Video Overview
འདི་ནི་རྒྱལ་བུ་ཞིག་མག་པར་འགྲོ་སྐབས་གཡོག་གཉིས་ཀྱིས་རྒྱལ་བུའི་མགོ་གཡོག་ནས་ཚབ་ཏུ་སོང་ཞིང་རྒྱལ་བུ་ཕྱུགས་རྫི་བྱས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་རྒྱལ་པོ་གཉིས་ཀྱིས་མནའ་བཅད་ནས་སྲས་ཤིག་ཡོད་ཚེ་མག་པར་སྟེར་རྒྱུའི་ཐག་བཅད། དུས་ཆད་ལ་ཐོན་རྗེས་རྒྱལ་སྲས་གཡོག་དང་བཅས་ནས་ཕ་རོལ་རྒྱལ་ཁབ་ལ་མག་པར་འགྲོ་སྐབས་ལམ་དུ་གཡོག་གཉིས་ཀྱིས་ཁོའི་མགོ་གཡོག་ནས་ཁུང་ནང་དུ་བཙུད་པ་དང་རྒྱལ་སྲས་ཀྱི་གྱོན་པ་གྱོན་ནས་རྒྱལ་སྲས་ཚབ་ཏུ་སོང་། རྒྱལ་སྲས་བླ་མ་ཞིག་གི་མཛུབ་སྟོན་འོག་སོང་ཞིང་རྒྱལ་པོ་ཚང་གི་ཕྱུགས་རྫི་བྱས། སྲས་མོ་གསུམ་ལས་ཆེ་བ་གཉིས་སེམས་མི་བཟང་བ་དང་ཆུང་བ་དུང་མོ་མཚོ་སེམས་བཟང་ཡིན་པས་དུང་མོ་མཚོ་ཁོའི་རྗེས་སུ་འབྲང་། དེ་ལྟར་རྫི་ངན་གྱིས་བློ་ཐབས་ཀྱིས་གཡོག་དེ་གཉིས་ལས་རྒྱལ་ཞིང་མཐར་ལོངས་སྤྱོད་དང་བཅས་རྒྱལ་པོའི་སྲས་མོ་ཆུང་བ་དང་མཉམ་དུ་བདེ་སྐྱིད་ཀྱིས་འཚོ་བ་རོལ།
这是一则关于一位王子在去入赘他国的途中被他的两个仆人替代,而王子变成了牧人的故事。
这个故事主要讲述了两位国王立誓结为盟友,他们商量以后不管哪一方生了王子都要让王子入赘到另一国。后来,其中一位国王生了一位王子,按照誓约王子在两位仆人的陪伴下远赴他国。在途中,两位仆人把王子藏在洞里,然后穿上王子的衣服代替王子去成亲。而王子在一位活佛的指引下去国王家当了他们家的牧人。国王有三位公主,其中,两位长公主为人恶劣,而小公主心性善良,喜欢跟牧人玩耍。可怜的牧人智斗两位仆人,最终和国王的小公主过上了幸福的生活。
The story of redemption for a prince being attacked by his servants on the way to get married, so that he must become a lowly shepherd.
- དཀོན་མཆོག་སྐྱིད།མོ་ཁ་མ་གྲགས་པར་བསྡད།
- རྫུ་ངན་གྱིས་རུམ་ནས་བལྟས་ནས་རྔ་མ་ལེན་རྩིས་བྱས།
- དེ་ནས་མོས་མོར་མག་པ་རྫུ་ངན་འདྲ་བ་ཡིན་ན་ཆོག་ཟེར།
- རྒྱལ་སྤུན་མ་ཚོས་འདི་འདྲའི་མང་པོ་ཞིག་གི་ནང་ནས།
- ཟོག་རྫི་ལྡོམ་པོ་ཞིག་དགོས་ཟེར།
- རྫུ་ངན་འདྲ་བ་ཞིག
- གཉིས་ཀ་ཁོང་གི་འདབས་ནས་སྡོད།
- ཁོང་ཚང་ནས་བསྡད་ན་མི་ཆོག་ཟེར།
- སྦྲ་གུར་ཞྭ་མོ་འདྲ་བ་ཞིག་བྱིན།
- གཡག་རྒན་སྔོ་ཐེའུ་ཞིག་ཡོད་པ་དེ་བྱིན།
- བ་མ་ཆག་གས་ཤིག་བྱིན།
- དཀར་ཡོལ་ཆག་པ་གཉིས་བྱིན་ནས་ཁེར་འདུག་བྱས།
- དེ་ནས་གཉིས་ཀ་ཁེར་འདུག་བྱས་ནས།
- རྒྱལ་བོ་དེ་ཚང་ལ་ཁྱི་མོ་དམར་ལུ་མ་ཞིག་ཡོད།
- ཁྱི་མོ་སྐད་ཆ་གོ་བ་ཞིག་ཡོད།
- དེ་ནས་དེ་ལྟར་བཤད་ནས་ཨ་རོད་ཚོ།
- སོང་ནས་རྫུ་ངན་ཚང་ལ་ལྐོག་ཉན་བྱོས་དང་།
- རྫུ་ངན་དེ་འདྲེ་ཞིག་ཡིན།
