Skip to main content Skip to search
25 Aug 2018
2 min 2 sec
Video Overview
Creators: 
Dawa Tshering, Tseten Tshering

Sharing riddles has been a long standing tradition. They were shared in the local language and each region of the country had their own name to refer to riddles. The East called it "Drab Drab Khab Khab", the West called it "Khartam" and the South called it "Ghaw Khani Khagta". People made bets among themselves to own a fortress each time the other person failed to guess the answer to the riddle. Jumchum shares riddles with Yangzom from Bongo Gewog (county) in Chukha district. However, Yangzom does not fail to give the right answer which stops Jumchum from owning any fortresses.

 

༉  མཁར་གཏམ་སླབ་ནི་འདི་ཡང་ རང་ལུགས་ལམ་སྲོལ་ཅིག་ཨིནམ་ད་ རྒྱལ་ཁབ་ནང་ རང་སོའི་གཡུས་སྒོའི་ཁ་སྐད་དང་འཁྲིལ་ཏེ་ མཁར་གཏམ་འདི་ལུ་ མིང་སླབ་ཐངས་རེ་ཡོདཔ་ཨིན། དེ་ཡང་ ཤར་ཕྱོགས་ཁ་ཐུག་ལུ་ མཁར་གཏམ་དང་ ནུབ་ཕྱོགས་ཁ་ཐུག་ལུ་ དྲག་དྲགཔ་མཁས་མཁསཔ་ལ་སོགས་པ་ ལུང་ཕྱོགས་སོ་སོའི་ཁ་སྐད་དང་འཁྲིལ་ཏེ་ ལྷོ་མཚམས་པ་གི་ཁ་སྐད་ནང་ གའུ་ཁ་ནི་ཀ་ཐ་ཟེརཝ་ལ་སོགས་པ་ལེ་ཤ་ཅིག་ཡོདཔ་ཨིན། མི་ཚུ་གིས་ ཁོང་རའི་ནང་འཁོད་ རྒྱལ་སྤུངས་ཞིནམ་ལས་ མཁར་གཏམ་གྱི་ལན་སླབ་མ་ཤེས་པ་ཅིན་ མཁར་འཐོབ་དོ་ཡོདཔ་ཨིནམ་ད་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་བྱམས་ཅུམ་དང་དབྱངས་འཛོམས་གཉིས་ མཁར་གཏམ་སླབ་པའི་སྐབས་ དབྱངས་འཛོམས་ཀྱི་ཁ་ཐུག་ལས་ ལན་ཚུ་ག་ར་ཕོགཔ་ལས་ བྱམས་ཅུམ་གྱིས་མཁར་འཐོབ་མི་ཚུགས་པས།

Transcript search
No results found for this search
0 of 0
 • བྱམས་ཅུམ Jumchum
  མགོ་ན་ནི་མེད་པ་ཐག་པ་བརྡམས་མི་འདི་ག་ཅི་སྨོ་?
  Never got headache but tigten his with the rope. What is it?
 • དབྱངས་འཛོམས Yangzom
  ཆང་གི་རྒྱ་རྫི་
  Alcohol container.
 • བྱམས་ཅུམ Jumchum
  དེ་ལས་ ལམ་ཁར་ལས་འ་ནི་ཁབ་ཧོང་བཞག་མི་འདི་ག་ཅི་སྨོ?
  The placing of a needle along the way. What is it?
 • དབྱངས་འཛོམས Yangzom
  པོདཔ་
  Leaches
 • བྱམས་ཅུམ Jumchum
  དེ་ལས་ ལྟོ་ཁ་ལས་ཟ་ཨ་བ་ཁ་ལས་བཏང་མི་འདི་ག་ཅི་སྨོ?
  Eat from the mouth and pass stool from the mouth?
 • དབྱངས་འཛོམས
  ཧེཝ་
 • བྱམས་ཅུམ Jumchum
  སྟེ་ ལྟོ་ཁ་ལས་ཟ་ཨ་བ་རྐེད་པ་ལས་བཏང་མི་འདི་ག་ཅི་སྨོ?
  Eating from the mouth and past stool from waist. What is it?
 • དབྱངས་འཛོམས Yangzom
  རང་ཐག་
  Grinding stone
 • བྱམས་ཅུམ Jumchum
  ཨ་ལོ་ཁ་ལས་སྐྱེས་མི་འདི་ག་ཅི་སྨོ?
  Giving birth from the mouth. What is it?
 • དབྱངས་འཛོམས Yangzom
  ངང་ལག།
  Banana
 • བྱམས་ཅུམ Jumchum
  དེ་ལས་འ་ནི་ ལུང་པའི་ནང་ལས་དར་འཕྱར་མི་འདི་ག་ཅི་སྨོ?
  The hosting of flags from the valleys. What is it?
 • དབྱངས་འཛོམས Yangzom
  ས་མུ་
  Clouds
 • བྱམས་ཅུམ Jumchum
  དེ་ལས་འ་ནི་ ཞིང་གི་མཐའ་མར་བདའ་ འ་ནི་ དགེ་སློང་གི་ན་བཟའ་བཞེས་སྡོད་མི་འདི་ག་ཅི་སྨོ?
  Dressed up like monks along the side of the orchards.What is it?
 • དབྱངས་འཛོམས Yangzom
  སེ་ཁེག།
  Wheat
 • བྱམས་ཅུམ Jumchum
  དེ་ལས་བྱ་ཁུག་གནགཔོ་གཅིག་ནང་གླང་དམརཔོ་ཅིག་གང་འགྱེལ་འབད་ཉལ་སྡོད་མི་འདི་ག་ཅི་སྨོ?
  Sleeping of red ox inside the back cave. What is it?
 • དབྱངས་འཛོམས Yangzom
  ཁ་ནང་གི་ལྕེ།
  Tongue
 • བྱམས་ཅུམ Jumchum
  དེ་ལས་དེ་ལས་ སེ་ཁེ་ཕརཔ་ཅུང་གང་གིས་ཞིང་མགོ་ཞིང་མཇུག་མེད་པར་ཡོབ་མི་འདི་ག་ཅི་སྨོ?
  A cup of wheat can be enough for the whole cultivation land. What is it?
 • དབྱངས་འཛོམས Yangzom
  གནམ་མཁའི་སྐརམོ།
  Stars in the sky
 • བྱམས་ཅུམ
  དེ་ལས་ ལམ་ཁར་བྱེ་ཏོ་སྤུབས་མི་འདི་ག་ཅི་སྨོ?
 • དབྱངས་འཛོམས Yangzom
  ཨཔ་སྟག་གི་རྗེས།
  The footprint of tiger.