Video Overview
གླུ་དབྱངས་འདི་ནི་སྒོ་ཕྱུགས་རྟ་ཡི་གནས་ཚུལ་བརྗོད་པའི་དམངས་གླུ་ཞིག་རེད།།
གླུ་དབྱངས་འདིར་ཁྱོན་ཚན་པ་གསུམ་ཡོད་ལ། ཚན་པ་དང་བོ་ནི་དཔེ་ཅན་དང་ཚན་པ་གཉིས་པ་དང་གསུམ་པ་གཉིས་དཔེ་ཡིན་པ་རེད། ཡིན་ནའང་དཔེ་དཔེ་ཅན་དུ་སྦྱར་བ་དེ་འདྲའི་འཕྲོར་མོ་ཞིག་བྱུང་མི་འདུག་པ་རེད། དཔེ་ཅན་གྱི་ནང་དོན་ནི་མཛེས་བའི་རྩྭ་ཐང་ནི་འདོ་རིགས་རྟ་ཕོའི་རྩེད་ཡུལ་ཡིན་པ་བརྗོད་འདུག་པ་གསལ་བོ་ཡིན་མོད། དེའི་དཔེ་རུ་བཞག་པའི་སེར་པོ་གསར་གྱི་མཆོད་རྟེན་དེ་སྔོན་མོ་དུ་བའི་བཞུར་ལམ་ཡིན་པ་དང་།དཀར་པོ་དངུལ་གྱི་མཆོད་རྟེན་དེ་བདུད་རྩི་འོ་མའི་བཞུར་ལམ་ཡིན་པར་གོ་རྒྱུ་ཆེར་མི་འདུག་པ་ཞིག་རེད། ཡིན་ནའང་གླུ་དབྱངས་འདིའི་དབྱངས་རྟར་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་འདུག་པས་ང་ཚོས་འཚོལ་སྡུད་བྱས་བ་ཡིན།
Ranging between an ode to the horse and descriptions of various types of stupa, this folk song is as unique in lyrics as it is in melody.
这是一首有关马的民歌。
这首民歌共分为三节。第一节在讲述喻体,第二节和第三节描述本体。然而,本体和喻体并不是非常相关联的。喻体的内容讲述了美丽的草原是马儿嬉戏的地方,而本体叙述了金色的塔是蓝烟出去的路径;银色白塔是牛奶流过的路径,因此,本体与喻体之间的并没有很大的联系。然而,出于这首歌独特的旋律,我们收集了这首歌。
- བསོད་ནམས་དབང་ཕྱུགཐང་ཆེན་སྔོན་མོའི་པ་ཏྲ་འདི།།
- འདོ་རིགས་རྟ་ཕོའི་རྩེད་ལམ་རེད།།
- སེར་པོ་གསར་གྱི་མཆོད་རྟེན་འདི།།
- སྔོན་མོ་དུ་བའི་བཞུར་ལམ་རེད།།
- དཀར་པོ་དངུལ་གྱི་མཆོད་རྟེན་འདི།།
- བདུད་རྩི་འོ་མའི་བཞུར་ལམ་རེད།།