྦེ་སྡོད་ནུགAs he couldnot get, he was crying in the middle of forest sitting on mat.
- མཁན་པོ་སེང་གེ། Khenpo Singayསྔུཝ་སྦེ་སྡོདཔ་ད་ལུ་ དེ་ལས་ཨ་རྒས་འདི་གིས་ ག་ཅི་མནོ་བསམ་བཏང་ནུག་གོ? གསེས་སླབ་ད་ལུ་ ངེ་གི་མི་ཚེ་འདི་ནང་ལུ་ ང་གིས་ལཱ་ངན་པ་ཡང་ག་ཅི་ཡང་འབད་འབདཝ་མེད། ང་ག་ཅི་སྦེ་སྡོམ་པ་མ་ཐོབ་ཨིན་ན་གསེས། འ་ནེ་སྦེ་སྡོད་ནུགWhile crying he thought, he haven't done any imposter thing in life so what will be the reason for not getting ordain?
- མཁན་པོ་སེང་གེ། Khenpo Singayའདི་གི་བར་ན་ར་ སྟོན་པ་བཅོམ་ལྡན་འདས་ལོག་བྱོན་ནུག སྟོན་པ་བཅོམ་ལྡན་འདས་ ཕར་ལས་ལོག་བྱོནམ་འབདཝ་ད་ལུ་ ཏེ་ཨ་རྒས་འདི་དང་འཕྱད། ཨ་རྒས་འདི་ སྟོན་པ་བཅོམ་ལྡན་འདས་ཨ་རྒས་ཀྱིས་མཇལཝ་ཅིག་ ཨ་རྒས་འདི་གནམ་མེད་ས་མེད་སེམས་དགའ་འདི་(སྟེ་) ང་བཅས་ར་ཕམ་དང་ཨ་ལོ་ དཔེར་ན་ ཨའི་དང་ཨ་ལུ་འདི་ ཨའི་ན་འཐན་དྲན་པའི་གི་ཨ་ལོ་འདི་ ཨའི་དང་འཕྱདཔ་ཅིག་གནམ་མེད་ས་མེད་ དགའ་དགའ་སྤྲོ་སྤྲོ་སྦེ་ ཨའི་གི་ཕང་མ་ལུ་མཆོང་དོ་བཟུམ་སྦེ་ ཨ་རྒས་འདི་ སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་མཇལཝ་ཅིག་ སྟོན་པ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྩ་བ་ལུ་ ཨ་རྒས་ཀྱིས་ཕྱག་ཕུལ་སྦེ།meanwhile buddha was returning, on the way buddha saw onld man crying and old man too saw buddha. old man was very much exited. He felt extreamly happy. For an instance he felt like mother meeting with a child that she missed alot. As soon as he saw buddha he bowed infront of him touching feet.
- མཁན་པོ་སེང་གེ། Khenpo Singayཨ་རྒས་འདི་གནམ་མེད་ས་མེད་བཤུམས་འདི་(ཏེ་)གིས་སྦེ་ འ་ནེ་སྦེ་འབད་འབདཝ་ད་ ཨ་རྒས་འདི་གནས་མེད་ས་མེད་སྔུ་འདི་(སྟེ་)གིས་སྦེ་ འ་ནི་སྦེ་འབད་འབདཝ་ད་ལུ་ དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ནུག ཡ་་་་ཨ་རྒས་ཁྱོད་ག་ཅི་སྦེ་སྔུཝ་སྨོ? གསེས། ཨ་རྒས་ཁྱོད་ ག་ཅི་སྦེ་སྔུཝ་སྨོ? གསེས་གསུངསམ་ད་ལུ། ད་ང་སྡོམ་པ་ཞུ་ནི་གི་འཆར་གཞི་ཨིན།Old man was crying alot and then buddha asked him, why are you crying? The old man replied that he have a plan to recieve ordain.
- མཁན་པོ་སེང་གེ། Khenpo Singayང་སྡོམ་པ་ཞུ་འདི་(སྟེ་)གིས་སྦེ་ དགེ་སློང་འབད་ནི་གི་འཆར་གཞི་ཨིན། དེ་འབདཝ་ད་ལུ་ ང་ལུ་དགེ་སློང་གི་སྡོམ་པ་མི་ཐོབ་པས་གསེས་གསུངས་ནུག་་་་ ཞུ་ནུག དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ནུག ཡ་་་་ ཁྱོད་ལུ་དགེ་སློང་གི་སྡོམ་པ་མི་ཐོབ་པས་གསེས་མི་འདི་ ག་གིས་སླབ་དེས་གསེས་གསུངམ་ད་ལུ།I want to recieve monk's ordain and wanted to become a monk but i am not getting ordain, the old man requested to buddha. When buddha told to old man that, who told you that you will not get ordain.
- མཁན་པོ་སེང་གེ། Khenpo Singayཨ་རྒས་འདི་གིས་ཞུ་ནུག ཁྱོད་ར་གི་འོག་ལས་མཆོག་ཏུ་འགྱུར་པ་འདི་ར་ ཤ་རིའི་བུ་འདི་ཨིན་པས། ཤ་རིའི་བུ་གིས་ ང་ལུ་སྡོམ་པ་མི་ཐོབ་པས་གསེས་ ང་བཏང་ད་ཡི་གསེས། ད་འ་ནེ་སྦེ་འབདཝ་ད་ལུ། དེ་ལསན་ཏེ་ ཨ་རྒས་འདི་གིས་ག་དེ་སྦེ་ཞུ་ནུག་གོ? གསེས་སླབ་ད་ལུ་ ལ་ལུ་གཅིག་ གནམ་མེད་ས་མེད་སེམས་ཅན་སྲོག་བཅད་འབད་མི་ཡང་སྡོམ་པ་གནང་ནུག ཾThe old man said to buddha that its proficient shareybhu who told me that i will not get ordain. For some people they got ordain even if they were to be condemn for their evil deeds.
- མཁན་པོ་སེང་གེ། Khenpo Singayསོར་མོའི་འཕྲེང་བ་གསེས་མི་འདི་ཚུ་ མི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད་ད་འདུག ཨིན་འདི་(ཏེ་)འབད་རུང་ཡང་ ཐ་མ་སྟོན་པ་བཅོམ་ལྡན་འདས་ཀྱིས་ ཁོ་དགེ་སློང་བཟོ་ད་ནུག དེ་ལས་ཨུཏྤ་ལུ་གསེས་མི་འདི་ཚུ་ ཨུཏྤ་ལི་གསེས་མི་འདི་ཚུ་ ཧེ་མ་རོགས་ཀྱི་གཡོག་རྐྱབ་མི་ཨིན་པས། འ་ནི་ཚུ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ སྡོམ་པ་གནང་ད་འདུགFor some people they got ordain even if they had killed nine hundred ninety nine for the collection of thump. People like Auphel who was servent was also given ordain by buddha.
- མཁན་པོ་སེང་གེ། Khenpo Singayང་གིས་ ངེ་གི་མི་ཚེ་འདི་ནང་ལུ་ ང་གིས་ལཱ་ངནམ་ག་ཅི་ཡང་འབད་འབདཝ་མེད་གསེས། ད་འ་ནེ་སྦེ་འབདཝ་ད་ལུ་ ང་ལུ་སྡོམ་པ་འ་ནེ་སྦེ་གནང་མི་བཏུབ་པས་གསེས་ ཨ་རྒས་འདི་གིས་འ་ནེ་སྦེ་ཞུ་འབདཝ་ད་ལུ་ ག་གིས་མ་གནངམ་སྨོ་གསེས་ གསུངསམ་ད་ལུ།In my life i have never done any evil things but why can't i have ordin of monk. Buddha asked who didnot gave you ordain.
- མཁན་པོ་སེང་གེ། Khenpo Singayཤ་རིའི་བུ་གིས་མི་གནང་པས་གསེས། ཏེ་འ་ནེ་སྦེ་འབདཝ་ད་ལུ་ དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་ ཁྱད་མེད་ཨ་རྒས་ཁྱོད་སེམས་མ་ཕམ་ དེ་ལས་ཏེ་ ཨ་རྒས་འདི་གིས་་་་་་ ཨ་རྒས་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ འ་ན་ལས་མར་ ཐབས་ཤེས་སྣ་ཚོགས་་་་་ སྣ་ཚོགས་ཅིག་བཏོན་འདི་(ཏེ་)སྦེ་ ཏེ་ཤ་རའི་བུ་གིས་ཁྱོད་ལུ་སྡོམ་པ་མ་གནང་མི་འདི་བདེན།The old man replied it shareybhu. Then buddha told him that, you dont have to worry. its right that shareybhu did not gave you ordain.
- མཁན་པོ་སེང་གེ། Khenpo Singayརྒྱུ་མཚན་ག་མི་སྨོ? གསེས་བ་ཅིན་ ཤ་རའི་བུ་གིས་ང་བཟུམ་སྦེ་ སྟོན་པ་བཅོམ་ལྡན་འདས་ང་བཟུམ་སྦེ་ བསྐལ་པ་གྲངས་མེད་གསུམ་ལུ་ཚོགས་ཡང་ཁོ་གིས་བསག་མ་ཚུགས། ཧེ་མ་སློབ་པ་ལམ་གྱི་གནས་སྐབས་ན་ལུ་ དབུ་ཡང་ཁོ་གིས་སྦྱིན་པ་མ་གནང་།The main reason that he didnot gave you ordain is that, he did not have any accumulations of congregation since many generations back. He did not donate his head while he was studying in search of a way to heaven.
- མཁན་པོ་སེང་གེ། Khenpo Singayསྤྱན་ཡང་ཁོ་གིས་སྦྱིན་པ་གནང་མ་ཚུགས། དེ་ལསན་ འ་ནེ་བཟུམ་སྦེ་ བསྐལ་པ་གྲངས་མེད་གསུམ་ལུ་ ཚོགས་ཁོ་གིས་བསགས་མ་ཚུགས། ཧེ་མ་སངས་རྒྱས་དགུ་ཁྲི་དགུ་སྟོང་ལ་སོགས་པ་ལུ་ཁོ་གིས་ མཆོད་པ་ཡང་ཕུལ་མ་ཚུགས། དེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ཨ་རྒས་ཁྱོད་ལུ་ ཁྱོད་ཀྱི་ནང་ན་ལུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཤ་རིའི་བུ་གིས་ཧ་གོ་མི་ཚུགས་གསེས།He could not even donate his eye. Similarly he did not accumulate congregations for many unlimited times. He did no offer anything to the buddha of past, that why he donot know what is there in you.
- མཁན་པོ་སེང་གེ། Khenpo Singayདེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ཏེ་ད་ཨ་རྒས་ཁྱོད་ར་སེམས་མ་ཕམ། ང་གིས་ཁྱོད་ ཏེ་ད་རབ་ཏུ་བྱུང་ནི་ཨིན། ང་ཁྱོད་དགེ་སློང་བཟོ་ནི་ཨིན་གསེས་ ཨ་རྒས་འདི་ལུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ དེ་སྦེ་བཀའ་གནང་ནུགDon't worry, i will thoroughly arise you and make you a monk.
- མཁན་པོ་སེང་གེ། Khenpo Singayསྟོན་པ་བཅོམ་ལྡན་འདས་ཀྱིས་ འ་ནེ་སྦེ་བཀའ་གནང་ཞིནམ་ལས་ སྟོན་པ་བཅོམ་ལྡན་འདས་ཀྱི་ཉེ་གནས་ མོའུ་གལ་གྱི་བུ་ལུ་ བཀའ་གནང་ནུག མོའུ་གལ་གྱི་བུ་ཁྱོད་ཀྱིས་ ཨ་ནི་ཨ་རྒས་འདི་ ཨ་རྒས་་་་ ཨ་རྒས་ལོ་བརྒྱ་ཐམ་པ་འབད་མི་འདི་ ཁྱོད་ཀྱིས་དགེ་སློང་གི་སྡོམ་པ་གནང་སྨ་རེད་གསེས་ བཀའ་གནང་ནུགBuddha told to his disciple anandha to give ordain to the old man.
