Video Overview
བུ་མོ་སྤུན་བཞི་ནི་ནུ་རྡོག་བཞི་དང་ཕྱོགས་སྐྱོང་བཅུ་ནི་སོར་མོ་བཅུ། བདུད་རྩིའི་ཆར་ཞེས་པ་ནི་འོ་མ་མཚོན་པ་ཡིན།
འདི་ནི་བྱ་བའི་སྐོར་གྱི་གབ་ཚིག་ཅིག་ཡིན། གབ་ཚིག་འདིར་འོ་མ་བཞོ་བའི་ངང་ཚུལ་དང་རྣམ་པ་དེ་བརྗོད་བྱར་བཟུང་ཡོད། རི་རབ་ཆེན་པོའི་ཁོངས་གསེང་ན་ཞེས་པ་ནི་འོ་མ་བཞོ་བྱ་དེའི་ལུས་པོ་སྟོན་པ་དང་དཔེར་ན་འབྲིའམ་མཛོ་མོ་ཡང་ན་བ་མོ་ལྟ་བུ། དུང་གི་བུ་མོ་སྤུན་བཞི་འཁྲུངས་ཞེས་པ་ནི་སྒོ་ཕྱུགས་བཞོ་མའི་ལུས་སྟེང་གི་ནུ་མ་སྟོན་པ་ཡིན་ལ། ནུ་མའི་རང་བཞིན་ནི་ཁ་ཏོག་དཀར་བོ་ཡིན་པའི་ཆ་ནས་དུང་གི་དཔེ་རུ་བྱས་པ་དང་། འབྲིའམ་མཛོ་མོ་ཡང་ན་བ་མོ་སོགས་ལ་ནུ་རྡོག་བཞི་རེ་ཡོད་པའི་ཆ་ནས་བུ་མོ་སྤུན་བཞི་ཞེས་བརྗོད་པ་ཡིན། ཕྱོགས་སྐྱོང་བཅུ་ཡི་བཀའ་དྲིན་ཞེས་འོ་མ་བཞོ་དུས་སོར་མོ་བཅུ་ནི་ཚིག་ཉམས་ཐོན་ཕྱིར་ཕྱོགས་སྐྱོང་བཅུ་ལ་དཔེ་བཞག་པ་ཡིན། སྐུ་ལུས་བདུད་རྩིའི་ཆར་ཞིག་ཕབས་ཞེས་པ་ནི་སོར་མོ་བཅུ་ཡིས་རྩོལ་བར་བརྟེན་ནས་འོ་མ་ཐོན་པ་དེ་མཚོན་པ་ཡིན།
这是一则关于人们用双手挤牛奶的谜语。
这是一则关于作业的谜语,描述了在挤牛奶时的情景。
More than a riddle, this is a poetic ode to the practice of milking a dairy animal by hand.
- རི་རབ་ཆེན་པོའི་ཁོང་གསེང་ནས།།From the rock crevices of the great Mount Meru,
- དུང་གི་བུ་མོ་སྤུན་བཞི་འཁྲུངས།།The four daughters of the conch shell were born.
- ཕྱོགས་སྐྱོང་བཅུ་ཡི་བཀའ་དྲིན་ལ།།Through the kindness of the Protectors of the Ten Directions,
- སྐུ་ལུས་བདུད་རྩིའི་ཆར་ཞིག་ཕབས་ཅི་ཁེད།A shower of the elixir of the body rains down. What is it?
- གབ་ལན་ནི་འོ་མ་བཞོ་བའི་དོན་རེད།The answer is the milking of a livestock animal.
- ཕྱོགས་སྐྱོང་བཅུ་ཟེར་བ་ནི་As for the Protectors of the Ten Directions named,
- མཛུབ་མོ་བཅུ་བོ་མཚོན་པ་དང་།they represent the ten fingers, and
- དུང་གི་བུ་མོ་སྤུན་བཞི་ཟེར་བ་ནི་As for the four daughters of the conch shell,
- ནུ་མ་བཞི་བོ་སྟོན་པ་ཡིན།this refers to the four nipples of an udder.