Skip to main content Skip to search
08 Dec 2016
60 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

ཁོལ་ཚགས་ཀྱི་དབྱིབས་ནི་ཚགས་མ་བཞིན་དྲ་མིག་མང་ལ་ནང་དུ་ཟས་རིགས་འཚོ་བཅུད་དང་ལྡན་པ་བཙོ་བའི་ཕྱིར་དེ་ལྟར་བརྗོད་པ་ཡིན།

ཁོལ་ཚགས་ཀྱི་ནང་དུ་རླངས་བཙོས་ཀྱི་ཟས་རིགས་སྣ་མང་བཟོ་ཆོག གབ་ཚིག་འདིར་ཐོག་མར་ཤིང་གི་དྲ་ར་གྲུ་བཞིའི་ནང་ན་ཞེས་ཁོལ་ཚགས་ཀྱི་དབྱིབས་དང་རྣམ་པ་དེ་བརྗོད་པ་དང་། དེ་ནས་སྨན་གྱི་ར་ལ་རིལ་ལི་བཞུགས་ཞེས་ཁོལ་ཚགས་ཀྱི་ནང་གི་བཙོ་བྱ་དེ་གང་ཡིན་པ་བརྗོད་ཡོད། བོད་ལ་མཚོན་ན་ཟ་མ་ནི་རིན་པོ་ཆེ་ལྟ་བུར་ངེས་འཛིན་པ་དང་སྒོས་སུ་ཟ་མ་འཚོ་བཅུད་དང་ལྡན་པའི་རིགས་ལ་ལྷག་ཏུ་དགའ་མོས་བྱེད་ལ་ཐ་ན་འབྱུང་གཞི་གསོ་བྱེད་ཀྱིསྨན་དུའང་ངེས་འཛིན་བྱེད་སྲོལ་ཡོད། དེ་བས་སྨན་གྱི་ར་ལ་རིལ་ལི་བཞུགས་ཞེས་པ་དེས་ཁོལ་ཚགས་ཀྱི་ནང་དུ་བཙོ་བ་ནི་ཟས་རིགས་གཞན་མ་ཡིན་པར་ཟ་མའི་ཁྲོད་ཀྱི་བཅུད་དང་ལྡན་པའི་ཟ་མ་སྟེ་ཚོད་མ་ཡིན་པ་ཤེས་ཐུབ་བོ།། གབ་ཚིག་ཁྲོད་ཀྱི་དྲ་ར་གྲུ་བཞི་དང་ར་ལ་རིལ་ལི་ཞེས་པ་ནི་ཨ་མདོའི་ཡུལ་སྐད་དེ་དངོས་པོའི་དབྱིབས་དང་རྣམ་པ་མཚོན་པའི་ཚིག་ཡིན།

这则谜语的谜面巧妙地描述了底部栅板的形状,将笼中的包子比喻了有助于健康的药物,可见在当时包子是比较稀有的食物。

这是一则关于生活用品的谜语。以前的蒸笼都是木制的,呈筒状,笼框底部有固定栅板。这则谜语的谜面巧妙地描述了底部栅板的形状,将笼中的包子比喻了有助于健康的药物,可见在当时包子是比较稀有的食物。

This riddle describes the appearance of a traditional steamer and compares the nutritious food inside to medicine. 

Transcript search
No results found for this search
0 of 0