- ཅི་ཞིག་བཤད་བཞིན་འདུག་ཟེར།
- དེ་ནས་སོང་ནས་ལྐོག་ཉན་བྱས།
- དེ་ནས་རྫུ་ངན་གྱིས་ཤེས་སོང་།
- ཨ་རོད་དུང་མོ་མཚོ་ཟེར་དུས་ཨ་ཟེར།
- ངེད་ཚང་གི་རྟེའུ་འཁུར་བ་ཚང་མ།
- ཨ་ཁུ་རྒྱལ་བོ་ཚང་གི་རྟེའུ་ཡིས་འཁུར་བ་ཐམས་ཅད།
- བྱ་རྒྱལ་ཁྱུང་གི་ཟོས་ཡོད་པ་མ་རེད།
- བཀག་ནས་བསྡད་ཡོད།
- བྱ་རྒྱལ་ཁྱུང་དེ་བསད་ན་རིན་ཐང་ཡོད་ནི་མ་རེད།
- དེ་ཡིན་ན་ཨ་ཁུ་རྒྱལ་བོ་ཚང་གསོད་དུ་འགྲོ་ན་ཐང་།
- འགྲོ་རྒྱུ་རེད།
- མག་པ་གཡུ་ཡི་རལ་བ་ཅན་དང་དུང་གི་སེན་མོ་ཅན་ཚང་མ་འགྲོ་རྒྱུ་རེད།
- དེ་ཡིན་ན་བྱ་སྒྲོ་ཐམས་ཅད་གསེར་སྒྲོ་ཡིན་པ་རེད།
- སྒྲོ་དཀར་པོ་ཐམས་ཅད་དངུལ་སྒྲོ་ཡིན་ནི་རེད།
- ལྗང་གུ་ཐམས་ཅད་གཡུ་སྒྲོ་ཡིན་ནི་རེད།
- དེ་རིན་པོ་ཆེ་ཡིན་ནི་རེད།
- ཁྱེད་རང་ཚོས་ལག་ཏུ་ཡོང་དུ་རེད་ཟེར།
- ཕྱིར་སོང་ནས་དེ་ལྟར་བཤད་པ་རེད།
- རྫུ་ངན་གིས་དེ་ལྟར་བཤད་པ་རེད།
- རྒྱལ་བོ་ཚང་གིས།
- ཨ་ཁུ་རྒྱལ་བོ་ཚང་གིས་བདེན་ན་བདེན་ན་དེ་བདེན་གི་ཟེར།
- བྱ་རྒྱལ་ཁྱུང་གསོད་དུ་འགྲོ་ཟེར་ནས་ལམ་ལ་ཆས།
- གཉིས་ཀ་རྗེས་དེད་ནས་ལམ་ལ་ཆས།
- གཉིས་ཀ་རྗེས་དེད་ནས་ལམ་ལ་ཆས།
- དེ་ནས་སོང་ནས་བསྡད།
- ཡང་ཉིན་ཞིག་ལ་ཁྱི་མོ་དམར་ལུ་མ་བཏང་ནས།
- ཁྱི་མོ་དམར་ལུ་མ་ཁྱོད་སོང་ནས།
- རྫུ་ངན་ཚང་ལ་སོང་ནས་ཉོན་དང་།
- རྫུ་ངན་དེ་ངན་ཤིང་ཡིན།
- ཅི་ཞིག་ཟེར་བ་རེད།
- རྫུ་ངན་ཚང་ལ་སོང་ནས་ཉན་དུས།
- རྫུ་ངན་གྱིས་ལྐོག་ཉན་བྱེད་པར་ཡོང་བ་ཤེས་སོང་།
- སང་ཉིན་ཐང་ཆེན་གན་གི་ཕ་རོལ་ན།
- དར་ཆེན་ཞིག་ཡོད་ནི་རེད།
- དར་ཆེན་དེར་སེར་ག་གས་ནས།
- ནང་དུ་མི་རྟ་ལྷུང་འགྲོ་བའི་སེར་ག་ཆེན་པོ་ཞིག་ཡོད།
- ཡོད་པ་རེད་ལ།
- གཡག་རྒན་སྔོ་ཐེའུ་ངེད་གཉིས་དར་རྒུལ་ལ་བུད་འགྲོ་བ་འདྲ་ལ།
- ཨ་ཁུ་རྒྱལ་བོ་ཚང་གིས།
- ཕྱེ་རྩམ་གྱི་ས་བླངས་ནས་སེར་གས་ནང་དུ་མར་ཆུར་བརྫངས་ནས་བུད་འགྲོ།
- ངེད་གཉིས་རྗེས་ནས་འགྲོ་བ་མ་གཏོགས།
- གཡག་རྒན་འགྲོ་ཐུབ་པ་མ་རེད།
- དེ་ལྟར་བཤད་པ་རེད་ཟེར།
- བདེན་ན་བདེན་ན་དེ་བདེན་གི
- ལམ་ལ་ཆས།
- དེ་ནས་སོང་ནས་དར་ཁྱིམ་ཞིག་ཡོད།
- ཕྱེ་རྩམ་གྱི་ས་བླངས་ནས་སེར་གས་བར་ལ་མར་ཆུར་བརྫངས་ནས།
- དར་ཆེན་དེའི་ཕ་རོལ་ལ་སོང་།
- གཉིས་ཀས་ཤུལ་ནས་ཕྱེ་རྩམ་ཐེག་ཙམ་ཞིག་ཁྱེར་ནས།
- མར་ཆུར་ཐེག་ཙམ་ཞིག་ཁྱེར་ནས་སོང་ནས།
- རྒྱལ་བོ་ཚང་གི་ནང་ནས་བསྡད།
- ཡ་ཡང་རྒྱལ་བོ་ཡིས་ཁྱི་མོ་དམར་ལུ་མ།