- མཁན་པོ་སེང་གེ། Khenpo Singayཏེ་བཀའ་གནངམ་ད་ལུ་ མོའུ་གལ་གྱི་བུ་གིས་ཡང་ཐུགས་བཞེད་གནང་ནུག དབའེ་ཨ་རྒས་འདི་ལོ་བརྒྱ་ཐམ་པ་ཡར་སོ་འདུག ད་ཁོ་གིས་ བྱ་བ་ལས་ཀྱི་འཁོར་ལོ་དང་། ཀློག་པ་ཐོས་བསམ་གྱི་འཁོར་ལོ། གཏོང་བ་བསམ་གཏན་གྱི་འཁོར་ལོ་ ག་ཅི་ཡང་ཁོ་གིས་འབད་མི་ཚུགས་ནི་མས། ཨིན་འདི་(ཏེ་)འབད་རུང་ ད་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཨིན་པས་གསེས་ ཐུགས་བཞེད་ཅིག་གནང་སྦེ་ཞིནམ་ལས་ དེ་ལས་ཨ་རྒས་འདི་ ཡར་ཁྱིད་སྦེ་ཞིནམ་ལས་ དེ་ལས་ཨ་རྒས་ལུ་སྡོམ་པ་གནང་ནུག།Anandha also thought that the old man is hundred years old and it will be very difficult for him to follow the wheel of action, wheel of study and reflection and the wheel of concerntration. still then it is the order from buddha so he gave him ordain of monk.
- མཁན་པོ་སེང་གེ། Khenpo Singayགནངམ་ལས་བརྟེན་ཏེ་གིས་སྦེ་ དེ་ལས་ཨ་རྒས་འདི་ ལོ་བརྒྱ་ཐམ་པ་འགྱོཝ་ད་ལུ་ སྡོམ་པ་ཐོབ་ནུག་གསེས་ཞུ་ནི། ད་ཨ་རྒས་འ་ནི་ཁྱིམ་བདག་དཔལ་སྐྱེད་འདི་ ལོ་བརྒྱ་ཐམ་པ་འགྱོཝ་འབདཝ་ད་ལུ་ དགེ་སློང་བཟོཝ་མས།The old man got ordain when he was hundred years old and became a monk.
- མཁན་པོ་སེང་གེ། Khenpo Singayདགེ་སློང་ཞུ་སྦེ་ཞིནམ་ལས་ དེ་ལས་ན་ལས་ཨ་ནི་སྦེ་འབདཝ་ད་ལུ་ དེ་ལས་ང་བཅས་དགེ་སློང་གི་ནང་ལུ་ བསླབ་པ་དགེ་བསྙེན་གསེས་མི་གཅིག་ཡོད། དགེ་སློང་གི་སྡོམ་པ་ཧ་ེམ་ཞུ་མི་འདི་ཚུ་གི་ གྱལ་ལྟག་ལས་སྡོད་དགོ སྡོམ་པ་ཤུལ་ལས་ཞུ་མི་འདི་ཚུ་འདི་ འོག་ལས་སྡོད་དགོཔ་ཨིན།Still then monks have a practisce of sitting in such a way that those who got ordain first should sit first. Obveiously old man had to sit at last.
- མཁན་པོ་སེང་གེ། Khenpo Singayད་ཨ་རྒས་འདི་ལོ་ཚད་ལས་འབད་བ་ཅིན་ ལོ་བརྒྱ་ཐམ་པ་ཡར་སོ་འདུག དེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ དེ་ལས་དགེ་སློང་གཞོནམ་འདི་ཚུ་གིས་ཨ་རྒས་ལུ་ ཏེ་ད་ང་བཅས་འབད་བ་ཅིན་ མོས་མོས་སྐྱུར་དོ་ཡོདཔ་མས། བརྙས་བཅོས་འབད་དོ་ཡོདཔ་མས།The old man was hundred years old and by age he has to sit above all the monks but unfortunately he had to sit below all the monks were monks tease on him.
- མཁན་པོ་སེང་གེ། Khenpo Singayདེ་ལས་ ཡུདཔ་ཅིག་ཁ་ལས་ཨ་རྒས་འདི་ད་རུང་སེམས་ཕམ་འདི་(ཏེ་) ཨ་རྒས་གནམ་མེད་ས་མེད་སེམས་སྐྱོཝ་སྦེ་ ད་ཁྱིམ་ནང་སྡོདཔ་ད་ནི་ ཕར་ཁྱིམ་ནང་སྡོད་པའི་སྐབས་སུ་ལུནི་ ཕར་གྱི་ཁྱིམ་ཚང་དང་ ཕར་གྱི་ཨ་ལོ་འདི་ཚུ་གིས་ཨ་རྒས་ལུ་ གནམ་མེད་ས་མེད་བཀྲ་མ་ཤིསཔ་རང་འབད་དོ་ཡོདཔ་མས།Again old man was very sad. When he was staying at home he was not treated well by family members and his childern.
- མཁན་པོ་སེང་གེ། Khenpo Singayཁྱིམ་ན་སྡོདཔ་དནི་ ཕར་གྱི་མི་འདི་ཚུ་གིས་ བཀྲ་མ་ཤིསཔ་རང་འབདཝ་མས། ད་དེ་བ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་སྦེ་ དགེ་སློང་ཅིག་བཟོ་བ་ཅིན་དྲག་འོང་མནོ་བ་ཅིན། ནཱ་འཛུལ་ཞིནམ་ལསནི་ དགེ་སློང་་་་ ཨ་ནི་དགེ་སློང་གཞོནམ་འདི་ཚུ་གིས་ བཀྲ་མ་ཤིསཔ་རང་འབདཝ་མས།He thought that if he stay at home he was treated very bad by family members and as a monk he is not treated well by younger monks.
- མཁན་པོ་སེང་གེ། Khenpo Singayངེ་གི་མི་ཚེ་འདི་ནང་ལུ་ མ་པ་ལས་ར་ལེགས་ཤོམ་མིན་འདུག་གསེས་ མནོ་བསམ་ཅིག་བཏང་སྦེ་ཞིནམ་ལས་ ཨ་རྒས་འདི་ ཡུདཔ་ཅིག་ཁ་ལས་ ཐག་བཅད་སྦེ་ འ་ནི་ད་ལྟོ་ཆོས་གོ་འདི་ཚུ་ཡང་འབག་སྦེ་ཞིནམ་ལས་ ཆུ་སྦོམ་ཅིག་གི་མའ་མ་ལུ་ ཆུ་སྦོམ་ཅིག་འབབས་ས་གི་མཐའ་མ་ལུ་འགྱོ་སྦེ་ཞིནམ་ལས་ ཆོས་གོ་འདི་ཡང་ཡར་ཤིང་གུ་དཔྱངས་སྦེ་ ཆུ་གུ་མཆོང་སྦེ་ཤི་ནི་གི་སྣང་བ་བཏང་ནུགThe old man felt very sad about his life. He plan to jump in the river after hanging his robe on the tree.
- མཁན་པོ་སེང་གེ། Khenpo Singayཆོས་གོས་འདི་ཚུ་ཡང་ ཡར་དཔྱངས་སྦེ་ཞིནམ་ལས་ ཨ་རྒས་འདི་གིས་སྨོན་ལམ་ག་དེ་སྦེ་བཏབ་ནུག་གོ? གསེས་སླབ་ད་ལུ་ སངས་རྒྱས་དཀོན་མཆོག་ང་གིས་མི་སྤང་། ཆོས་དཀོན་མཆོག་ཡང་ང་གིས་མི་སྤང་། དགེ་འདུན་དཀོན་མཆོག་ཡང་ང་གིས་མི་སྤང་། ང་གིས་ག་ཅི་སྤང་ནི་སྨོ? གསེས་སླབ་ད་ལུ་ ད་ལྟོ་ངེའི་གཟུགས་འདི་སྤངམ་ཨིན་གསེས།After hanging his robe on the tree he prayed before he jump. He prayed as, he is not giving up buddha ratna, precious doctrine and spiritual community but as of now i am giving up my body.
- མཁན་པོ་སེང་གེ། Khenpo Singayངེའི་གཟུགས་འདི་སྤངས་སྦེ་ཞིནམ་ལས་ སྐྱེ་བ་ཕྱི་མ་འདི་ ང་ག་ཏེ་སྐྱེས་ས་ལུ་ ཕྱུགཔོ་ཅིག་ལུ་སྐྱེ་བ་བླང་བཅུག་གསེས། ཨ་རྒས་ཀྱིས་སྨོན་ལམ་འ་ནེ་སྦེ་བཏབ་སྦེ། ཆུ་ནང་མཆོང་ནི་འབདཝ་ཅིག་ ཁོ་ལུ་སྡོམ་པ་གནང་མི་འདི་ མོའུ་གལ་གྱི་བུ་ཨིན་མས། མོའུ་གལ་གྱི་བུ་གིས་ དབའེ་ངེའི་ཉེ་གནས་ཨ་རྒས་འདི་ ག་ཏེ་ཡར་སོངཔ་ཨིན་ན་གསེས་ མངོན་ཤེས་ཅིག་གཟིགས་ནུགAfter i give up this body let me be reborn as one of the rich man. After praying when he was about to jump, lord buddha's disciple ananda thought where could be my disciple old man? he than tried to see him through his clairvoyance.
- མཁན་པོ་སེང་གེ། Khenpo Singayངེ་ཉེ་གནས་ཨ་རྒས་འདི་ ག་ཏེ་ཡར་སོངཔ་ཨིན་ན་གསེས་ མངོན་ཤེས་ཅིག་གཟིགས་འོངམ་ད་ལུ་ ཉེ་གནས་ཨ་རྒས་འདི་ ཆུ་ནང་མཆོང་ནི་འབད་དོ་གསེས་ཨིན་མས།Anandha saw the old man trying to jump in the river through his clairvoyance.
- མཁན་པོ་སེང་གེ། Khenpo Singayདུས་འཕྲོ་ལས་མ་འོང་གལ་གྱི་བུ་རྫུ་འཕྲུལ་གྱིས་སྦེ་འཕུར་བོྱནམ་སྦེ་ ཕར་འགྱོཝ་ཅིག་ ཨ་རྒས་ཆུ་ནང་མཆོང་ནི་འབདཝ་ཅིག་ ཨ་རྒས་འདི་ཡར་ལྟ་བཟུང་སྦེ་ ཆུ་ནང་མཆོང་མ་བཅུག་པར་ ཡར་ལྟ་བཟུང་ཞིནམ་ལས་ དབའེ་ ཆོས་ཀྱི་སྲས་གསེས་གསུངས་སྦེ་ ཆོས་ཀྱི་སྲས་ ཨ་རྒས་ཁྱོད་ག་ཅི་སྦེ་ཆུ་ནང་མཆོངམ་སྨོ? གསེས་ མོའུ་གལ་གྱི་བུ་གིས་ དེ་སྦེ་དྲི་བ་གསུངམ་ད་ལུ།Immidately Ananda flew through his miracle to the place where old man was trying to kill himself. As soon as he reach there he catched him and said, "oh!! son of dharma, son of dharma, why are you jumping in the river"?.
