Skip to main content Skip to search
04 Oct 2016
1 min 1 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

རྨ་ཆུའི་དབྱིབས་ནི་ཡུག་གཅིག་ཏུ་དྲང་མོ་མ་ཡིན་པར་གུག་འཁྱོག་མང་ལ། རྨ་ཆུའི་བཞུར་རྒྱུན་ལ་ཉིན་མཚན་བར་མེད་དུ་ཆད་པ་མེད་པ་དེ་མཚོན་པ་ཡིན།

འདི་ནི་རང་བྱུང་ཁམས་དང་རང་བྱུང་སྣང་ཚུལ་སྐོར་གྱི་གབ་ཚིག་ཡིན། ག་ར་མ་གུག་རིས་མ་ཞེས་པ་དེས་རྨ་ཆུའི་བཞུར་འགྲོས་ཀྱི་དབྱིབས་ནི་གུག་འཁྱོག་མང་ལ་ཀྱ་གྱུ་དང་ལྡན་པ་དེ་མཚོན་པ་དང་། ཉིན་འགྲོ་མ་མཚན་འགྲོ་མ་ཞེས་པ་ནི་རྨ་ཆུའི་བཞུར་རྒྱུན་ནི་ཉིན་མོ་དང་མཚན་མོ་ལ་ཁྱད་མེད་པར་དུས་རྟག་ཏུ་མཐོ་ས་ནས་དམའ་སར་འབབ་པ་དེ་མཚོན་པ་ཡིན། འཚོ་སྡོད་ཀྱི་ས་ཁོངས་མ་འདྲ་བའི་དབང་གིས་གབ་ལན་ལ་ཡང་ཁྱད་པར་ཅུང་ཙམ་འདུགདཔེར་ན་གཅན་ཚའི་ས་ཆ་གཙོ་ཡིན་པའི་རྨ་ཆུའི་འགྲམ་རྒྱུད་ཀྱི་བོད་ཀྱི་ཡུལ་སྡེ་མང་པོ་རུ་གབ་ཚིག་འདིས་རྨ་ཆུ་མཚོན་པ་དང། ཡང་རྨ་ཆུའི་འགྲམ་རྒྱུད་དང་རིང་དུ་གྱེས་པའི་ཡུལ་སྡེ་གཞན་དག་ན་འདིས་ཆུ་བོ་མཚོན་པ་རེད། འདིས་སྟེང་ནས་ཀྱང་བོད་པའི་གབ་ཚིག་གི་བློས་བསླང་ནི་ཉིན་རྒྱུན་གྱི་འཚོ་བ་དང་ཡང་ན་ཉེ་འཁོར་གྱི་བྱ་དངོས་དག་ལས་ཐོན་པ་ཤེས་ཐུབ།

这则谜语生动的描述了黄河弯弯曲曲流淌的现象和不分昼夜的流淌的情景。

这是一则描述大自然和自然现象的谜语,谜语生动的描述了黄河弯弯曲曲流淌的现象和不分昼夜的流淌的情景。由于人们生活的地域不同,谜语的谜底也有各种答案。比如生活在黄河沿岸尖扎地区的人们对这个谜语给出的谜底是黄河,可是生活在离黄河较远的地区的人们给出的谜底是河水,从中可以看出人们根据自己生活地域的不同,给出的谜底也是各不相同。

This poetic riddle describes the meandering, flowing Yellow River’s appearance and compares it to the flowing passage of time.

Transcript search
No results found for this search
0 of 0