- རྫུ་ངན་གན་ངན་ཤིང་ཡིན།
- ཁྱོད་སོང་ནས་ཉོན་དང་།
- ཅི་ཞིག་བཤད་བཞིན་ཡོད།
- དེ་ནས་སོང་ནས་ཉན།
- སང་ཉིན་ཉག་ག་གན་ནས་ཕ་རོལ་ལ་སོང་ན།
- ཐང་ཆེན་ཞིག་ན་རྡོ་གཅིག་ཀྱང་མེད་ས་ཞིག་དང་ཐུག་ནི་རེད།
- ཨ་ཁུ་རྒྱལ་བོ་ཚང་ལ་མི་མང་ནི་རེད།
- པུས་མོའི་མགོ་ནས་ཇ་བསྐོལ་ན་འཐུང་ན་ཆོག་ནི་རེད།
- ངེད་གཉིས་ཀྱིས་དེ་ལྟར་བྱེད་ཐུབ་པ་མ་རེད།
- རྡོ་ལོག་གསུམ་ཁྱེར་ནས་འགྲོ་ཟེར་བ་རེད།
- ཕྱིར་སོང་ནས་དེ་ལྟར་བཤད།
- བདེན་ན་བདེན་ན་དེ་བདེན་ནི་རེད།
- ཡང་བུད་སོང་།
- ངོ་མ་རྡོ་མེད་ས་ཞིག་ལ་ཐུག
- དེ་ནས་ཚང་མས་པུས་མའི་ས་འཛིན་བཙུགས་ནས།
- བར་ལ་མེ་བཞག་ནས།
- གཅིག་གིས་ཨ་ཚ་ཚ་ཟེར་ནས་གནམ་ལ་ལྡིང་།
- གཅིག་གིས་ཨ་ཚ་ཚ་ཟེར་ནས་གནམ་ལ་ལྡིང་།
- ཇ་བསྐོལ་ནས་འཐུང་མ་ཐུབ་པ་རེད།
- གཉིས་ཀས་རྡོ་ལོག་གསུམ་པོ་བཙུགས་ནས་ཇ་བསྐོལ་ཏེ་འཐུང་ནས་བསྡད།
- དེ་ནས་ཡང་ཁྱི་མོ་དམར་ལུ་མ།
- ཁྱོད་རྒྱུགས་ནས་སོང་ནས་ཉོན་ཅིག
- རྫུ་ངན་གན་ངན་ཤིང་ཡིན།
- ཅི་ཞིག་ཟེར་བཞིན་ཡོད།
- སོང་ནས་ཉན་དུས།
- སང་ཉིན་ལུང་ཁྱིམ་གན་གི་ནང་གྱེན་ལ་སོང་ན།
- ཉག་ག་གན་གི་ཕ་རོལ་ན།
- ཆུ་ཁམ་གང་མེད་ས་ཞིག་ལ་ཐུག་འགྲོ།
- ངེད་གཉིས་ཀྱིས་དར་ལོག་ཅིག་ཁྱེར་ནས་འགྲོ།
- ཨ་ཁུ་རྒྱལ་བོ་ཚང་ལ་རྟ་མཛོ་མང་ནི་རེད།
- མཛོ་མོ་ཡི་འོག་ཏུ་སྣོད་གསེབ་ནས།
- དེ་ཡིས་ཇ་བསྐོལ་ན་ཆོག་ནི་རེད།
- གཡག་རྒན་སྔོ་ཐེའུ་ཡིས་གཏོང་རྒྱུ་ཡིན་པ་སུས་ཤེས།
- ཕྱིར་སོང་ནས་དེ་ལྟར་བཤད་པ་རེད།
- བདེན་ན་བདེན་ན་དེ་བདེན་ཟེར།
- ཡང་ལམ་ལ་ཆས་པ་ཡིན།
- གཉིས་ཀ་རྗེས་དེད་ནས་དར་ལོག་ཅིག་ཁྱེར་ནས་སོང་།
- གཉིས་ཀས་ཇ་ཞིག་བསྐོལ་ནས་བསྡད།
- ཨ་ཁུ་རྒྱལ་བོ་ཚང་གིས།
- རྟ་རྫིང་མཛོ་རྫིང་ཚང་མ་བླངས་ནས་ཇ་བསྐོལ་བས།
- ཁ་ནང་དུ་ལེན་སྲོལ་མེད་གི
- འཐུང་མ་ཐུབ་པ་རེད།
- ཉིན་ཞག་བཞི་ལ་རྒྱལ་བོ་ཚང་གིས་ཅི་ཡང་འཐུང་མ་ཐུབ་པ་རེད།
- དེ་ནས་ཡང་ཁྱི་མོ་དམར་ལུ་བ་ཁྱོད་སོང་ནས་ཉོན་དང་།
- རྫུ་ངན་གན་ངན་ཤིང་ཡིན།
- ཅི་ཞིག་བཤད་བཞིན་ཡོད་པར་ལྟོས་ཟེར།
- སང་ཉིན་ལུང་ཆེན་གན་གི་ནང་གྱེན་ལ་སོང་ན།
- ཁྱི་མོ་དམར་ལུ་མ་ཐོན་དུས།
- ལུང་ཆེན་གན་གྱི་ནང་གྱེན་ལ་སོང་ན།
- བྲག་ཞར་བ་འདྲ་བ་ཞིག་ཡོད།
- དེ་མར་ཕྱོགས་ནས་འདུག་དགོས་ཟེར།
- དེ་ནས་བསྡད་ན་བྲག་ཞར་བ་འདྲ་བ།
- དེའི་ངོས་ན་བྱ་རྒྱལ་ཁྱུང་ཡོད་པ་རེད།
- ཨ་ཁུ་རྒྱལ་བོ་ཚང་གིས།
- བྱ་རྒྱལ་ཁྱུང་གསོད་པ་རེད།