- མཁན་པོ་སེང་གེ། Khenpo Singayཨ་རྒས་ངོ་ཚ་འདི་(སྟེ་)ག་ཅི་ཡང་ཞུ་མ་ཚུགས་པས། དེ་ལས་ཡུདཔ་ཅིག་ཁ་ལས་ ཨ་རྒས་ཀྱིས་མནོ་བསམ་ཅིག་བཏང་ནུག ང་གིས་བློ་བོ་མེནམ་ཅིག་ཞུ་བ་ཅིན་ མོའུ་གལ་གྱི་བུ་གིས་མངོན་ཤེས་མཁྱེན། དེ་མེན་དེ་འབད་རུང་ཡང་ ང་གིས་མགོ་བསྐོར་ཅིག་ཞུ་ད་བ་ཅིན་ བླ་མ་ལུ་མགོ་བསྐོར་གཏང་ནི་ཡང་མི་བཏུབ།The old man felt shy and could not respond even a single word. He theought, if he tell lie or deceive him than he can be able to know that through his miracle.
- མཁན་པོ་སེང་གེ། Khenpo Singayད་འཕྲང་འདི་(སྟེ་)རང་ཞུ་ད་གེ་མནོ་ མནོ་བསམ་ཅིག་བཏང་སྟེ་ དེ་ལས་ཞུ་ནུག ད་ང་ཕར་ཁྱིམ་ནང་སྡོད་པའི་སྐབས་སུ་ནི་ ང་ར་གི་ཁྱིམ་ནང་གི་མི་ཚུ་གིས་ མ་པ་ལས་ར་ང་ལུ་བཀྲ་མ་ཤིསཔ་འབད་དེ་ ང་མ་པ་ལས་ར་དགའ་ཏོག་ཏོ་ཅིག་སྡོད་མ་ཚུགས། ད་འདི་བ་འདི་ན་དགེ་སློང་ཅིག་བཟོ་སྦེ་ཞིནམ་ལས་ དགོན་པ་ལུ་ལྷོད་པ་ཅིན་ སྐྱིད་ཏོང་ཏོ་ཅིག་འོང་མནོ་ མནོ་བསམ་ཅིག་བཏང་སྦེ་དགེ་སློང་བཟོ་དནི་ འདི་ནང་ལུ་ཡང་དགའ་ཏོག་ཏོ་ཅིག་མིན་འདུགHe decided to tell the truth. When i was at home my family member did not treat me well. I thought if i become a monk and stay at monastry, i thought there will be peace but then when i reach there younger monks are teasing me and not treating me well.
- མཁན་པོ་སེང་གེ། Khenpo Singayདེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ད་ང་གིས་དཀོན་མཆོག་གསུམ་འདི་མི་སྤང་ ཨིན་འདི་འབད་རུང་ ང་གི་གཟུགས་འདི་ ད་ལྟོ་གི་གཟུགས་འདི་ མི་དགོ་པས་མནོ་སྟེ་གིས་སྦེ་ ད་ང་ཤི་ནི་གི་འདི་ཨིན་གསེས་ ཏེ་མོའུ་གལ་གྱི་བུ་ལུ་འ་ནེ་སྦེ་ཞུ་འབདཝ་ད་ལུ་ དེ་ལས་མོའུ་གལ་གྱི་བུ་གིས་ ཡ་་་་ ཨ་རྒས་ཁྱོད་ དེ་སྦེ་མ་འབད་ ད་ཁྱོད་ར་ མནོ་བསམ་ལེགས་ཤོམ་སྦེ་ཅིག་བཏང་སྦེ་ ཁྱོད་ར་ངེའི་ཆོས་གོ་གུ་སྒྲིང་སྒྲི་འབད་བཟུང་སྨ་རེད་གསེས་ ངེའི་ཆོས་གོ་གུ་སྒྲིང་སྒྲི་བཟུང་མ་རེད་གསེས་གསུངས་སྦེ་ཞིནམ་ལས། མོའུ་གལ་གྱི་བུ་གི་ཆོས་གོ་གུ་ ཨ་རྒས་གིས་བཟུང་སྦེ་ཞིནམ་ལས་ མོའུ་གལ་གྱི་བུ་གི་རྫུ་འཕྲུལ་གྱིས་འབད་ ཨ་རྒས་འདི་གནམ་ཁར་འཕུར་བྱོན་ནུགThat is why i will never give up triple gem but i want to give up this body and die. Anandha told to old man that he should not be sad. Then the old man was asked to catch robe of anandha and through his miracle he flew in the sky.
- མཁན་པོ་སེང་གེ། Khenpo Singayའཕུར་སྦེ་འགྱོཝ་ད་ལུ་ རྒྱ་མཚོ་ཕ་རོལ་ལུ་སྐྱེལ་བཞག་ནུག ཏེ་རྒྱ་མཚོ་་་་་ རྒྱ་མཚོ་ཕར་ཁ་ལུ་ལྷོདཔ་ད་ལུ་ ཏེ་ཨ་རྒས་ཀྱི་སྣང་བ་ལུ་ ད་མོའུ་གལ་གྱི་བུ་གིས་འ་ནེ་སྦེ་བཏོན་ནུག རྒྱ་མཚོ་ཕ་ཁར་ཅིག་ཁར་ལྷོདཔ་ད་ལུ་ བུམོ་འཇའ་རིསམོ་གཅིག་ བུམོ་འཇའ་རིསམོ་ཅིག་གི་ བུམོ་འཇའ་རིསམོ་ཅིག་གི་རོགས་ཅིག་གུ་ལུ་ ཁ་ནང་ལས་སྦུལ་ཅིག་འཐོནམ་མས་གསེས་མས།Meanwhile they reach to island. On the island there was a deadbody of beautiful girl with snake comming her mouth.
- མཁན་པོ་སེང་གེ། Khenpo Singayཁ་ནང་ལས་སྦུལ་འཐོན་སྦེ་ཞིནམ་ལས་ སྦུལ་འདི་ལོག་སྟེ་གིས་ལྷ་པ་ནང་ལས་ཡར་ལྟ་འཛུལ། ལྷ་པ་ནང་ལས་སྦེ་ཞིནམ་ལས་ མིག་ཏོ་ནང་ལས་ཚུར་ལྟ་འཐོན། མིག་ཏོ་ནང་ལས་སྦེ་ རྣམ་ཅོ་ནང་ལས་ཕར་ ཕར་ལྟ་འཛུལ། བུམོ་འཇའ་རིསམོ་གི་གཟུགས་ཅིག་ལུ་ འ་ནེ་སྦེ་འཛུལ་ས་མཐོང་། དེ་ལས་ཨ་རྒས་རྣམ་རྟོག་ལངས་ དབའེ་ག་ཅི་ཨིན་ན་གསེས་ མོའུ་གལ་གྱི་བུ་ལུ་ཞུཝ་ད་ལུ།Snake came out from the mouth and entered to nose, from nose to eyes and similarly from eyes to ears. The old man became suspicious as he saw such thing happening to a beautiful girl and asked to Anandha.
- མཁན་པོ་སེང་གེ། Khenpo Singayམོའུ་གལ་གྱི་བུ་གིས་ ཨ་རྒས་ཁྱོད་ར་སྡོད་ཤིག ད་ལྟོ་དུས་ཚོད་མ་རན། ང་གིས་ཁྱོད་ལུ་སྟོན་ནི་གི་དུས་ཚོད་མ་རན། ད་རུང་ཡང་ཤོག་ཤིག་གསུངས་སྦེ་ ད་རུང་ཡང་ཁྱིད་འགྱོ་ནུག ད་རུང་ཡང་ཁྱིད་འགྱོ་སྦེ་ ཕར་ཕར་ཅིག་ཁར་ལྷོདཔ་ད་ལུ་ ཨམ་སྲུ་ཅིག་དང་ད་རུང་བུམོ་འཇའ་རིསམོ་ཅིག་གིས་ ཟངས་སྦོམ་ཅིག་ནང་ལུ་ཆུ་བླུགས་ ཧེ་མ་རང་ཆུ་བླུགས་མས་གསེས་ཨིན་མས།Anandha didnot disclose about it as it was not right time for old man to know. Again Anandha took him to other place, there he saw a woman and a girl pouring a water in big pot.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཆུ་བླུགས་ཚར་ཞིནམ་ལས་ དེ་ལས་མེ་འཕུཝ་མས་གསེས་ཨིན་མས་ འོག་ལས། མེ་འཕུ་སྦེ་ཡུདཔ་ཅིག་ཁ་ལས་ ཆུ་འདི་འཁོལ་རནམ་ཅིག་ མོ་རང་གོ་ལ་ཤུབས་སྦེ་ འ་ནི་ནང་འཛུལཝ་མས་གསེས་ཨིན་མས་ ཆུ་ཚ་ཏོམ་ནང་། ཡུདཔ་ཅིག་ཁ་ལས་ ཆུ་འདི་མར་ལས་ཡར་ལྟ་འཁོལ་ཡི་འཁོལ་ཡི་འོངམ་ད་ ཡུདཔ་ཅིག་ཁ་ལས་ འ་ནི་བུམོ་འདི་གི་སྐྱ་འདི་ཚུ་ག་ར་ མར་ལྟ་ཆུ་ནང་ན་འབུད་འགྱོ། སེན་མོ་ག་ར་འབུད་འགྱོ། རུ་ཏོ་དང་ལྷ་པ་འདི་ཚུ་ག་ར་མར་ག་ར་ཤུབས་འགྱོ་བའི་ཤུལ་ ཡུདཔ་ཅིག་ཁ་ལས་ཆུ་འདི་རྦ་རླབས་འཁྲུགས་འོངམ་ད་ལུ་ རུ་ཏོག་འདི་ཚུ་ག་ར་ མར་ཕྱི་ཁར་བཏོན་ འ་ནི་ཟངས་གི་(ཀྱི་)ཕྱི་ཁར།Aftering pouring water, they prepare fire. After sometime water started to boil and they took off their cloths entered in the pot. When water started to boil with higher temperature their hair, nail and flesh aparted from bone. And their skeleton came out from pot.
- མཁན་པོ་སེང་གེ། Khenpo Singayཕྱི་ཁར་འཐོན་སྦེ་ རུ་ཏོ་འདི་ཚུ་ཕྱི་ཁར་འཐོན་སྦེ་ འ་ནི་བར་ན་ རུ་ཏོ་འདི་གུ་རླུང་མ་ཕོག་སྦེ་ རུ་ཏོ་འདི་གུ་རླུང་མ་ཕོགཔ་ད་ལུ་ ཡུདཔ་ཅིག་ཁ་ལསནི་ འ་ནི་བུམོ་གི་གཟུགས་འདི་ ད་རུང་རུ་ཏོག་གུ་ཡར་ལྟ་ཆགས།When her skeleton came out from the pot, it became as usual with flesh when her body came in contact with wind.
- མཁན་པོ་སེང་གེ། Khenpo Singayབུམོ་མོ་ར་གི་གཟུགས་འདི་ རུ་ཏོག་གུ་ལུ་ཡར་ལྟ་བཀལ་སྦེ་ཞིནམ་ལས་ ཡུདཔ་ཅིག་ཁ་ལས་ ཨ་ཡར་ཟངས་ནང་ཡོད་པའི་ཤ་འདི་ མོ་ར་གིས་བཟའཝ་མས་གསེས་ཨིན་མས། དེ་ལས་ཨ་རྒས་འདྲོག་པའི་ཤུགས་ཀྱིས་ དབའེ་འ་ནི་འདི་ག་དེ་སྦེ་ཨིན་ན་གསེས། མོའུ་གལ་གྱི་བུ་ལུ་དྲི་བ་བཀོདཔ་ད་ལུ། ད་རུང་མོའུ་གལ་གྱི་བུ་གིས་ ག་དེ་སྦེ་གསུངས་ནུག་གོ? གསེས་སླབ་ད་ལུ་ ཨའི་་་་་ ཨ་རྒས་ཁྱོད་ར་སྡོད་ཤིག ད་ལྟོ་དུས་ཚོད་མ་རན་ ང་གིས་དུས་ཚོད་རནམ་ད་ལུ་ ཁྱོད་ལུ་སྟོན་ནི་གསེས་ ད་རུང་དེ་སྦེ་གསུངས་གནང་ནུགWhen her body became as usual she ate her own flesh from pot. The old man felt scared and asked Anandha about that but didnot disclosed as it was not a right time for old men to know. Anandha promised to tell him when right time comes.
