Skip to main content Skip to search
18 Feb 2017
5 min 52 sec
Video Overview
Creators: 
Norzin Lhamo, Kencho Wangmo

བོད་སྒྲའི་གླུ་གཞས་ གཟིམས་ཅུང་ཤར་གྱི་ཕྱོགས་ལ་ཟེར་མི་འདི་ རྣམ་རྒྱལ་ཁང་བཟང་འདྲ་བའི་གཟིམས་ཅུང་ནང་ བཞུགས་ཡོད་མི་ ལྷ་ཐབས་ཅད་ཀྱི་རྒྱལ་པོ་ སངས་རྒྱས་ལུ་བསྟོད་པ་སྦེ་ ཕུལ་ཕུལཝ་ཅིག་ཨིན་པས། འདི་ནང་ སངས་རྒྱས་འདི་ སེངྒེ་དང་ སྟག་ལྤགས་ཀྱིས་རྒྱན་པའི་ གསེར་གྱི་ཁྲི་ལུ་བཞུགས་ཏེ་ ཕྱག་ལུ་གོས་ཆེན་གྱིས་ སྤུར་སྤུར་བའི་གསེར་གྱི་བུམ་པའི་ནང་ བདུད་རྩི་དང་འབྲུ་སྣ་ཚོགས་ཀྱི་ བཀང་ཡོདཔ་སྦེ་ འགྲེལ་བཤད་རྐྱབ་ཨིན་པས། འདི་འབདཝ་ལས་ འདི་ནང་ཡོད་པའི་ བདུད་རྩི་འདི་ ཞིང་ཁམས་ནང་བཞུགས་པའི་ ཆོས་གྲོགས་ཆ་མཉམ་ལུ་ གནངམ་ཨིན་ཟེར་མས། 

Transcript search
No results found for this search
0 of 0
 • ཚང་ཁའི་ཨམ་སྲུ་ཚུ།
  གཟིམ་ཅུང་ལ་ཤར་གྱི་ཕྱོགས་ལ། །གཟིམ་ཅུང་ལ་ཤར་གྱི་ཕྱོགས་ལ། །སོ་ཡ་ལ། རྣམ་རྒྱལ་ཁང་བཟང་འདྲ་དོ། །སོ་ཡ་ལ། རྣམ་རྒྱལ་ཁང་བཟང་འདྲ་དོ། །
 • ཚང་ཁའི་ཨམ་སྲུ་ཚུ།
  རྣམ་རྒྱལ་ལ་ཁང་བཟང་ནང་ལས(ལ)། །རྣམ་རྒྱལ་ལ་ཁང་བཟང་ནང་ལས(ལ)། །སོ་ཡ་ལ། རྒྱབ་ལ་གསེར་ཁྲི་དངུལ་ཁྲི། །སོ་ཡ་ལ། རྒྱབ་ལ་གསེར་ཁྲི་དངུལ་ཁྲི། །
 • ཚང་ཁའི་ཨམ་སྲུ་ཚུ།
  གསེར་ཁྲི་ལ་དངུལ་ཁྲི་སྟེང་ལ། །གསེར་ཁྲི་ལ་དངུལ་ཁྲི་སྟེང་ལ། །སོ་ཡ་ལ། བཞུགས་གདན་སྟག་ལྤགས་གཟིག་ལྤགས། །སོ་ཡ་ལ། བཞུགས་གདན་སྟག་ལྤགས་གཟིག་ལྤགས། །
 • ཚང་ཁའི་ཨམ་སྲུ་ཚུ།
  སྟག་ལྤགས་ལ་གཟིག་ལྤགས་སྟེང་ལ། །སྟག་ལྤགས་ལ་གཟིག་ལྤགས་སྟེང་ལ། །སོ་ཡ་ལ། རྒྱལ་བ་བྱམས་པ་བཞུགས་ཡོད། །སོ་ཡ་ལ། རྒྱལ་བ་བྱམས་པ་བཞུགས་ཡོད། །
 • ཚང་ཁའི་ཨམ་སྲུ་ཚུ།
  རྒྱལ་བ་ལ་བྱམས་པའི་ཕྱག་ལ། །རྒྱལ་བ་ལ་བྱམས་པའི་ཕྱག་ལ། །སོ་ཡ་ལ། ཚེ་དབང་བུམ་པ་བསྣམས་ཡོད། །སོ་ཡ་ལ། ཚེ་དབང་བུམ་པ་བསྣམས་ཡོད། །
 • ཚང་ཁའི་ཨམ་སྲུ་ཚུ།
  ཚེ་དབང་ལ་བུམ་པའི་ན་བཟའ། །ཚེ་དབང་ལ་བུམ་པའི་ན་བཟའ། །སོ་ཡ་ལ། རྒྱ་ཡི་དར་དང་གོས་ཆེན། །སོ་ཡ་ལ། རྒྱ་ཡི་དར་དང་གོས་ཆེན། །
 • ཚང་ཁའི་ཨམ་སྲུ་ཚུ།
  ཚེ་དབང་ལ་བུམ་པའི་ཁ་རྒྱན། །ཚེ་དབང་ལ་བུམ་པའི་ཁ་རྒྱན། །སོ་ཡ་ལ། རྒྱ་ཡི་རྨ་བྱ་མདོངས་སྒྲོ། །སོ་ཡ་ལ། རྒྱ་ཡི་རྨ་བྱ་མདོངས་སྒྲོ། །
 • ཚང་ཁའི་ཨམ་སྲུ་ཚུ།
  ཚེ་དབང་ལ་བུམ་པའི་བུམ་ཟས། །ཚེ་དབང་ལ་བུམ་པའི་བུམ་ཟས། །སོ་ཡ་ལ། འབྲུ་སྣ་རྣམ་པ་སྣ་ཚོགས། །སོ་ཡ་ལ། འབྲུ་སྣ་རྣམ་པ་སྣ་ཚོགས། །
 • ཚང་ཁའི་ཨམ་སྲུ་ཚུ།
  ཚེ་དབང་ལ་བུམ་པའི་བུམ་ཆུ། །ཚེ་དབང་ལ་བུམ་པའི་བུམ་ཆུ། །སོ་ཡ་ལ། ཆུ་ཆེན་ཡས་རི་གཙང་ཆུ། །སོ་ཡ་ལ། ཆུ་ཆེན་ཡས་རི་གཙང་ཆུ། །
 • ཚང་ཁའི་ཨམ་སྲུ་ཚུ།
  རང་དང་ལ་འཆམ་རེ་འཆམ་ཚད། །རང་དང་ལ་འཆམ་རེ་འཆམ་ཚད། །སོ་ཡ་ལ། ཁྲུས་ཆུ་བཞེས་པར་འབྱོན་ཤོག །སོ་ཡ་ལ། ཁྲུས་ཆུ་བཞེས་པར་འབྱོན་ཤོག། །།