- ངེད་གཉིས་ཞོལ་ནས་འདུག
- དེ་ནས་ཤུལ་ལ་སོང་ན་སྒྲོ་ཐུར་རེ་རྙེད་ན་བཟང་གི
- སྒྲོ་ཐུར་གཅིག་རྙེད་ན་ཡང་རིན་པོ་ཆེ་ཡིན་ནི་རེད་ཟེར།
- དེ་ནས་ཕྱིར་སོང་ནས།
- ཁྱི་མོ་ཡིས་རྫུ་ངན་གྱིས་དེ་ལྟར་བཤད་པ་རེད་ཟེར།
- བདེན་ན་བདེན་ན་དེ་བདེན་ཟེར་ནས་ལམ་ལ་ཆས།
- གཉིས་ཀ་སོང་ནས་ཞོལ་ནས་བསྡད།
- རྒྱལ་བོ་ཚང་དེ་ནས་བསྡད།
- རྒྱལ་བོ་ཚང་གིས་ཡར་ལ་སོང་ནས།
- ལུང་ཆེན་དེའི་ནང་ན་བྲག་ཞར་བ་འདྲ་བ་ཞིག་ཡོད་གི
- དེ་ནས་གན་ན་ཡོད་ཟེར་ནས་ཚང་མ་བསྡད།
- ཉིན་གསུམ་ལ་བསྡད་མོད་བྱ་རྒྱལ་ཁྱུང་ཡོད་མེད་མ་ཤེས་པ་རེད།
- དེ་ནས་ཁྱི་མོ་དམར་ལུ་མ་ཁྱོད་སོང་ནས།
- རྫུ་ངན་ཚང་ལ་ལྐོག་ཉན་བྱོས་དང་།
- རྫུ་ངན་གན་ངན་ཤིང་ཡིན།
- དེ་ནས་ཁྱི་མོ་དམར་ལུ་མ་སོང་ནས་ལྐོག་ཉན་ཞིག་བྱས་དུས།
- བྱ་རྒྱལ་ཁྱུང་དེ་ལྟར་ཡོང་ནི་མ་རེད།
- ནངས་མོར་ནམ་མ་ལངས་གོང་།
- བྲག་ལམ་གན་ལ་ཞུགས་ནས་སོང་ན།
- བྱ་རྒྱལ་ཁྱུང་གི་མགོ་ཕར་བསྣུར་ཚུར་བསྣུར་བྱས་ནས་ཉལ་ནས་བསྡད་ཡོད།
- ཨ་ཁུ་རྒྱལ་བོ་ཚང་གིས་དེ་གསོད་ནི་རེད།
- ངེད་གཉིས་རྗེས་ནས་བསྡད་ནས།
- སྒྲོ་ཐུར་གཅིག་རེ་རྙེད་ནའང་རིན་པོ་ཆེ་ཡིན་ནི་རེད་ཟེར།
- ཕྱིར་སོང་ནས་རྫུ་ངན་གྱིས་དེ་ལྟར་བཤད་པ་ཡིན་ཟེར།
- ཁྱི་མོ་དམར་ལུ་མ་ཡིས་བཤད་པ་རེད།
- བདེན་ན་བདེན་ན་དེ་བདེན་ནི་རེད།
- མག་པ་གཡུ་རལ་བ་ཅན་དུང་གི་སེན་མོ་ཅན།
- གཉིས་ཀ་སོང་ནས་དེ་ལྟར་བསད་ནས་ཤོག་ཟེར།
- ནམ་མ་ལངས་གོང་དུ་སོང་ཟེར།
- མག་པ་གཉིས་ཀ་སོང་ནས་ནམ་མ་ལངས་གོང་དུ།
- བྲག་ལམ་དེར་ཞུགས་ནས།
- གོ་ལྡང་ཆ་རེ་ཕ་རོལ་ཚུར་རོལ་ནས་ཉལ་ནས་བསྡད།
- གོ་ལྡང་ཆ་རེ་བསད་ནས་བུད་ཡོང་།
- དེ་ནས་ཁོང་གིས་བྱ་རྒྱལ་ཁྱུང་བསད་པ་ཡིན་ཟེར་ནས།
- གོས་སྣ་ཚོགས་ཀྱི་ནང་དུ།
- ཁུག་ཏུ་བསྡུས་ནས་གསེར་སྒམ་དངུལ་སྒམ་ནང་དུ་བསྡུས།
- མཛོ་རྟ་རྣམས་ལ་བཀལ་ནས་ཕྱིར་ལམ་ལ་ཆས།
- དེ་ནས་དུང་མོ་མཚོ་ལ།
- ཨ་ཁུ་རྒྱལ་བོ་ཚང་གིས་བསད་པ་བྱ་རྒྱལ་ཁྱུང་ཡིན་ནི་མ་རེད།
- བྱ་རྒྱལ་ཁྱུང་དེ་ལྟར་གསོད་ཐུབ་ནི་མ་རེད།
- དེ་ལྟར་ཡོང་ནི་མ་རེད།
- ངེད་གཉིས་ཁ་རོག་ལ་འདུག
- ཁྱོད་ཀྱིས་ཀྱང་དུ་བ་མ་བྱེད།
- དེ་ལྟར་སྡོད་དང་།
- ཁོ་ཆུ་མགོ་མགོར་སོང་ནས་སྒུག་ནས་འདུག་ཟེར།
- འདུག་དང་ས་རུབ་ལ་ཉེ་དུས།
- བྱ་རྒྱལ་ཁྱུང་གིས་གྱི་ལིང་དེད་ནས་ཆུ་ཁར་ཡོང་ནི་རེད།
- དེ་ནས་ཁོས་གསོད་ཟེར།