- མཁན་པོ་སེང་གེ། Khenpo Singayད་རུང་ནཱ་ལས་ཕར་ ད་རུང་ཤོག་ཤིག་ གསེས་འགྱོཝ་ད་ལུ་ ཤིང་སྦོམ་ཅིག་གི་རྩ་བ་ལྷོདཔ་ད་ལུ་ ཤིང་འདི་གུ་ང་བཅས་ར་འབུབ་གྱོག་མོ་བཟུམ་སྦེ་ འབུབ་ལྟེམ་ལྟེ་གིས་ འ་ནི་ཤིང་འདི་བཟའཝ་མས་གསེས་མས། ཤིང་འདི་བཟའཝ་ད་ལུ་ ཤིང་འདི་གནམ་མེད་ས་མེད་ ཟུག་རྐྱབ་སྟེ་གིས་སྦེ་ གནམ་མེད་ས་མེད་སྔུ་བའི་སྐད་ འ་ནེ་སྦེ་བཟའ་ས་མཐོང་ཡི་གསེས་མས། ད་རུང་ཨ་རྒས་ཀྱིས་ འ་ནི་འདི་ག་ཅི་ཨིན་ན་གསེས་ཞུཝ་ད་ལུ་ ད་རུང་དུས་ཚོད་མ་རན་ ང་གིས་ད་རུང་ཤུལ་ལས་སྟོན་གེ་གསེས་གསུངས་ནུགAgain Anandha took old man to some other place, there when they reached near a big tree he saw the tree is being covered by small insects and eating. The old man heared a sound of crying out of pain. The old man asked to Anandha but didnot disclosed as it was not a right time.
- མཁན་པོ་སེང་གེ། Khenpo Singayད་རུང་ནཱ་ལས་ཕར་ཅིག་འགྱོ་འབདཝ་ད་ལུ། མི་གི་མགུ་ཏོ་འདི་སེམས་ཅན་གྱི་་་་ གཅན་གཟན་གྱི་མགུ་ཏོ་ཨིན་པ་ལ་ ངོ་མ་འདི་ང་བཅས་ར་གི་མི་་་་ མི་བཟུམ་འབད་མི་ཅིག་ ཡི་དྭགས་ལེ་ཤ་ཅིག་གི་སྦུག་ན་བཙུགས་སྦེ་ཞིནམ་ལས་ ཡི་དྭགས་འདི་ཚུ་གིས་ འ་ནི་མི་འདི་གུ་མདའ་རྐྱབ་ཅིག་ར་ མདའི་གི་མདའ་ལྕགས་གུ་ལས་ཡང་ མེ་འབར་སྟེ་གིས་སྦེ་ འ་ནི་མི་འདི་གུ་འ་ནེ་སྦེ་རྐྱབ་ས་མཐོང་ཡི་གསེས། མི་འདི་ག་ཏེ་ཡང་ འབྱོག་མ་ཚུགས་པར་ ག་ཏེ་འབྱོག་ཚརཝ་ཅིག་ བསྐོར་ར་རྐྱབ་སྟེ་ འ་ནི་སྦེ་བསད་ས་མཐོང་ཡི་གསེས། དེ་ཡང་ད་རུང་ཨ་རྒས་ཀྱིས་ མོའུ་གལ་གྱི་བུ་ལུ་དྲི་བ་ཞུ་ནུག འདི་ག་དེ་སྦེ་ཨིན་ན་གསེས་ཞུཝ་ད་ལུ་ དེ་ཡང་ད་ལྟོ་ཨ་ཙི་སྡོད་ཤིག ང་ལོག་སྟོན་གེ་གསེས།On the way he also saw a creature with body of a men with lepord's head. He was sourrounded by pretas. They shoot him with arrow with fire on the metal tip. He could not escape from them. Where ever he goes pretas followed him and shoot. Old man felt pity and asked to Anandha but again denied to answer.
- མཁན་པོ་སེང་གེ། Khenpo Singayད་རུང་ནཱ་ལས་ཕར་ཅིག་འགྱོཝ་འབདཝ་ད་ལུ་ ཡུདཔ་ཅིག་ཁ་ལས་ ང་བཅས་ར་གི་མི་གི་རུ་ཏོ་ མི་གི་རུ་ཏོ་ ཡར་རི་བཟུམ་ཅིག རི་རྒྱལ་པོ་རི་རབ་བཟུམ་སྦེ་ གནམ་མེད་ས་མེད་ཀྱི་དཔག་ཚད་བདུན་བརྒྱ་དེ་ཅིག་མཐོང་ཡི། མི་གི་རུ་ཏོ་ འ་ནི་གུ་ལུ་ མོའུ་གལ་གྱི་བུ་འཛེགས། མོའུ་གལ་གྱི་བུ་དང་ཅིག་ཁར་ ཁོ་ཡང་འཛེགས་སྦེ་ཞིནམ་ལས།Further more on the way he saw collection of skeletons like huge mountains which be measured around seven miles high. Anandha took him on the top of skeletons.
- མཁན་པོ་སེང་གེ། Khenpo Singayའ་ནི་འདི་ག་ཅི་ཨིན་ན་གསེས་ཞུཝ་ད་ལུ་ དེ་ལས་མོའུ་གལ་གྱི་བུ་གིས་གསུངས་ནུག འ་ནི་འདི་ཁྱོད་ར་སྐྱེ་བ་སྔ་མ་གི་ ཁྱོད་ཀྱི་རུ་ཏོ་འདི་ཨིན་སྨ་རེད་གསེས་གསུངས་ནུགWhen old man asked "what is this"?. Then Anandha answered " this are your skeletons of your body in Pervious life".
- མཁན་པོ་སེང་གེ། Khenpo Singayའ་ནི་གསུངས་སྦེ་ཞིནམ་ལས་ དེ་ལས་འབདན་ ད་ད་ཅི་གི་ཡར་ལས་མར་མཐོང་མི་འདི་ཚུ་གི་ འ་ནི་ཅིག་སྟོན་གནང་གསེས་ཞུ་ད་ལུ་ དེ་ལས་ཏེ་ འ་ན་ལས་མར་ (རིང་བསྲེལ་གྱི་) ལོ་རྒྱུས་འདི་ཚུ་གསུངས་ནུགAfter that, old man asked for the expalnations of the events that he saw before. Then Anandha told whole story.
- མཁན་པོ་སེང་གེ། Khenpo Singayཡ་ད་ཅི་ཡར་ལུ་ ཧེ་མ་འགོ་དང་པ་རང་ བུམོ་འཇའ་རིསམོ་ཅིག་གི་གཟུགས་གུ་ལུ་ སྦུལ་ཅིག་ཁ་ནང་ལས་འཐོན། ལྷ་པ་ནང་ལས་འཛུལ། དེ་ལས་མིག་ཏོ་ནང་ལས་འཐོན། རྣམ་ཅོ་ནང་ལས་འཛུལ་ནི་གི་ འ་ནི་དེ་ག་སྨོ? གསེས་སླབ་པ་ཅིན་ ཧེ་མ་རྒྱལ་པོའི་ཁབ་ལུ་ ཁྱིམ་བདག་ཅིག་ཡོད་ ཕོ་རྒྱ་ཅིག འ་ནི་ཕོ་རྒྱ་འདི་གི་ཨམ་སྲུ་ཨིན་གསེས།The one you saw in the beganning, beautiful girl with snake rotating from mouth, nose, eyes and ears is the wife of a men who was a ownner of a house long time back.
- མཁན་པོ་སེང་གེ། Khenpo Singayཕོ་རྒྱ་འདི་དང་ཨམ་སྲུ་འདི་གནམ་མེད་ས་མེད་ གཅིག་གིས་གཅིག་ལུ་ བརྩེ་ཏོག་ཏོ་སྦེ་སྡོད་པའི་བར་ན་ ཕོ་རྒྱ་འདི་ རྒྱ་མཚོ་ནང་ལུ་ ཚོང་དཔོན་ལྔ་བརྒྱ་དང་ཅིག་ཁར་ ནོརབུ་བཏོན་པར་འགྱོཝ་ད་ལུ་ ཨམ་སྲུ་འདི་ཡར་བཞག་མ་ཚུགས་པར་ ཏེ་ཨམ་སྲུ་དེ་ཡང་ཅིག་ཁར་ཁྱིད་འགྱོ་འགྱོཝ་ཨིན་གསེས།That husband and wife had a great sense of love and affection in such a way that they could not depart eachother. One day hunband went to bring jewel with fivehundred other business men. During that time he could not keep his wife at home, so he took with him.
- མཁན་པོ་སེང་གེ། Khenpo Singayཨམ་སྲུ་འདི་ཅིག་ཁར་ཁྱིད་འགྱོཝ་ད་ལུ་ ཨམ་སྲུ་འདི་མོ་རའི་གཟུགས་འདི་ འཇའ་རིསམོ་འབད་ནི་དེ་གིས་ མོ་རའི་གཟུགས་ལུ་གནམ་མེད་ས་མེད་ཆགས་པ་བསྐྱེད་དོ་ཡོདཔ་མས། ངེའི་གཟུགས་བ་ལེགསཔ་ཅིག་ག་ཡང་མེད། ངེ་གི་གཟུགས་རང་ཨིན་གསེས་བའི་གི་ཆགས་པ་བསྐྱེད་སྡོད་པའི་བར་ན་རང་ ང་ར་གི་གཟུགས་རང་གནས་མེད་ས་མེད་ལེགས་ཤོམ་ཨིན་གསེས་ ཆགས་པ་བསྐྱེད་སྡོད་སྡོད་པའི་བར་ན་ར་ མར་རྒྱ་མཚོ་ནང་ན་ལྷོདཔ་ཅིག་ རུས་སྦལ་སྦོམ་ཅིག་གིས་ གྲུ་འདི་མར་ལྷོག་གཏངམ་ད་ལུ་ ཚོང་དཔོན་ལྔ་བརྒྱ་འདི་འ་ནི་ཁ་ལུ་ཤི་སོངཔ་ཨིན། ཨམ་སྲུ་འདི་འ་ནི་ཁ་ལུ་ཚེ་ཕོས་སོངཔ་ཨིན་གསེས།While she was moving with her husband and five hundred other business men, she thought that there is no one who is beautiful than her. When they reach on the ship, a giant tortoise powerfully ruin the pleasure by throwing the ship topsy-terry. All the people died on the spot.
- མཁན་པོ་སེང་གེ། Khenpo Singayད་འ་ནི་འདི་ མོ་ཤི་རནམ་ད་ལུ་ མོ་རའི་གཟུགས་ལུ་ཆགས་པ་བསྐྱེད་དེ་སྦེ་ཤི་ནི་དེ་གིས་ འ་ནི་གིས་ རང་གི་གི་གཟུགས་ལུ་ཆགས་པ་བསྐྱེད་ནི་དེ་གིས་ སྦུལ་ཅིག་ལུ་སྐྱེ་བ་ལངས་ལངསམ་ཨིན་གསེས།Since she had a great desire on her own appearence, she was reborn as snake after her death.
