Skip to main content Skip to search
20 Jun 2018
5 min 1 sec
Video Overview
Creators: 
Rinchen Dorji, Sonam Chophel, Khandu

An elder woman from Dogar Gweog, Paro District shares her story of how she became a Chipoen Officer in her village with the help of the Gewog's leader, Gup Nala. She had been chased away empty-handed by her landlord after her marriage. She then started to construct a house with her husband. During their time, construction was free; they only had to get the needed resources ready. As she was poor, Gup Nala planned to collect grains and meat from villagers to help their construction. She is still very thankful to Gup Nala's family.

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ སྐྱེས་ལོ་ ༨༢ ལངས་མི་ ཨང་རྒས་ཅིག་གིས་ དེ་བསྒང་ མོ་གཡུས་ཁའི་ སྤྱི་དཔོན་ག་དེ་སྦེ་འབད་ཡོདཔ་ཨིན་ནི་སྐོར་ལས་ བསམ་འཆར་བརྗེ་སོར་འབདཝ་ཨིན་མས། སྤྱི་དཔོན་ཟེར་མི་འདི་ གཡུས་ཁ་ལུ་ འགོ་ཁྲིགཔ་བཟུམ་ཅིག་དང་ རྒེད་འོག་དང་ མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་ཨིནམ་ལས་ ཁྲལ་དང་འུར་ལཱ་འདི་ཚུ་ དགོངས་ཡངས་ཡོད་དོ་ཡོདཔ་མས། ཨང་རྒས་འདི་ མོ་རའི་རྨགཔ་དང་གཅིག་ཁར་ གཉེན་བསྡོམས་པའི་ཤུལ་ལུ་ སའི་ཇོ་བདག་གིས་ ག་ནི་ཡང་མ་བྱིན་པར་ ཁྱིམ་ནང་ལས་བཏོན་བཏང་ཡོདཔ་ལས་ རྨགཔ་ཁོང་ར་གཉིས་བསྡོམས་ དཀའཝ་སྤྱད་དེ་ ཁྱིམ་ཅིག་རྐྱབ་པའི་སྐབས་ རྒཔོ་གནག་ལ་དེ་ མོ་ལུ་སྡི་ཆེ་སྟེ་ གཡུས་ཁའི་སྤྱི་དཔོན་བཀལ་བཀལཝ་ཨིན་པས། དེ་བསྒང་ དྲགས་ཤོས་ར་ ཁྱིམ་ལཱ་འབད་བའི་སྐབས་ ཅ་ལ་འདི་ར་ ཀྲིག་ཀྲི་ཡོད་པ་ཅིན་ ལཱ་འབད་བའི་གླ་སྤྲོད་མ་དགོཔ་ཨིན་རུང་ ཁོང་བཟའ་ཚང་གཉིས་ ལཱ་ཁག་ར་བཏང་ཡི་ཟེརཝ་མས། ཨིན་རུང་ རྒཔོ་གནག་ལ་གིས་ གཡུས་ཁའི་མི་ཚུ་ལས་ ཁོང་བཟའ་ཚང་གཉིས་ལུ་ གཉེར་ཚང་ཡང་བསྡུ་ལེན་འབད་བྱིན་ཡི་ར་ ཁྱིམ་འདི་མཇུག་ལས་ ཨང་རྒས་ཀྱིས་ ད་ལྟོའི་བར་ན་ཡང་ རྒཔོ་གནག་ལ་ལུ་བཀྲིན་བསམ་བསམ་ར་འདུག། 

Transcript search
No results found for this search
0 of 0
 • རིན་ཆེན་ལྷམོ་ Rinchen Lham
  ང་ནཱ་ཁྱིམ་ནང་ལས་ ཨ་མར་གྱང་ཁོག་དེ་མའི་ནང་ལས་བཏོན་བཏངམ་ད་ རྒཔོ་རྒྱོ་ཅུ་ཟེར་མི་འདི་གིས་ ཏེ་ རང་གྲོགས་འཚོལ་ཏེ་འགྱོཝ་མས་ ཏེ་ ཁྱོད་ར་མཛོག་ཕོག་རྐྱབ་འཐོན་སོང་ཟེརཝ་མས། ཏེ་ མཛོག་ཕོག་རྐྱབ་འཐོན་འོང་ཅི་ ཁྱིམ་ནང་དེ་བསྒང་ ང་སྡོད་པའི་བསྒང་ལས་ ནོར་ཁལ་ཕྱེད་དང་གཉིས་ ནོར་རྡོ་བཅུ་ཐམ་ཡོད་ལགས།
 • རིན་ཆེན་ལྷམོ་ Rinchen Lham
  ད་ ང་མེད་ཞིནམ་ལས་ཏེ་ཁོང་ ཆུ་ལས་ཡང་འགོམ་ ཡོག་ལས་ཡང་སྒོམ་ ཕྱི་ལས་འགོམ་སྟེ་ ད་ ཏེ་ ཁོང་ནོར་ཡང་མངམ་མེད་ལགས་ ནོར་དུམ་གྲ་ཅིག་རང་ཨིན་ ནོར་དུམ་གྲ་ཅིག་ཡོད་ ཡར་ལགས། བ་ས་གི་ རྒཔོ་ཇོ་ཅུ་གི་ཨམ་སྲུ་འདི་དང་ ངེའི་ནུམ་ཨིན།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ང་བཅས་སྤུན་ཆ་གཉིས་ཕྱིར་བཏོན་བཏངམ་མས་ ཨ་ཕར་ ད་རེས་ ལམ་སྐྱེས་གྱོང་མི་དེ་གི་ཁྱིམ་ ཨ་ཕར་ ཨ་ཕི་ནང་གི་ ཁྱིམ་སྦྱེལ་ཏེ་རང་ང་བཅས་སྤུན་གཅིག་འབད་རྐྱབ་རྐྱབ་ཨིན་ ད་ འ་ནཱི་བསྒང་ཏི་རུ་སྤྲོད་མི་དགོ་པས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ཤིང་འདི་ ང་རང་ཉིནམ་རེ་ ཏེ་ཇ་ ཇ་ཐང་བསྐོལ་ ཏེ་ད་ ཉིནམ་ [སྒོར་རང་དྲལ་ཟ་?] ད་ ཨ་ཁ་བསྣད་ཟ་ ཏེ་ དེ་ལས་ ལྟོ་ཆུམ་ཅིག་ཡོད་རང་མེད་པར་སྡོད་སྡོད་པར་ ཏེ་ རྒཔོ་ནག་རྒྱས་བྱོན་དེས་ ཏེ་ རྒཔོ་ནག་རྒྱས་ རྒཔོ་འབད་ནི་འདི་གིས་ ད་འབདན་ ཁྱེད་གཉིས་འུ་སྡུག་ཐག་ཆོད་ཨིན་མས།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་འུ་སྡུག་ཐག་ཆོད་འབད་བ་ཅིན་འབདན་ འུ་སྡུག་མི་དགོ་ ཁྱོད་རང་སྤྱི་དཔོན་འབད་ཤིག་ ཡར་རྫོང་ནང་ བརྡ་ཡང་ང་སྒུག་བྱིན་འོང་ ད་ལྟོ་ཡང་ང་སླབ་འོང་ ང་སླབ་མི་འདི་ཉན་ཡང་ཉན་བཏུབ་ཟེར་ ཏེ་འ་ནཱི་སྦེ་སླབ་མས། ཏེ་ དེ་ལས་ འ་ནཱི་སླབ་ཞིནམ་ན་ ཏེ་ལགས་སོ་ལགས་སོ་ལགས་ ད་ སྤྱི་དཔོན་ གཞན་འདི་ ཏེ་གཉིས་འབདཝ་མིན་འདུག་ སྤྱི་དཔོན་འབད་ལོ་མིན་འདུག་ ཏེ་ མེད་པར་རང་མི་ ད་ཏེ་ ཐབས་རང་མིན་འདུག་ལགས་ཟེརན།
 • རིན་ཆེན་ལྷམོ་ Rinchen Lham
  ད་ ཁྱོད་་་་ ཁོ་ངར་ཡེང་ཡེ་ཡོད་བ་ ཁོ་སྤྱི་དཔོན་རྒྱུག་བཅུག་ཤིག་ཟེར་ ཏེ་མོ་ལས་ དེམ་ མི་རྩིས་རྐྱབ་ད་ མི་མང་ཧིང་དང་འཁྲིལ་འཁྲིལ་གྱི་ ཏེ་ མོ་ལས་ ལྟོ་ཆུམ་ཕུད་ཏ་ ཕུད་ཏ་སྦོམ་ཆུང་ ནཱེ་ཅིག་ཡོད་ ཕུད་ཏ་གང་ དོ་དོ་ དོ་དོ་བཟེད་སྨ་རེད་ལོ་ ལགས་སོ་ལགས་སོ་ཟེར་ཅི་ ཏེ་ སྒོང་རྡོག་་ཡོད་མི་ལས་སྒོང་རྡོག་ ཕག་ཤ་ཡོད་མི་ལས་ཕག་ཤ་ཤགས་ཅུང་རེ་ལེན་ཏེ་ ཏེ་རྒ་པོའི་བཞེས་སྒོ་འབད་དགོ་པས་ཟེར་སླབ་ཉ་ལོ་ ལགས་སོ་ལགས་སོ་ཟེར་ཅི།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ཧེ་་་་། ག་ལས་སྐོར་རུང་ འ་ནཱི་སྦེ་དྲངས་ཅི་ལགས། ཏེ་འ་ནཱི་ཆ་མཉམ་རང་སྤུངས་པའི་བསྒང་ལས་ ཏེ་ ཁྱམ་ ལ་ལུ་ཁྱམ་མའི་ཆུམ་མས་ ལ་ལུའི་ ཁྱད་ཆུམ་མས་ བྱི་ལི་མཇུག་མའི་ཆུམ་དེ་ ནོར་ ད་རེས་ནོར་གྱི་དལ་འབད་མི་འདི་?] འ་ནཱི་སྦེ་བྱིནམ་མས་ ཏེ་ འདི་བསགས་བཞག་ ཏེ་ དེ་ལས་ རྒཔོ་ གཡུས་ཆུམ་ཆ་ཁྱབ་པ་གིས་ ཏེ་རྒ་པོ་གི་ ཏེ་ ལྟོ་ཕོགས་ཅིག་འབད་ དྲོ་པ་ལྟོ་ཕོགས་ཅིག་འབད་ དྲོ་པ་ཇ་རྩམ་དྲངས་ ཁྱིམ་ ཉི་མ་ལྟོ་ཕོགས་ཅིག་འབད་བའི་བསྒང་ལས།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ཚ་ངེར་བཏོན་ཡི་གུ་རྐྱབ་ ང་བཅས་གཉིས་འདྲོག་ནི་འདི་གིས་ ཏེ་ ཡི་གུ་རྐྱབ་ མི་རྩིས་རྐྱབ་བཞག་སྦེ་ ཏེ་ ང་སླབ་ཨིན་ ད་ གཉེར་ཚང་ལྷག་མཇུག་འདི་ འ་ནེམ་ཅིག་འདུག་རྒ་པོ་ ད་ རྒཔོ་རང་བཞེས་ ད་ ང་བཅས་ ལྷང་གླ་བཏགས་སྟེ་རང་ཟ་ད་ནི་ཟེརཝ་ད་ ཨ་ ཁྱེད་གཉིས་སྒར་བཙུགས་དགོ་པས་ ཁྱེད་གཉིས་ ཤིང་ཆ་གཞོག་དེས་ ད་ལྟོ་སྡོད་ས་ རོགས་ཀྱི་ཁྱིམ་བརྙ་སྡོད་ནུག་ ཏེ་ ཁྱིམ་བརྙ་སྡོད་པའི་བསྒང་ལས་ ཏེ་ སྐྱིད་སྡུག་བལྟ་དགོཔ་ཨིན།
 • རིན་ཆེན་ལྷམོ་ Rinchen Lham
  ང་བཅས་ཡར་ ལྟག་ལས་སྡོད་མི་གིས་ སྐྱིད་སྡུག་དེ་ཡང་བལྟ་དགོཔ་ཨིན་ཟེར་ཏེ་ ཏེ་ ཆུམ་བལ་ལ་(རྩི་ས)ཕད་ཙི་གང་ འ་ནེམ་ཅིག་ ཏེ་ ཁྱམ་མའི་ཆུམ་ མང་ཧིང་འ་ནེ་ཅིག་ ཏེ་ འ་ནེམ་ཅིག་ ཏེ་ མར་དང་ ཚོ་ཏོ་ དེ་བསྒང་མར་ཟེར་མིན་འདུག་ མར་ཀྲིང་ཡོད་མི་ཡང་ བྱེད་ཁ་རང་ཨིན་མས། ཏེ་ ཟངས་མགུཔ་ཏེ་ ཕག་ཤ་འ་ནེམ་ནེ་ མ་ཧིང་ནེ་ཅིག་འདུག་ ཏེ་ནཱི་བཞེས་ལགས་ ང་བཅས་ བཞེས་དགོ་ རྒ་པོ་གིས་ ད་ད་རེས་ཉིནམ་གཅིག་པོ་གིས་ ཏེ་མི་རྩིས་ ན་གིས་བསྡུཝ་མས་ཟེརཝ་ད།
 • རིན་ཆེན་ལྷམོ་ Rinchen Lham
  ནཱི་མི་དགོ་ ང་ ང་རང་ཟ་ནི་ཕར་ལང་ ཁྱེད་རང་གཉིས་ ཤིང་ཆ་རྐྱབ་སྟེ་བཏོན་སྨ་རེད་ ཁྱེད་གཉིས་སྡོད་ས་རོགས་ཀྱི་ཁྱིམ་བརྙ་སྡོདཔ་མས། ནཱ་བུཚུ་གཉིས་གཉིས་རེ་འཐོན་སོང་ནུག་ ག་ཅི་ཡང་མི་དགོ་ཟེར་ འ་ནཱི་སྦེ་སླབ་མས་ལགས། ཏེ་ ཧེ་མ་ཡང་རོགས་ བསམ་པ་འདི་འདི་ ད་ རྒཔོ་ མཛེར་ཀོ་དང་ མཛེར་ཀོ་སྤུན་ཆ་གཉིས་རང་ལེགས་ཉ་ ཁྱིམ་འ་ནེམ་ཅིག་རྐྱབ་ཚུགས་མི་འདི་ ཁོང་སྤུན་ཆ་གཉིས་ཀྱི་སྐུ་དྲིན་ཨིན།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ད་ལྟོ་བར་ཡང་ ནཱ་ལས་ཕར་ནོར་ཅིག་བརྡ་འགྱོ་རུང་ ཏེ་ ད་ རྒཔོ་འབད་ཚེ་ ཏེ་ཤི་སོངཔ་མམ་ ཏེ་ རྒཔོ་མཛེར་ཀོ་གི་བུཚུ་ཚུ་འགྱོཝ་ད་ ད་ ཇ་དགོ་མི་གིས་ཇ་བཞེས་ ཏེ་ཆང་ཁྱེད་ཀྱིས་ཡང་མི་བཞེས་ ཏེ་ ལྟོ་བཀྱེས་ཁ་སྐོམ་འགྱོ་མ་དགོ་པར་ཟེར་ ཏེ་ང་ཇ་ རེ་ལམ་ཁར་ལས་ ཇ་འབད་བྱིནམ་ཨིན་ ད་འ་ནཱི་སྦེ་བྱིན་དོ་ འ་ནེམ་་་་ འ་ནེམ་ཅིག་ཨིན་ལགས།། །།