- དེ་ནས་རྟ་རེ་སྤུ་གྲི་འདྲ་བ་ཞིག་བརྡར་ནས་སོང་སྟེ་སྒུག་ནས་བསྡད།
- དེ་ནས་དུང་མོ་མཚོས་ཡ་ཡ་ཟེར་ནས་དུ་བ་ཡང་ཡོང་དུ་མ་བཅུག་པར་བསྡད།
- དེ་ནས་སོང་སྟེ་ས་རུབ་ལ་ཉེ་དུས།
- བྱ་རྒྱལ་ཁྱུང་གིས་གྱི་ལིང་ཚོ་དེད་ནས།
- རྒོད་མ་དེ་ལོ་དྲུག་ལ་སྐྱེ་ནས་གྱི་ལིང་དྲུག་ཡོད།
- ནང་ན་གྱི་ལིང་རྔ་ལོ་ལ་ཡོད།
- དེད་ནས་ཐོན་དང་།
- དེ་ནས་ཆུ་འཐུང་ནས་བསྡད་དུས།
- ཁོས་བྱ་རྒྱལ་ཁྱུང་གི་མགོར་བརྒྱབ་ནས་བསད་པ་རེད།
- བསད་ནས་ཁོས་བྱ་རྒྱལ་ཁྱུང་ཁྱེར་ནས།
- གྱི་ལིང་ཚོ་དེད་ནས་ཕྱིར་ཡོང་།
- དུང་མོ་མཚོ་ཁེར་འདུག་བྱེད་དུས་ཨ་མས་ལག་ཕྱིས་ཤིག་བྱིན་ཡོད།
- དེ་ནས་དུང་མོ་མཚོ་ལ།
- ཁྱོད་ཀྱིས་དེ་ཡིས་ཁ་ལག་མ་བཀྲུས།
- དེ་དགོས་པའི་ཉི་མ་ཞིག་ཡོད་ཟེར།
- ལག་ཕྱིས་དེས་ཁ་ལག་མ་བཀྲུས་པ་རེད།
- དེ་ནས་གཉིས་ཀའི་དེའི་ཁུག་ལ་བསྡུས་ནས།
- ཕྱིར་སྐོར་ནས་ཡོང་།
- དེ་ནས་ལུང་ཆེན་གསུམ་པོ་འདྲེས་མདོ་ནས་གཉིས་ཀས།
- ལུང་བ་ཞིག་གི་ནང་དུ་སྒྲོ་ནག་པོ་གཏོར་ནས་ནོར་རུ་གྱུར་དུ་བཅུག
- ལུང་བ་ཞིག་གི་ནང་དུ་སྒྲོ་དཀར་པོ་གཏོར་ནས་ལུག་གི་གྱུར་དུ་བཅུག
- ལུང་བ་ཞིག་གི་ནང་དུ་སྒྲོ་དམར་པོ་གཏོར་ནས་རྟ་རུ་གྱུར་དུ་བཅུག
- སྒྲོ་ནག་པོ་ཡི་ནང་དུ་གཡག་རྒན་སྔོ་ཐེའུ་བརྒྱབ་དང་།
- སྒྲོ་ནག་པོ་ཅན་གྱི་ལུང་པ་དེའི་ནང་ལ།
- སྒྲོ་དམར་པོ་ཅན་གྱི་ལུང་བ་དེའི་ནང་ལ།
- གྱི་ལིང་ཚོ་བརྒྱབ་དང་།
- གཉིས་ཀས་སྨོན་ལམ་བཏབ་ནས།
- བྱ་རྒྱལ་ཁྱུང་དེ་ལག་ཕྱིས་ཀྱི་ཁུག་ལ་བཞག་ནས།
- ཡར་ལ་བཞག་ནས་ཞོལ་ནས་ཞག་གསུམ་འཚལ་ཏེ་གཉིད་སོང་།
- ནངས་མོར་ནམ་ལངས་དུས།
- སྦྲ་གུར་ར་རྒན་གཞི་རྒན་ཞིག་ཏུ་གྱུར་ཡོད།
- སྟག་ཕྲུག་གཟིག་ཕྲུག་གཉིས་གཤིབ་ནས་བསྡད་ཡོད།
- ཡ་མཚན་ཞིག་གིས་གྱུར་འདུག
- དུང་མོ་མཚོར་ཁྱོད་དེ་རིང་ཁྱོད་ཡུལ་ལ་སོང་ཟེར།
- ཡུལ་ལ་སོང་ནས་ཨ་ཕ་ལོ་ལོ།
- ཁྱོད་ཚང་གི་བྱ་རྒྱལ་ཁྱུང་དེར་ང་རང་གཅིག་མཇལ་དུ་བཅུག
- དེ་ལྟར་ཤོད།
- དེ་ལྟར་བཤད་ན་ཁྱོད་མཇལ་དུ་མི་འཇུག་ཟེར།
- མི་འཇུག་ཟེར་ན་ཨ་ཕ་ལོ་ལོ་ཨ་མ་ལོ་ལོ།
- དེ་ལྟར་ཞུ་བ་བྱས་ན་བར་ཞིག་ལ།
- ཨ་མ་ཡིས་མཇལ་དུ་བཅུག་ཟེར།
- ཁྱོད་ཚོས་དེ་ལྟར་མ་བྱེད།
- བྱ་རྒྱལ་ཁྱུང་ཡིན་ཟེར་ནས་གོ་ལྡང་དེ་ཚང་མ་ལེན་ངེས་།
- ཁྱོད་ཀྱིས་ཞུ་བ་བྱེད་དུས།
- ཆུར་བ་ཞིབ་མོར་བརྡུང་ནས་ཁྱེར།
- དེ་ལྟར་སོང་ནས་གོ་ཁའི་ནང་དུ་ཉུང་ཙམ་རེ་གཏོར་ནས།
- ཁྱོད་ཀྱིས་མགོ་འཕྲུག་ཚུལ་བྱས་ནས།