- མཁན་པོ་སེང་གེ། Khenpo Singayསྦུལ་ཅིག་ལུ་སྐྱེ་བ་ལངས་སྦེ་ ད་ལྟོ་འ་ནེ་སྦེ་འཛུལ་དགོ་མི་རྒྱུ་མཚན་འདི་ རང་གི་གི་གཟུགས་འཇའ་རིསམོ་འདི་ལུ་ཆགས་པ་སྐྱེད་ནི་དེ་གིས་ ད་ལྟོ་འ་ནེ་སྦེ་སྐྱེ་་་་ འ་ན་སྐྱེས་དགོ་པའི་རྒྱུ་མཚན་འདི་འ་ནི་ཨིན། ཏེ་ད་ང་བཅས་ར་གིས་ རང་ཤི་རནམ་ད་ལུ་ རང་གི་གི་གཟུགས་ལུ་ཆགས་པ་སྐྱེཝ་འདྲཝ་ཅིག་འབད་བ་ཅིན་ འ་ནི་ནང་ལུ་སྐྱེ་འོང་གསེས་ མོའུ་གལ་གྱི་བུ་གིས་ལས་གཅིག་་་་་ ལས་གཅིག་འ་ནི་སྟོན་གནང་ནུགThe meain reason for her to be born here with snake on her body is that she had a great desire on her beautiful appearence. If we ever desire on our own appearence before we die then we will be reborn like her.
- མཁན་པོ་སེང་གེ། Khenpo Singayདེ་ལས་གཉིས་པ་འདི་ གཉིས་པ་འདི་ག་ཅི་སྨོ་གསེས་བ་ཅིན་ བུམོ་ཅིག་གིས་ད་ ཟངས་ནང་ལུ་ཆུ་བླུགས་ཏེ་གིས་སྦེ་ ཏེ་ཡུདཔ་ཅིག་ཁ་ལས་མོ་རང་འདི་ནང་འཛུལ་ མོ་རང་གི་ཤ་དང་རུ་ཏོ་ག་ར་སོ་སོར་འགྱོ། རུ་ཏོ་ཕྱལ་སྦེ་ཞིནམ་ལས་ རུ་ཏོ་འདི་མོ་རའི་གཟུགས་ཆགས་ ཏེ་མོ་གིས་ད་རུང་ཡར་ཤ་བཟའ་འབད་མི་ག་སྨོ་གསེས་དྲིཝ་ད་ལུ།Then old man asked about second one about girl boiling her own body and eating her own flesh.
- མཁན་པོ་སེང་གེ། Khenpo Singayདེ་ལས་མོའུ་གལ་གྱི་བུ་ཡང་ གནམ་མེད་ས་མེད་ཐམས་ཅད་མཁྱེན་པ་ཨིན་པས། ཧེ་མ་གི་ལོ་རྒྱུས་ག་ར་ འ་ནི་དེ་ ག་དེ་སྦེ་སྨོ་གསེས་བ་ཅིན་ ཧེ་མ་ཧེ་མ་ གསེས་གསུངས་ནུག དགེ་བསྙེན་མ་ཅིག་ཡོདཔ་མས་གསེས། དགེ་བསྙེན་མ་གསེས་མི་འདི་ང་བཅས་ ཨམ་སྲུ་དགེ་བསྙེན་གྱི་སྡོམ་པ་ཞུ་སྦེ་ཞིནམ་ལས་རོགས་ ཨམ་སྲུ་ལེགས་ཤོམ་ཅིག་ཡོད་དོཝ་མས།Anandha told him, in her previous life she was enlighten one. She was fully ordained women.
- མཁན་པོ་སེང་གེ། Khenpo Singayདེ་ལུ་གཡོག་རྐྱབ་མི་གི་བུམོ་ཅིག་ཡང་ཡོད་དོ་ཡོདཔ་མས། འ་ནེ་སྦེ་འབདཝ་ད་ལུ་ དགེ་བསྙེན་མ་འདི་གིས་ ད་ལྟོ་དབྱར་གནས་ཀྱི་ཟླཝ་གསུམ་འདི་ལུ་ དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཅིག་ མར་གདན་འདྲེན་ཞུ་སྦེ་ ཁྱིམ་གྱི་ཟུར་ཁ་ཅིག་ཁ་ལུ་ ཁྱིམ་སོ་སོ་ཅིག་སྤྲོད་སྦེ་ཞིན་ན་ འ་ན་ལུ་གསོལཝ་ཚོགས་མོ་གིས་ཨ་རྟག་རང་ ཟླཝ་་་་ ཟླཝ་གསུམ་འདི་མོ་གིས་དྲངས་དྲངསམ་མས།She had a servent too. During the times of summer retreat she brought a monk who followed strict conduct and gave him seprate room and sponsored meals for three months.
- མཁན་པོ་སེང་གེ། Khenpo Singayཏེ་དྲངམས་ད་ལུ་ ཕར་དྲངས་མི་འདི་འ་ནི་གཡོག་མོ་འདི་ཨིནམ་འོང་ནི་མས། གཡོག་རྐྱབ་མི་བུམོ་དེ། མོ་གིས་བཞེས་སྒོ་ལེགས་ཤོམ་བཟོ་འདི་(སྟེ་)ར་ ཕར་དྲངསམ་ད་ལུ་ གཡོག་མོ་དེ་གིས་ག་དེ་སྦེ་འབད་ནུག་གོ་གསེས་སླབ་ད་ལུ།Although food was special and offered in a name of enlightened women it was prepared by her servent.
- མཁན་པོ་སེང་གེ། Khenpo Singayཕར་མ་ལྷོདཔ་ཅིག་ཁ་ལས་ ལེགས་ཤོམ་དེ་མོ་ར་བཟའ། ལྷག་མཇུག་དེ་ འ་ནི་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་འདི་ལུ་ དྲངས་དྲངསམ་འོང་ནི་མས། ཡུདཔ་ཅིག་ཁ་ལས་ དབྱར་གནས་ཟླཝ་གསུམ་འདི་ དབྱར་གནས་ཟླཝ་གསུམ་དེ་མ་གྲོལཝ་ལས་ར་ འ་ནི་བུམོ་དེ་ གནམ་མེད་ས་མེད་ཀྱིས་གཟུགས་འདི་ཚུ་དོལ་རི་རི་སྦེ་འགྱོ་འབདཝ་ད་ལུ་ མོ་ར་གི་ཨ་ནི་དགེ་བསྙེན་མ་འདི་གིས་ཡང་ མནོ་བསམ་ཅིག་བཏང་ནུག དབའེ་ང་གིས་ཕར་དགེ་སློང་ལུ་ཕུལ་མི་གི་བཞེས་སྒོ་ལེགས་ཤོམ་དེ་ ཁྱོད་ཀྱིས་བཟའ་དཔ་འདྲས་མེན་ན་གསེས་དྲིཝ་ད་ལུ་ དེ་ལས་མོ་གིས་ག་དེ་སྦེ་ཞུ་ནུག་གོ་ མོ་ར་གི་ཨ་ནི་དགེ་བསྙེན་མ་འདི་ལུ།Althought food was prepared in special manner but the servent ate before she offer to monk and gave leftover food to monk. The enlightened women knew about it when servent became very healthy and fat. So she asked her servent, "instead of serving special food to monk, you might have eaten".
- མཁན་པོ་སེང་གེ། Khenpo Singayདགེ་སློང་ལུ་ང་ཡང་དད་པ་ཡོད། ང་གིས་འ་ནི་བཟུམ་དེ་བཟའ་རང་མ་བཟའ་གསེས། ཨ་ཙི་རེ་བཟའ་ཡི་ འ་ནི་དེ་ དགེ་སློང་ཁོ་ར་གིས་ཚུར་ལྟ་གསོལ་རས་སྦེ་གནང་མས། འ་ནི་རྐྱངམ་ཅིག་བཟའ་ཡི། དེ་སྦེ་འབད་ཞིནམ་ལས་ ན་གིས་དགེ་སློང་ལུ་ཕུལ་མི་ཕུད་དེ་ ང་གིས་བཟའ་དཔ་འདྲཝ་ཅིག་འབད་བ་ཅིན་ བཟའ་ནི་བཟའ་ནུག་བ་ དེ་འབདཝ་ད་ལུ་ ང་གིས་འ་ནི་བཟའ་དཔ་འདྲཝ་ཅིག་འབད་བ་ཅིན་ ང་ཚེ་ག་ཏེ་ཕོས་ས་ཅིག་ཁ་ལུ་ ང་ར་གི་ཤ་བཟའ་མི་ལུ་སྐྱེ་བར་ཤོག་གསེས་ མོ་གིས་སྨོན་ལམ་འ་ནེ་སྦེ་བཏབ་བཞག་ནུགI have faith on monk. I havent ate before i offer to him. Some times i use to eat little, that is also a leftover food of monk after he eat. If you dont believe me, i will pray to be reborn as a creature that eat her own flesh if i have lied on you.
- མཁན་པོ་སེང་གེ། Khenpo Singayདེ་འབད་ནི་དེ་གིས་ མོ་འ་ཕི་ནང་ལུ་སྐྱེ་བ་ལེན། མོ་འདི་འ་ཕི་ནང་ལུ་སྐྱེ་བ་ལེན་སྦེ་ཞིནམ་ལས་ དེ་ལས་མོ་ར་གི་ཤ་བཟའ་དགོ་མི་རྒྱུ་མཚན་འདི་ འ་ནི་སྦེ་ཐུག་སོངཔ་ཨིན་གསེས་ འ་ནི་ཨིན་མས་ལགས།This is the reason that today she is reborn in such condition.
- མཁན་པོ་སེང་གེ། Khenpo Singayའ་ནེ་སྦེ་འབད་ ང་བཅས་ར་ ག་ཏེ་འ་ནི་ཕོད་་་་ ཕུད་ཕུལཝ་ད་ལུ་ ཕུད་དེ་ར་ཡར་ལྟ་ཕུལ་དགོ་དོ་ཡོདཔ་མས། ཕུད་འདི་རང་གིས་བཟའ་ ལྷག་མཇུག་དེ་ཕུལ་བ་ཅིན་ ལྟ་མ་འ་ནི་བཟུམ་གྱི་ཉེན་ཁ་ རྣམ་སྨིན་གསེས་མི་འདི་ འ་ནེ་སྦེ་འབྱུང་དོ་ཡོདཔ་མས།In line with above, we should know that it is important for us to offer before we eat rather than offering after we eat.
- མཁན་པོ་སེང་གེ། Khenpo Singayདེ་ལས་གསུམ་པ་འདི་ དེ་ལས་གསུམ་པ་འདི་ འ་ནི་ད་ ཤིང་སྦོམ་ཅིག་གི་གུ་ལུ་ འབུབ་འདི་ཚུ་ལྟེམ་ལྟེ་སྦེ་ ཤིང་དེ་སོ་བཏབ་ད་ལུ་ ཤིང་དེ་གནམ་མེད་ས་མེད་གི་(ཀྱི་) ཤིང་ནང་ལས་སྔུ་བའི་གི་སྒྲ་ ད་འ་ནེ་སྦེ་གོ་མི་དེ་ ག་སྨོ་གསེས་ཞུཝ་ད་ལུ།Third incident that you saw the tree being covered by insects and crying out of pain was due to
- མཁན་པོ་སེང་གེ། Khenpo Singayཏེ་ག་དེ་སྦེ་གསུངས་ནུག་གོ་གསེས་སླབ་ད་ལུ་ དེ་ལས་འ་ནི་དེ་ ཧེ་མ་་་་་ འདི་ལྟར་་་་ འདི་ལྟ་གསེས་མི་ཅིག་ འ་ནི་དགེ་སློང་གི་གནསཔ་ཅིག་ཨིན་ལགས། འ་ནི་དགེ་སློང་གི་གནསཔ་དེ་གིས་ ག་དེ་སྦེ་འབད་ནུག་གོ་གསེས་སླབ་ད་ལུ་ རོགས་འཕགས་པའི་དགེ་འདུན་དེ་ཚུ་ལུ་ ཕུལ་བཞག་མི་གི་ཕུལ་ཆ་གི་རིགས་ འཕགས་པའི་དགེ་འདུན་ འཕགས་པའི་དགེ་འདུན་འདི་ཚུ་ལུ་ཕུལ་བཞག་མི་གི་ཆུམ། མར། འ་ནི་ཚུ་གི་རིགས་དེ་ཚུ་ ཁོ་གིས་ག་དེ་སྦེ་འབད་ནུག་གོ་གསེས་སླབ་ད་ལུ།There was a caretaker who looks after monk's property. He took away all the things that were offered for monks and distributed among family and other people.
- མཁན་པོ་སེང་གེ། Khenpo Singayཁོ་ར་གི་སྤུན་ཆ་དེ་ཚུ་ལུ་ ཕར་སྦྱིན་པ་གཏང་པར་འབག་འབགཔ་མས། ཏེ་ཁོ་ར་གི་སྤུན་ཆ་དེ་ཚུ་ལུ་ ཕར་རང་གི་གི་སྤུན་ཆ་ལུ་ ཕར་མི་གནགཔོ་དེ་ཚུ་ལུ་སྦྱིན་པ་གཏང་ནི་དེ་གིས་ འ་ནི་གི་སྐྱེ་བ་ཤུལ་མ་ གནསཔོ་དེ་ཁོ་རང་ཤིང་འ་ནི་ལུ་སྐྱེ། དེ་ལས་ཨ་ནི་སྦྱིན་པ་ཞུ་མི་གི་སྤུན་ཆ་གི་རིགས་འདི་ཚུ་ལུ་ ག་ཅི་གི་་་་་ ག་ཅི་ལུ་སྐྱེ་ནུག་གོ་གསེས་བ་ཅིན་ ཨ་ན་འབུབ་དེ་ཚུ་ལུ་སྐྱེས་སྦེ་ཞིནམ་ལས་ དགེ་སློང་ན་ལས་སྦྱིན་པ་ཞུ་མི་དེ་ འ་ནི་ཚུ་ཨིན་གསེས་ འབུབ་དེ་ཚུ།He took it to distribute among his relatives and other common people. Now he is reborned as tree and the insects which covered tree was those people who ate the things that he gave which actually did not belonged to him.
- མཁན་པོ་སེང་གེ། Khenpo Singayད་འ་ནི་བཟུམ་འབདཝ་ད་ལུ་ ང་བཅས་ར་གི་ལས་ཀྱི་རྣམ་པར་སྨིན་པ་དེ་ གནམ་མེད་ས་མེད་གི་(ཀྱི་)བསམ་གྱིས་མི་ཁྱབ་པ་འདུག་གསེས།So if we do such thing then we have to bear great sin.
- མཁན་པོ་སེང་གེ། Khenpo Singayདེ་ལས་བཞི་པ་འདི་ ད་བཞི་པ་འདི་ བཞི་པ་འདི་ང་བཅས་ར་གི་མིའི་གཟུགས་གུ་ གཅན་གཟན་གྱི་མགུ་ཏོ་སྦེ་སྦེ་ཞིནམ་ལས་ ཡི་དྭགས་ལེ་ཤ་ཅིག་གིས་ མར་གསད་སར་མཐོང་མི་དེ་ག་སྨོ་གསེས་ཞུཝ་ད་ལུ།The fourth one that we saw a men with lepord's head, sourrounded by pretas trying to kill him was
- མཁན་པོ་སེང་གེ། Khenpo Singayད་འ་ནི་དེ་ ཧེ་མ་ཚེ་སྔ་མ་ཁོ་ར་འདི་ ཤ་རོགསཔ་ཅིག་ཨིན་མས་གསེས། ཁོ་ར་ཤ་རོགསཔ་འབད་ནི་དེ་གིས་ ཁོ་གིས་འཇིག་རྟེན་མི་ཡུལ་ལུ་སྡོདཔ་ད་ལུ་ སེམས་ཅན་རང་བསད་ནི་དེ་གིས་ སེམས་ཅན་རང་བསད་ནི་འདི་གིས་ འ་མི་ནང་ལྷོདཔ་ད་ལུ་ ཨ་ན་རང་གི་གིས་བསད་མི་གི་སེམས་ཅན་འདི་ཚུ་ ག་ར་ཡི་དྭགས་ལུ་སྐྱེས་ རང་འདི་འ་ན་སྦུག་ན་སྦེ་སྦེ་ཞིནམ་ལས་ འ་ནི་ཡི་དྭགས་དེ་ཚུ་གིས་ ཁོ་རང་འ་ནི་གིས་བསད་བསདཔ་འོང་ནི་མས་་་་་ བསད་བསདཔ་མས་གསེས།He was hunter in his previous life. He use to kill animals all the time and now the animal that he killed is borned as pretas. And noe pretas are killing him because of this reason.
- མཁན་པོ་སེང་གེ། Khenpo Singayའ་ནེ་འབདཝ་ད་ལུ་ ད་ལྟོ་ང་བཅས་ར་ ནཱ་སྡོདཔ་ད་ལུ་ སེམས་ཅན་སྲོག་གཅོད་འབདཝ་འདྲཝ་ཅིག་འབད་བ་ཅིན་ འ་ནི་ནང་ལུ་ལྷོདཔ་ད་ལུ་ སེམས་ཅན་དེ་ཚུ་གིས་ རང་འ་ནེ་སྦེ་གསད་དོ་ཡོདཔ་མས།If we slaughter animal in our present life then in our next life they will kill us.
- མཁན་པོ་སེང་གེ། Khenpo Singayའ་ནེ་འབདཝ་ད་ལུ་ ང་བཅས་སྲོག་གཅོད་གསེས་མི་འདི་ཚུ་སྤང་དགོ་པས་ གསེས་ཞུ་ནི་སྦེ་ཨིན། དེ་ལས་ ད་འ་ནེ་འབདཝ་ད་ལུ་ དེ་ལས་མིའི་རུ་ཏོ་རི་རྒྱལ་པོ་རི་རབ་བཟུམ་དེ་འདི་ ཏེ་ག་གི་སྨོ་གསེས་དྲིཝ་ད་ལུ།So we need to refrain from slaughtering. Then old man asked about the mount of skeleton that he saw.
- མཁན་པོ་སེང་གེ། Khenpo Singayའ་ནི་འདི་ ད་རྒྱལ་པོ་་་་ ག་ཅི་སྨོ་ད་ ཁྱིམ་བདག་དཔལ་སྐྱེད་ཁྱོད་ར་གི་ ཚེ་སྔ་མ་གི་རུ་ཏོ་དེ་ཨིན་གསེས་གསུངས། དེ་ལས་ཏེ་ ཁྱིམ་བདག་དཔལ་སྐྱེད་དེ་ གནམ་མེད་ས་མེད་འདྲོག་སྟེ་གིས་སྦེ་ ད་ང་གིས་ ང་གིས་ང་མ་ཤིཝ་ཅིག་ཁ་ལས་རང་ ང་གི་ཚེ་སྔ་མའི་ལོ་རྒྱུས་དེ་ཚུ་ ཁྱོད་ཀྱིས་ གསུང་གནང་དགོ་གསེས་ཞུཝ་ད་ལུ།Then Anandha told him that these are your own skeletons of your body collected every after your previous life. Then he became very scared and asked Anandha about his previous life.
- མཁན་པོ་སེང་གེ། Khenpo Singayདེ་ལས་ད་འ་ན་ལས་ མོའུ་གལ་གྱི་བུ་གིས་ ཁྱིམ་བདག་དཔལ་སྐྱེད་ཀྱི་ལོ་རྒྱུས་དེ་ཚུ་གསུངས་གནང་ནུག བཏུབ་པས་ ཁྱོད་དེ་ག་དེ་སྦེ་སྨོ་གསེས་བ་ཅིན་ ཁྱོད་ཀྱི་ལོ་རྒྱུས་དེ་ ཁྱོད་ཚེ་སྔ་མ་རྒྱལ་པོའི་ཁབ་ལུ་ རྒྱལ་པོ་ཆོས་འཕགས་གསེས་མི་ཅིག་ ཁྱོད་ཧེ་མ་ཚེ་སྔ་མ་ལུ་རྒྱལཔོ་ཅིག་ཨིན་གསེས།So Anandha told about the previous life old man called owner Pelkey. He told him that Pelkey was a one of the kongs.
- མཁན་པོ་སེང་གེ། Khenpo Singayཏེ་རྒྱལཔོ་དེ་ག་དེ་སྦེ་ཆགས་ཡི་གོ་གསེས་སླབ་ད་ལུ་ རྒྱལ་པོ་ཆོས་འཕགས་གསེས་མི་དེ་གི་སྐྱེ་བ་ལེན་ནུག ཏེ་རྒྱལ་པོ་ཆོས་འཕགས་གསེས་མི་དེ་གི་སྐྱེ་བ་བཞེས་འབདཝ་ད་ལུ་ འ་ནི་རྒྱལ་པོ་དེ་ གནམ་མེད་ས་མེད་གི་སེམས་ཅན་ལུ་བྱམས་པ་ སེམས་ཅན་ལུ་བརྩེ་བ་ འ་ནེ་སྦེ་ཡོདཔ་ཨིན་གསེས།You were a king called choe phag who was very much compasionate. You showed kindness and mercy to all the animals.
- མཁན་པོ་སེང་གེ། Khenpo Singayཨིན་འདི་(ཏེ་)འབད་རུང་ཡང་ སེམས་ཅན་ལུ་བརྩེ་བ་གནམ་མེད་ས་མེད་ཡོད་པའི་སྐབས་སུ་ལུ་ ཚར་གཅིག་འབདཝ་ད་ལུ་ ཚར་གཅིག་འབདཝ་ད་ལུ་ མི་སེར་གྱི་སླ་ལས་གཅིག་དེ་ ཉེས་ཆད་ ཉེས་པ་ ཆད་པ་ཅིག་ཕོག་ཆི་ནུག་གསེས།However among many people, one had fault and was supposed to be punished.
- མཁན་པོ་སེང་གེ། Khenpo Singayཆད་པ་ཕོག་པའི་གི་སྐབས་སུ་ལུ་ དེ་ལས་བློན་པོ་དེ་ཚུ་གིས་རྒྱལ་པོ་དེ་ལུ་ཞུ་ཞུཝ་མས། ད་རྒྱལ་པོ་རིན་པོ་ཆེ་ འ་ནི་དེ་ལུ་ཉེས་པ་ཕོག་ཆི་འདུག ཉེས་པ་འདི་ག་དེ་སྦེ་་་་ ཆད་པ་འདི་ག་དེ་སྦེ་བཀལནི་དྲག་ག་གསེས་ཞུཝ་ད་ལུ་ ཆད་པ་འདི་ག་དེ་སྦེ་བཀལནི་དྲག་ག་གསེས་ཞུཝ་ད་ལུ།For that, his minister asked him as how to punish that person.