- ཁྱོད་ཀྱིས་དེ་ལྟར་བྱོས།
- ཆུར་བ་དེ་ལྐག་ལྡིར་བྱེད་དུ་བཅུག་ཟེར།
- ཡ་ཡ་ཟེར།
- དེ་ནས་བྱ་རྒྱལ་ཁྱུང་དེ།
- བྱ་རྒྱལ་ཁྱུང་ཡིན་ཟེར་བའི་གོ་ལྡང་དེ་བླངས་ནས།
- གོས་སྣ་ཚོགས་ཀྱི་དཀྱིལ་ནས་བླངས་ན།
- གོ་ལྡང་ཡིན་ན་ཁ་སེར་པོ།
- གོ་ལྡང་ཡིན་ན་མགོ་སེར་པོ།
- མོ་དེ་ལ་མི་མཇལ་ཟེར་ནས་མགོར་ཐུ་བ་གཡུགས་ནས།
- བྱ་རྒྱལ་ཁྱུང་ཁོང་ཚང་ན་ཡོད།
- མི་བདེན་འདོད་ན་བལྟ་རུ་འགྲོ་ཟེར།
- ཨ་ཕ་ཨ་མ་གཉིས་བཙན་པོ་བྱས་ནས་ཁྲིད་ཤོག་ཟེར།
- ཡ་ཟེར་ནས་མོ་རྒྱུགས་ནས་སོང་།
- སོང་དུས་ཨ་ལ་དུང་མོ་མཚོ་ཐོན་ཐལ་ཟེར།
- དེ་ནས་ཨ་མ་ཡིས་གསེར་མོ་མཚོ་དང་དངུལ་མོ་མཚོ།
- ཁྱོད་གཉིས་ཀྱིས་གན་ལ་ཇ་ཞིག་བླུགས་དང་།
- ཕེ་དེ་རྫུ་ངན་གྱི་རྗེས་དེད་ནས་སོང་སྟེ།
- དེ་ངེད་གཉིས་ཀྱི་ཁྱིམ་ན་ཡོང་སྲོལ་ཡོད་ནི་མ་རེད།
- ཞོལ་ནས་སྡོད་ཟེར།
- བཀོད་པ་མེད་པར་གོ་ཁར་ཡོང་ནས།
- དེ་ལྟར་ཨ་ཕ་ཨ་མ་གཉིས་ལ་བཤད།
- ཁྱེད་ཀྱི་མག་པ་གཡུ་རལ་བ་ཅན་དང་དུང་གི་སེན་མོ་ཅན་གཉིས་ཀྱིས།
- བྱ་རྒྱལ་ཁྱུང་བསད་པ་དེར་མོ་དེ་རིང་མཇལ་དུ་ཡོང་བ་ཡིན།
- གཅིག་མཇལ་དུ་བཅུག་ཟེར་ནས།
- ཆུར་བ་ཉུང་ངུ་རེ་གོ་ཁའི་ནང་དུ་བཏབ་ནས་ལྐག་ལྡིར་བྱེད་དུ་བཅུག
- ཕེ་འདི་རྫུ་ངན་གྱི་རྗེས་དེད་ནས་སོང་སྟེ་ཤིག་ཀྱང་བཏབ་ཡོད།
- མར་ལ་སོང་ཟེར།
- མར་ལ་མ་སོང་བར་ཡར་ལ་བསྣུར་ནས་བསྡད།
- དེ་ནས་ཨ་ཕ་ཡིས་མཇལ་དུ་མི་འཇུག་ཟེར་དུས།
- ཨ་མ་ཡིས་དེ་ལྟར་མ་བྱེད།
- ཁྱོད་ཚོས་འདི་གཅིག་མཇལ་དུ་བཅུག་ཟེར་ནས་ཨ་མ་ཡིས།
- གསེར་སྒམ་དངུལ་སྒམ་གྱི་ཁ་བླངས་ནས།
- གོས་སྣ་ཚོགས་ཀྱིས་གོ་ལྡང་དེར་ཐུམ་བརྒྱབ་ནས།
- ཡར་ལ་བསྡུས་ཡོད།
- དེ་ནས་གསེར་སྒམ་དངུལ་སྒམ་གྱི་ཁ་བླངས་ནས།
- གོས་སྣ་ཚོགས་ཀྱི་ཁུག་ནས་བཤིག་སྟེ།
- གོ་ལྡང་ཡིན་ན་ཁ་སེར་པོ།
- གོ་ལྡང་ཡིན་ན་མགོ་སེར་པོ།
- ང་དེ་ལ་མི་མཇལ་ཟེར།
- མགོ་མདའ་ཅན་དེ་ཟེར་ནས་བཅག་སོང་།
- བྱ་རྒྱལ་ཁྱུང་དེ་འདྲ་ཞིག་ཡིན་པ་མ་རེད།
- ཁོང་གིས་བསད་ཡོད་དེ་ཁོང་གི་རྫུ་ངན་གྱིས་བསད་ཡོད།
- ངེད་ཚོ་འགྲོ་དང་ཨ་མ་ཁྱོད་གཉིས་ལ་སྟོན་དང་ཟེར།
- ཁྱོད་ཚང་གི་རྫུ་ངན་གྱིས་གསོད་ན།
- རྫུ་ངན་གན་གིས་གསོད་ཐུབ་པ་འདྲ།
- དེ་ནས་རྒྱལ་བོ་ཡིས་དེ་ལྟར་བཤད།
- བལྟས་ན་ཆོག་མོད།
- ཁྱོད་ཚང་གི་དེ་བྱ་རྒྱལ་ཁྱུང་ཡིན་མིན་མི་ཤེས་ཟེར་ནས།
- དེ་ལྟར་བཤད་ནས་ལམ་ལ་ཆས།
- ཨ་མ་ལགས་ང་ལ་ཆེད་དུ་སྟེར་རྒྱུ་མེད་ལ་ཟེར།