- མཁན་པོ་སེང་གེ། Khenpo Singayདེ་ལས་ རྒྱལ་པོ་གིས་གསུངས་ནུག རྒྱལ་པོའི་ཁྲིམས་བཞིན་དུ་བཀལ་ད་གསེས་གསུངམ་ད་ལུ་ དེ་ལས་ ཡུདཔ་ཅིག་ཁ་ལས་ བློན་པོ་དེ་ཚུ་གིས་ འ་ན་མི་དེ་ཚུ་བསད་ད་ནུགThen king ordered to punish as law of king which resulted in killing of the victim by ministers.
- མཁན་པོ་སེང་གེ། Khenpo Singayའ་ནི་མི་དེ་ཚུ་བསད་དཔ་ད་ལུ་ དེ་ལས་ཤུལ་ལས་འདི་ མི་དེ་ཚུ་བསད་དཔ་ལས་བརྟེན་ཏེ་གིས་སྦེ་ མི་འདི་ཚུ་བསད་དཔ་ད་ལུ་ དེ་ལས་འ་ན་ལས་མར་འབད་ཞིནམ་ལས་ ཏེ་རྒྱལ་པོ་ཁོ་ར་ཚར་གཅིག་ ཤུལ་ལས་འ་ནི་མི་འདི་གི་ཆད་པ་ག་དེ་སྦེ་བཀལ་ཡི་གསེས་ ལོག་བློན་པོ་དེ་ཚུ་ལུ་དྲིཝ་ད་ལུ་ བློན་པོ་དེ་ཚུ་གིས་ རྒྱལ་པོ་གི་བཀའ་བཞིན་དུ་ང་བཅས་ཀྱིས་བསད་བཏང་ད་ཡི་གསེས་ཞུཝ་ད་ལུ་ དེ་ལས་རྒྱལ་པོ་ གནམ་མེད་ས་མེད་ཐུགས་ཕམ་སྦེ།Later when king asked his minister as how did he punish those victims?. Minister told king that they have killed those people. Hearing that news king became very sad.ss
- མཁན་པོ་སེང་གེ། Khenpo Singayཚར་གཅིག་རྒྱལ་པོ་དྲན་མེད་ཡར་སོ་འདུག་གསེས་ ཏེ་དྲན་མེད་ལས་ལོག་ཡར་ལོག་ལོངམ་ད་ལུ་ དེ་ལས་ཡུདཔ་ཅིག་ཁ་ལས་ ང་་་་རྒྱལ་པོ་ཡར་སོ་ཡི་གསེས། ད་ང་རྒྱལ་པོ་ཡང་མི་འབད་གསེས་གསུངས་སྦེ་ཞིནམ་ལས་ ད་འ་ན་ལས་ རྒྱལ་པོ་དེ་བཤགས་སོངཔ་མས།Hearing that news, king fainted for a while. After sometime when he came to sense he told to people that he donot want to be a king. Soon king died.
- མཁན་པོ་སེང་གེ། Khenpo Singayརྒྱལ་པོ་དེ་བཤགས་ཚརཝ་ཅིག་ རྒྱལ་པོ་དེ་གི་སྐྱེ་བ་དེ་ ག་ཅི་ལུ་སྐྱེས་ནུག་གོ་གསེས་སླབ་ད་ལུ་ ཆུ་སྲིན་ཅིག་ལུ་སྐྱེས་ད་འདུག ཆུ་སྲིན་སྦོམ་གཅིག་ལུ་སྐྱེས་སྦེ་ ཆུ་སྲིན་དེ་ཡང་སྦོམ་ཆུང་དེ་ག་དེ་ཅིག་འདུག་གོ་གསེས་བ་ཅིན་ དཔག་ཚད་བདུན་བརྒྱ་ཡོད་གསེས་ཨིན་མས།As soon as king died, he was reborn as crocodile which was as lomg as seven hundred miles.
- མཁན་པོ་སེང་གེ། Khenpo Singayཆུ་སྲིན་དཔག་ཆད་་་་ དཔག་ཚད་བདུན་བརྒྱ་སྦེ་མི་ཅིག་ལུ་ སྐྱེ་བ་ལངས་སྦེ་ཞིནམ་ལས་ ཏེ་ཆུ་སྲིན་དཔག་ཚད་བདུན་བརྒྱ་སྦེ་མི་ཅིག་ལུ་སྐྱེ་བ་ལངས་སྦེ་ཞིནམ་ལས་ དེ་ལསན་ཏེ་ རྒྱལ་པོ་དེ་ ཏེ་མར་ཆུ་སྲིན་་་་ ཆུ་སྲིན་དཔག་ཚད་བདུན་བརྒྱ་ཅིག་ལུ་སྐྱེ་བ་ལངས་སྦེ་ རྒྱ་མཚོ་ནང་ལུ་འ་ནེ་སྦེ་ ཏེ་ད་ལྟོ་བཀྱེས་སྡོདཔའི་སྐབས་སུ་ལུ་ དེ་ལས་ཚར་གཅིག་འབདཝ་ད་ལུ་ ཚོང་དཔོན་ལྔ་བརྒྱ་ ཚོང་དཔོན་ལྔ་བརྒྱ་མར་ནོརབུ་བཏོན་པ་འགྱོཝ་ད་ལུ དེ་ལས་ཡུདཔ་ཅིག་ཁ་ལས་ ཁོང་གི་གྲུ་དེ་ཡང་ འ་ནི་གི་ཁ་ལུ་ཚུད་སོང་འདུག ཆུ་སྲིན་གྱི་ཁ་ནང་།He was reborn as crocodile in ocean. One say when hundred business men were going to other side of the ocean to get jewel. When they were going through ship, unfortunately they got into the mouth of big crocodile.
- མཁན་པོ་སེང་གེ། Khenpo Singayཆུ་སྲིན་གྱི་ཁ་ཁ་ལུ་ཚུདཔ་ཅིག་ ཚོང་དཔོན་འདི་ནང་ན་གནམ་མེད་ས་མེད་གི་འདྲོག་ཏེ་གིས་སྦེ་ ག་ཅི་འབདན་ན་མ་ཤེས་པར་ ཡུདཔ་ཅིག་ཁ་ལས་ ཚོང་དཔོན་ག་ར་གི་ཁ་ཐུག་ལས་ སངས་རྒྱས་ལ་ཕྱག་འཚལ་ལོ་གསེསཝ་ཅིག་ ཆུ་སྲིན་གྱི་ཁ་འདི་བསྡམས་གཏངམ་འདུག་་་་ གཏངམ་ཅིག་ འ་ན་ལས་ཁོང་ ཆུ་སྲིན་གྱི་ཁ་ནང་ལུ་ཚུད་མ་ཚུགསཔ་ཨིན་གསེས་ཨིན་མས། ཾThey didn't know what to do when they suddenly got into the mouth of crocodile and they Prayed to lord buddha togather. Then crocodile shut his mouth but they got slipt from mouth.
- མཁན་པོ་སེང་གེ། Khenpo Singayརྒྱུ་མཚན་ག་ཅི་སྨོ་གསེས་སླབ་ད་ལུ་ འ་ནི་འདི་ཡང་ ཧེ་མ་ཧེ་མ་ ཁོ་རྒྱལ་པོ་སྦེ་བཞུགས་པའི་གི་སྐབས་སུ་ལུ་ སངས་རྒྱས་ལུ་དད་པ་ཡོད་ནི་དེ་གིས་ སངས་རྒྱས་ལུ་དད་པ་ཡོད་ནི་དེ་གིས་ ཏེ་ཁོ་སངས་རྒྱས་ལ་ཕྱག་འཚལ་ལོ་གསེསཝ་ཅིག་ ཁོ་གིས་འ་ནི་དེ་ ཁ་བསྡམས་གཏང་དཔ་ཨིན་གསེས།In the previous life of crocodile, when he was a king he was very much devoted to lord buddha. so as soon as he heard the word loed buddha ge shut his mouth.
- མཁན་པོ་སེང་གེ། Khenpo Singayཏེ་འ་ན་ལས་འབད་ཞིནམ་ལས་ ཁོ་དེ་ཤི་སྦེ་ ཆུ་སྲིན་དེ་ཤི་སྦེ་ཞིནམ་ལས་ འ་ནི་ཆུ་སྲིན་གྱི་ཕུང་པོ་དེ་ ཆུ་སྲིན་་་་ ཆུ་སྲིན་གྱི་ཕུང་པོ་འདི་ རྒྱ་མཚོ་གི་མཐའ་མ་ལུ་ མར་བཏོན་ཡི་བཏོན་ཡི་འབདཝ་ད་ལུ་ མར་རྒྱ་མཚོ་་་་ རྒྱ་མཚོ་གི་མཐའ་མ་ལྷོད། ཏེ་རྒྱ་མཚོ་གི་མཐའ་མར་ལྷོད་ཞིནམ་ལས་ ཏེ་རྒྱ་མཚོ་གི་མཐའ་མ་ལྷོད་ཞིནམ་ལས་ དེ་ལསན་ཏེ་ཉིམ་དང་། རླུང་དང་། ཆརཔ་དེ་ཚུ་གིས་འབད་ཞིནམ་ འ་ནི་གི་རུ་ཏོ་དེ་ རིའི་རྒྱལ་པོ་རི་རབ་བཟུམ་སྦེ་འགྱོ་དགོ་མི་རྒྱུ་མཚན་དེ་ འ་ནེ་ཨིན་གསེས་མི་ཅིགThen crocodile died, slowly corcodile reached at the side of ocean. When sun, rain and wind fall on his body his flesh ruined and his skeletion became like a mount sumeru.
- མཁན་པོ་སེང་གེ། Khenpo Singayདེ་ལས་འབད་ཞིནམ་ལས་ ཆུ་སྲིན་དེ་ཚེ་ཕོསཔ་ཅིག་ ག་ཏེ་ལུ་སྐྱེ་ཡི་གོ་གསེས་སླབ་ད་ལུ། ད་རུང་རྒྱལ་པོ་གི་ཁབ་ལུ་ སྲིན་པོ་ཅིག་ལུ་སྐྱེ་བ་ལངས་ཡི་གསེས། ཏེ་འ་ན་ལས་འབད་ཞིནམ་ལས་ འ་ན་ལས་སྲིན་པོ་ལུ་སྐྱེ་བ་ལངས་སྦེ་ཞིནམ་ལས་ སྲིན་པོ་གི་ཚེ་དེ་ཕོས་ཞིནམ་ལས་ ཏེ་རྒྱལ་པོ་ག་ཅི་སྨོ་ད།After that, Corcodile was reborn as orge in one of the kingdom.
- མཁན་པོ་སེང་གེ། Khenpo Singayབྲམ་ཟེ་ཁྱིམ་བདག་དཔལ་སྐྱེད་གསེས་མི་འདི་ ཁྱིམ་བདག་དཔལ་སྐྱེད་གསེས་མི་འདི་ ཁྱོད་ར་གི་སྐྱེ་བ་ལངས་ལངསམ་ཨིན་གསེས་མི་ཅིག འ་ན་ལས་་་་ དེ་ལས་འ་ན་ལས་འབད་ཞིནམ་ལས་ ཁྱིམ་བདག་དཔལ་སྐྱེད་ལུ་ འ་ནི་ཚུ་ མོའུ་གལ་གི་བུ་གིས་ འ་ནི་ཚུ་ག་ར་ གསལ་ཏོག་ཏོ་སྦེ་ཅིག་སྟོན་འོངམ་ད་ལུ་ དེ་ལས་མོའུ་་་་ ཨ་ནི་ཁྱིམ་བདག་དཔལ་སྐྱེད་ཀྱིས་ འ་ན་ལས་མར་འབད་ཞིནམ་ལས་ ཡུདཔ་ཅིག་ཁ་ལས་སྒོམ་རྐྱབ་ རྩེ་གཅིག་ཏུ་མཉམ་པར་བཞག་འོངམ་ད་ལུ་ དགྲ་བཅོམ་པ་ཐོབ་ཡར་སོང་འདུགAfter orge you were born one of the bramin called pelkey who owned the house in present life. Then the old man meditate strictly and he got arhatship.