- རུས་པ་ཆུར་སྒྱེ་གང་བྱིན།
- དེ་ཕྲག་པར་འཁུར་ནས་ཨ་ཕ་ཨ་མ་གཉིས་ཁྲིད་ནས།
- ཡར་ལ་ཡོང་དུས་ལུང་བ་ཞིག་ལུག་གིས་གང་འདུག
- ལུང་བ་ཞིག་ལུག་གིས་གང་ཡོད་པ་སུས་ཡིན་ནམ་ཟེར།
- ཨ་མ་ངེད་ཚང་གི་ལུག་ཡིན་ཟེར།
- ཨ་ཕ་ཡིས་ཁྱོད་ཀྱིས་འུད་ཤོབ་མ་བརྒྱག་ཟེར།
- ཁྱོད་ཚང་ལ་གཡག་རྒན་སྔོ་ཐེའུ་དང་།
- སྦྲ་གུར་ཐལ་བ་ཞིག་ལས་ཅི་ཡོད་དམ་ཟེར།
- ཁྱོད་ཀྱིས་འུད་ཤོབ་མ་བརྒྱག་ཟེར།
- དེ་ནས་ཡང་ཡར་ལ་ཡོང་ནས།
- ལུང་བ་ཞིག་ནོར་གྱིས་གང་འདུག
- ལུང་བ་ཞིག་ནོར་གྱིས་གང་འདུག
- གན་སུས་ཡིན་ནམ་ཟེར།
- ཨ་ཕ་དེ་ཁོང་ཚང་གི་ནོར་རེད།
- ཁྱོད་ཀྱིས་འུད་ཤོབ་མ་བརྒྱག
- ཁྱོད་ཚང་ལ་གང་ན་ནོར་ཞིག་ཡོད་ཟེར།
- གཡག་རྒན་སྔོ་ཐེའུ་ལས་གཞན་གང་ན་ཡོད་ཟེར།
- གཡག་རྒན་སྔོ་ཐེའུ་ཡང་ནང་ན་ཡོད་པ་རེད།
- ཁོང་གི་རེད་ཟེར།
- དེ་ནས་ཨ་ཡ་མཚན་དེ་ཅི་ཞིག་ཡིན་ནམ་འདོད་ནས་ཡར་ཡོང་།
- དེ་ནས་ལུང་བ་ཞིག་རྟ་ཡིས་གང་འདུག
- ལུང་བ་ཞིག་རྟ་ཡིས་གང་ཡོད་པ་སུས་ཡིན་ནམ་ཟེར།
- ཨ་ཕ་དེ་ཁོང་གི་རྟ་རེད་ཟེར།
- ཁྱོད་ཀྱིས་འུད་ཤོབ་མ་བརྒྱག
- ཁྱོད་ཚང་ལ་གཡག་རྒན་སྔོ་ཐེའུ་ལས་གཞན་ཅི་ཞིག་ཡོད།
- ཡོད་ནི་རེད་ཁོང་གི་རྟ་ཡིན།
- བྱ་རྒྱལ་ཁྱུང་གི་རྟེའུ་ཚོའང་ནང་ན་ཡོད།
- ནང་ན་གྱི་ལིང་ཚོ་དང་རྟེའུ་རྔ་ལོར་ལྟོས་དང་ཟེར།
- ངོ་མས་དེ་འདྲ་ཞིག་ཡོད།
- དེ་ནས་ཡར་ལ་སོང་ནས་སྦྲ་གུར་ནག་ལྡང་ཞིག་ཡོད།
- སྟག་ཁྱི་གཟིག་ཁྱི་གཉིས་གཤིབ་ནས་བསྡད་ཡོད།
- དེ་ནས་ཨ་རོད་དུང་མོ་མཚོ།
- ཚུལ་རོལ་གྱེན་ན་ཤོག་དང་ཁྱི་ཡིས་ཟ་རྒྱུ་རེད།
- ཚུལ་རོལ་གྱེན་ན་ཤོག་ཟེར།
- དེ་ཁོང་གི་ཡིན་ནི་རེད།
- ང་ཚོ་དེ་ལ་འགྲོ་བ་ཡིན་ཟེར།
- དེ་ཁོང་གི་ཡིན་ནི་རེད་ཟེར་ནས་ཕ་རོལ་ལ་དྲུད་ནས་སོང་བ་ཡིན།
- སོང་དུས་རྫུ་ངན་ནང་ནས་སྒོར་བུད་ནས།
- ཚ་རུ་ནག་པོ་ཞིག་གྱོན་ནས།
- ཝ་ཞྭ་ཞྭ་གོར་ཞིག་གྱོན་ནས།
- རྟ་ནག་པོ་ཞིག་ལ་སྒ་བསྟད་ནས།
- སྒོ་ཁ་ནས་བཏགས་ཡོད།
- སྒོར་བུད་ནས་ཨ་སྐྱིད་ལ།
- ཨ་ཕ་ཨ་མ་གཉིས་ཐོན་ཐལ་ཞེས་ཟ་མ་བཟོས་ནས།
- གཉིས་ཀ་དེ་ལ་ངོ་ཚ་ནས།
- ཨ་མ་རྒྱུགས་ནས་རུས་པ་ཆུར་སྒྱེ་གང་བོར་འཐམས་སོང་།
- མོ་ཡིས་མ་བཏང་བར།
- མ་བུ་གཉིས་ཀྱིས་འཐེན་རེས་བྱས་ནས།
- ཨ་མའི་བཙན་པོར་བླངས་ནས་ཕ་རོལ་ལ་བུད་སོང་།
- དེ་ནས་ཁྱིམ་ལ་སོང་དུས།
- དུང་མོ་མཚོ་ལ་ཁྱོད་ཀྱིས་མྱུར་དུ་གོན་པ་བརྗེ།
- ཁ་ལག་བཀྲུས་རྗེས།
- ཁྱོད་ཀྱིས་ཨ་ཕ་ཨ་མ་གཉིས་ལ་ཇ་ཞིག་བསྐོལ།