- མཁན་པོ་སེང་གེ། Khenpo Singayད་ཁོ་གིས་ ལོ་བརྒྱ་ཐམ་པ་གི་འ་ན་ལུ་ དེ་ལསན་ཏེ་ དགྲ་བཅོམ་པ་ཐོབ་ཡར་སོ་འདུག དགྲ་བཅོམ་པ་ཐོབ་སྦེ་ཞིནམ་ལས་ ད་འ་ན་ལས་མར་འབད་ཞིནམ་ལས་ དེ་ལས་འ་ཕར་ལས་རྒྱ་མཚོ་གི་ཕར་ལས་ཚུར་ལོགཔ་ད་ལུ་ དེ་ལས་འབདན་ མོའུ་གལ་གྱི་བུ་གིས་གསུངས་ནུགAfter getting arhatship and returning from beach, Anandha said
- མཁན་པོ་སེང་གེ། Khenpo Singayཡ་ད་ཁ་ཙ་ཁ་ཉིནམ་ཚུར་ལྟ་འོངམ་ད་ལུ་ ངེ་གི་རྫུ་འཕྲུལ་ལུ་བརྟེན་ཏེ་གིས་སྦེ་ ཁྱོད་འོང་ཡི། ད་འབདན་ ཁྱོད་ར་གི་རྫུ་འཕྲུལ་ལུ་བརྟེན་ཏེ་འགྱོ་དགོ་སྨ་རེད་གསེས་གསུངསམ་ད་ལུ།Last time when we start our journey we came throuh my magical power, now we have to go by your magical power.
- མཁན་པོ་སེང་གེ། Khenpo Singayའ་ན་ལུ་ལྷོདཔ་ད་ལུ་ མོའུ་གལ་གྱི་བུ་དེ་ཧེ་མ་འཕུར་ དེ་ལསན་ ཨ་ནི་ཁྱིམ་བདག་དཔལ་སྐྱེད་དེ་གིས་ཤུལ་བདའ་སྟེ་ བྱ་བཟུམ་སྦེ་ཅིག་ཁ་སྦེ་འཕུར་སྦེ་ ནཱ་རྒྱལ་པོའི་ཁབ་ལུ་བྱོན་ཚུགས་ཚུགསཔ་ཨིན་གསེས་ཨིན་མས།From there they didnot depend on eachother, they flew like a bird and retuen to the kingdom.
- མཁན་པོ་སེང་གེ། Khenpo Singayཏེ་འ་ནི་ན་ལུ་འབྱོནམ་ད་ལུ་ ཏེ་སྟོན་པ་བཅོམ་ལྡན་འདས་འདི་དང་ སྟོན་པ་བཅོམ་ལྡན་འདས་ཞལ་མཇལ་སྦེ་ དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་ ག་དེ་སྦེ་གསུངས་ནུག་གོ་གསེས་སླབ་ད་ལུ་ ཡ་ཁྱིམ་བདག་དཔལ་སྐྱེད་ ཁྱོད་རྒྱ་མཚོ་ནང་ལུ་འགྱོ་ཡི་ག་གསེས་ བཀའ་གནང་ནུགWhen they reach there they met wit lord buddha. Lord buddha asked to the old man(pelkey) that did he go to ocean?.
- མཁན་པོ་སེང་གེ། Khenpo Singayའགྱོ་ཡི་ལགས་གསེས་གསུངས་ནུག (ཞུ་ནུག) རྒྱ་མཚོ་ནང་ལུ་ག་ཅི་མཐོང་ཡི་གོ་གསུངས་ནུག རྒྱ་མཚོ་ནང་ལུ་འདྲ་མི་འདྲ་ལེ་ཤ་མཐོང་ཡི་གསེསཝ་ད་ལུ་ ད་ཁྱོད་དོན་དང་ལྡན་པ་ཨིན་གསེས། ད་འ་ན་ལས་མར་འབད་ཞིནམ་ལས་ ཁྱོད་ཀྱིས་་་་ ད་འཁོར་བའི་རྒྱ་མཚོ་དེ་ཕར་སྤངས་ནུགLord buddha asked what did he saw in ocean?. Then old men answerd, he saw many things in ocean. From that point of time he could abondon ocean of samsara.
- མཁན་པོ་སེང་གེ། Khenpo Singayད་ཐར་པའི་གོ་འཕང། ད་རིས་ད་ ད་རིས་ལས་ཁྱོད་ དགྲ་བཅོམ་པ་ཐོབ་ཚར་ཡི་གསེས་གསུངས་སྦེ་ འ་ན་ལས་ཁོ་ ཁྱིམ་བདག་དཔལ་སྐྱེད་ ལོ་བརྒྱ་ཐམ་པའི་གནས་སྐབས་ནང་ལུ་ ཁོ་གིས་སྡོམ་པ་ཞུ་འདི་(སྟེ་)གིས་འབད་རུང་ཡང་ ཁོ་གིས་དགྲ་བཅོམ་པ་ཐོབ་ཡར་སོང་འདུགFrom there he gained arhatship after getting the ordain.
- མཁན་པོ་སེང་གེ། Khenpo Singayཏེ་ཐོབ་ལས་བརྟེན་ཏེ་གིས་སྦེ་ ཧེ་མ་ཁོ་འ་ན་གྲྭ་ཚང་ནང་བཞུགསཔ་ད་ལུ་ དགེ་སློང་གཞོནམ་དེ་ཚུ་གིས་ ཁྱིམ་བདག་དཔལ་སྐྱེད་ལུ་ བཀྲ་མ་ཤིསཔ་འབད་མི་དེ་ཚུ་ཡང་ དེ་ལསན་ཏེ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་འ་ནེ་སྦེ་གསུངས་འབདཝ་ད་ལུ་ ཁོང་འདི་ཚུ་གནམ་མེད་ས་མེད་འགྱོད་པ་བསྐྱེད་དེ་སྦེ་ ཁྱིམ་བདག་དཔལ་སྐྱེད་ལུ་ གཤགས་པ་ཕུལ་བའི་ལོ་རྒྱུས་འདུགThe yuong monks who made fun on him regreated alot and went to him to appologise.
- མཁན་པོ་སེང་གེ། Khenpo Singayཁྱོད་འ་ནི་བཟུམ་འདི་ཨིནམ་འདི་ ང་བཅས་ཀྱིས་རྩ་ལས་མ་ཤེས། ད་ཁྱོད་གནམ་མེད་ས་མེད་དགྲ་བཅོམ་པ་ ཁྱད་པར་འཕགས་པ་ཨིན་པས། ད་བཟོད་པ་བཞེས་དགོ་གསེས་གསུངས་སྦེ་ཞིནམ་ལས་ ཏེ་འ་ན་ལས་མར་འབད་ཞིནམ་ལས་ འ་ན་རྒྱལ་པོའི་ཁབ་ལས་མར་ཏེ་ གནམ་མེད་ས་མེད་ཀྱི་སྐད་གྲགས་ཅིག་ཆགས་སོངཔ་ཨིན་གསེས་ཨིན་མས།The young monks said, they didnt knew about it please forgive us. From there he became very famous.
- མཁན་པོ་སེང་གེ། Khenpo Singayཁྱིམ་བདག་དཔལ་སྐྱེད་ལོ་བརྒྱ་ཐམ་པ་འབད་མི་དེ་ཡང་ དགེ་སློང་བཟོ་འདི་(སྟེ་)གིས་སྦེ་ དགྲ་བཅོམ་པ་ཐོབ་ཆིཔ་འདྲཝ་ཅིག་འབད་བ་ཅིན་ གཞོནམ་དེ་ཚུ་དེ་ དགེ་སློང་བཟོ་སྦེ་ ཚུལ་ཁྲིམས་ཡང་དག་པ་བསྲུང་པ་ཅིག་ དགྲ་བཅོམ་པ་ག་ཅི་མི་ཐོབ་ནི་གསེས།If the old man who is hundred years old got an ordain and was able to get arhatship, then its very easy for young monks to attain enlinghtenment.
- མཁན་པོ་སེང་གེ། Khenpo Singayའ་ན་ལས་མར་འབད་ཞིནམ་ལས་ དེ་ལས་ཁྱིམ་བདག་དཔལ་སྐྱེད་ཀྱིས་ ག་ཏེ་གུ་ཏེ་མེད་པར་ཆོས་གསུངས། ཏེ་ཆོས་གསུངས་སྦེ་ཞིནམ་ལས་ ད་འ་ན་ལས་མར་ལུ་ ཏེ་དགེ་སློང་བཟོ་མི་དེ་ གནམ་མེད་ས་མེད་ རྒྱགས་ཚད་འཐོན་འཐོནམ་ཨིན་གསེས་ཨིན་མས།From there he gave the teachings of buddhism and there were many people who were willing to join as monk.
- མཁན་པོ་སེང་གེ། Khenpo Singayངོ་མ་འདི་ད་ དོན་དག་མདོར་བསྡུ་བ་ཡིན་ན་ ང་བཅས་བརྗོད་དོན་འདི་ངོ་མ་དེ་ག་ཅི་སྨོ་གསེས་བ་ཅིན་ སྦྱིན་པ་གཏང་མི་དེ་ལུ་ཡང་ ཕན་པ་གནམ་མེད་ས་མེད་སྦོམ་ཡོད། སྦྱིན་པ་གཏང་མི་ལས་ཡང་ལྷགཔ་སྦེ་ ཚུལ་ཁྲིམ་དེ་ལེགས་ཤོམ་སྦེ་སྲུང་ཚུགས་པ་ཅིན་ ཕན་པ་སྦོམ་ཡོད་གསེས་ཞུ་ནི་སྦེ་ཨིན།Gererally we need to know that, although we can accumulate great merits through donations, following strict conduct will have more advantagess.
- མཁན་པོ་སེང་གེ། Khenpo Singayགཙོ་བོ་ར་ ད་རིས་ང་བཅས་ནཱ་འབྱོན་མི་སྦྱིན་བདག དེ་ལསན་ཏེ་ འ་ནི་ཚུ་ག་ར་ ད་འ་ནི་ཚུ་གིས་ ད་ཨ་ཙི་ཅིག་ ཐུགས་ཁར་བསྣམས་སྦེ་ཞིནམ་ལས་ འ་ནི་ཚུ་ང་བཅས་ ག་ཏེ་ལས་སྟོནམ་སྨོ་གསེས་བ་ཅིན་ འ་ནི་ཚུ་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ མདོ་བཟང་ལྷུན་དེ་ཚུ་གི་གནས་སྐབས་ནང་ལུ་འཐོནམ་ཨིན།To all the benefactors gathered here, we need to keep in mind all those lesson. These lessons are from the teachings of buddha.
- མཁན་པོ་སེང་གེ། Khenpo Singayད་འ་ནི་ཚུ་ ང་བཅས་ཀྱིས་སེམས་ཁར་བཞག་སྟེ་ ང་བཅས་ཀྱི་ལས་རྒྱུ་འབྲས་གསེས་མི་དེ་ ཆུད་མ་ཟ་བ་ཅིག་ཨིན་གསེས་བའི་ཐུགས་བཞེད་གནང་སྟེ་ ག་ར་གི་ཁ་ཐུག་ལས་ ཏེ་ཐུགས་སྨོན་ལེགས་ཤོམ་སྦེ་གནང་གནང་གསེས་ཞུ་ནི་ཨིན།By keeping all those things in mind, we should not for get cause and effect and pray well for all sentient beings.