- ཇ་ཞིག་བླུགས་ཟེར།
- ཡ་ཡ་ཟེར་ནས་མོས་ར་རྩག་རུས་རྩག་ཕུད་ནས།
- གོས་ལྭ་གོས་ཚར་གྱོན་ནས།
- ཁ་ལག་བཀྲུས་ཚར་རྗེས།
- དུང་མོ་མཚོ་དེ་ཡག་པོ་མེ་ཏོག་འདྲ་བ་ཞིག་ཡིན།
- དེ་ནས་ཟས་སྣ་ཚོགས་ཀྱིས་སྡེར་ཁ་བསྒྲིགས།
- གཉིས་ཀས་ཨ་ཕ་དང་ཨ་མ་གཉིས་ལ་ཇ་བླུགས།
- མགྲོན་བསུས་བྱས།
- རྒྱལ་བོ་ངོ་ཚ་ནས།
- དེ་ནས་རྫུ་ངན་གྱིས་ཨ་ཕ།
- བྱ་རྒྱལ་ཁྱུང་ཁྱོད་ཚང་གིས་བསད་ཡོད་པ་དེ་མ་རེད།
- གཡས་ཡལ་བ་ཅན་དང་དུང་གི་སེན་མོ་ཅན།
- ཁྱེད་ཚང་གི་མག་པ་དེ་གཉིས་ཀྱིས་བསད་པ་དེ་ཡིན་པ་མ་རེད།
- ངས་བསད་ཡོད་པ་དེ་བྱ་རྒྱལ་ཁྱུང་ཡིན་ནི་རེད།
- ངས་ཁྱོད་ལ་སྟོན་ཡ་ཟེར་ནས།
- ཁྱེད་གཉིས་མཇོལ་ཟེར།
- ཡར་ནས་གསེར་སྒམ་ཞིག་གི་ཁ་ཕྱེ་ནས།
- ནང་ནས་བླངས་པ་རེད།
- བླངས་ནས་ཡ་མཚན་ཞིག་རེད།
- སྒྲོ་དཀར་པོ་ཐམས་ཅད་དངུལ་སྒྲོ་ཡིན།
- སྒྲོ་སེར་པོ་ཐམས་ཅད་གསེར་སྒྲོ་ཡིན།
- སྔོན་པོ་ཐམས་ཅད་གཡུ་སྒྲོ་ཡིན།
- དེ་འདྲ་ཞིག་ཡིན།
- དེ་ནས་གཉིས་ཀ་མཇལ་ནས།
- ཁོང་གཉིས་ཀྱིས་སྨོན་ལམ་བཏབ་ནས།
- སྒྲོ་དཀར་པོ་ཐམས་ཅད་ལུག་གི་གྱུར་དུ་བཅུག
- སྒྲོ་ནག་པོ་ཐམས་ཅད་ནོར་རུ་གྱུར་དུ་བཅུག
- དམར་པོ་ཐམས་ཅད་རྟ་རུ་གྱུར་དུ་བཅུག་ཟེར་ནས།
- ཁོང་གཉིས་ཀྱིས་སྨོན་ལམ་བཏབ་ནས།
- ཁོང་གཉིས་ལ་བྱ་རྒྱལ་ཁྱུང་གི་བྱིན་རླབས་ཀྱིས།
- འདི་འདྲ་ཞིག་ཡོད་པ་རེད།
- ཁྱེད་ཀྱི་མག་པ་གཡུ་རལ་བ་ཅན་དང་དུང་གི་སེན་མོ་ཅན་དེ།
- དེང་མ་ངའི་གཡོག་པོ་ཡིན་པ་རེད།
- ངའི་གཡོག་རྒྱ་ཆེན་རྒྱ་ཆུང་གཉིས་ཡིན་ནི་རེད།
- ཡིན་མོད་ལམ་ནས་ཁོར་བསམ་པ་གནག་ནས།
- ངའི་རྟ་རྔ་ཐུང་གསེར་མགོ་ལག་ཏུ་བླངས་ནས།
- མཚོ་ཀ་བ་ར་རིང་ལག་ཏུ་བླངས་ནས།
- ངའི་མགོ་གཡོགས་ནས།
- ང་ལོ་ཆུང་ཡིན།
- དེ་ལྟར་ངའི་ལག་ནས་བླངས་ཏེ་ཁྱོད་ཀྱི་གམ་ལ་སོང་།
- གཡས་རལ་བ་ངའི་ཡིན་ནི་རེད།
- དུང་གི་སེན་མོ་ཅན་ངའི་ཡིན་ནི་རེད།
- ཇི་མ་ཇི་བཞིན་དེ་ལྟར་དེང་མའི་གནས་ཚུལ་བཤད་པ་ཡིན།
- བཤད་པས་རྒྱལ་བོ་ཁ་སྤོ་ཁ་ལས་ལངས་ནས།
- ཞེ་སྤོ་གཏིང་ནས་ལངས།
- རྒྱུགས་ནས་སོང་སྟེ་གཡོག་རྒྱ་ཆེན་རྒྱ་ཆུང་གཉིས་ལ།
- རྐང་པ་བཅད་ནས་མིག་རུས་ཕུད་ནས།
- ཁྱེད་གཉིས་གཡོག་བྱོས།
- ཟོག་རྫི་བྱོས།
- གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་གཡོག་མོ་བྱོས།
- རྫུ་ངན་མག་པ་བྱས་ནས་དུང་མོ་མཚོ་དེ་བུ་མོ་བྱས་ནས།
- དེ་ལྟར་སྐྱིད་པོ་བྱས་ནས་བསྡད།