Video Overview
Lumo Tsering from Chuma village in Repgong tells the story of how a couple had a frog for a son and how he later became a prince.
རྒན་རྒོན་གཉིས་ལ་བུ་ཕྲུག་གཅིག་ཀྱང་མེད་ལ། རེ་ཞིག་རྒན་མོའི་པུས་མོ་ལས་སྦལ་བ་ཞིག་འཇུར་ནས་ཡོངབ་དང་རྗེས་སུ་མི་རུ་གྱུར་བ་བརྗོད་ཡོད།
སྔོན་རྒྱལ་བོ་ཞིག་གི་འཁོར་འབངས་ཀྱི་གྲས་སུ་རྒན་རྒོན་གཉིས་ཡོད་པ་དང་ཁོ་གཉིས་ལ་བུ་ཕྲུག་མེད། རྒན་མོའི་པུས་མོ་ན་བས་རྒྱུན་དུ་ཁྱིམ་ལས་སོགས་ཀྱང་ལས་ཐུབ་ཀྱིན་མེད། རེ་ཞིག་མོས་པུས་མོ་ན་བས་མེར་སྲོ་བའི་སྐབས་སུ་པུས་མོ་ལས་སྦལ་བ་ཞིག་འཇུར་ནས་ཡོང། སྦལ་བ་དེས་སྐད་ཆ་བཤད་ཤེས་པ་མ་ཟད་ཁྱིམ་ལས་སོགས་ཀྱང་ལས་ཤེས་པ་རེད། དེར་མ་ཟད་ཁྱད་པར་ཅན་གྱི་ནུས་པ་ལྡན་པས་རྒྱལ་པོའི་སྲས་མོའང་མནའ་མར་བླངས་པ་རེད། དོན་དངོས་ནས་སྦལ་བ་དེ་ནི་ཀླུས་སྲས་ཡིན་པ་དང་། རེ་ཞིག་སྦལ་བས་སྦལ་ཤུན་ཕུད་དེ་རྟ་རྒྱུགས་འགྲན་བསྡུར་ལ་སོང་བ་ན་བུ་མོས་ཤེས་པས་སྦལ་ཤུན་མེར་སྲེག མཐར་ཁོ་བཟའ་མི་གང་བོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད།
本段视频讲述了两位夫妇没有孩子,有一天妻子的膝盖里出了一只青蛙,最后变成了人的故事。
这是一段众所周知的故事,既幽默又简短。从前有一位国王的侍从里两位夫妇,他们没有儿女。妻子的膝盖一直在疼痛,有一次在烤火的时候膝盖里出来了一只青蛙,这只青蛙不仅能说话还能干活。还有很多中特能,所以它连国王的女儿都娶进来了。那只青蛙其实是龙王之子,有一次脱掉了青蛙的皮衣去参加了赛马会,公主得知后把青蛙皮给烧了,之后他们一家就过着幸福的日子。
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན་ཨ་ཁུ་རྒྱལ་བོ་ཚང་ཞིག་ཡོད།
- དེའི་འཁོར་འབངས་ཀྱི་གྲལ་ན་རྒད་པོ་རྒན་མོ་ལོ་ལོན་གཉིས་ཡོད།
- ཁོ་གཉིས་ལ་བྱིས་པ་མེད།
- ཁོ་གཉིས་ལོ་ན་མཐོ།
- ཁོ་གཉིས་ཀྱིས་འཚོ་བ་རོལ་ནས་བསྡད།
- རྒན་མོ་ཡིས་པུས་མོ་སྐྲངས་ནས་པུས་པོ་ཆེ་རུ་གྱུར་ཏེ།
- པུས་མོ་ན་ནས་ཡར་མར་ལ་འགྲོ་མ་ཐུབ་པར་བསྡད།
- ཉིན་ཞིག་ལ་རྒན་མོ་ཡིས་ཐབ་གོང་ནང་ལ་མེ་བུས་ནས།
- པུས་པོ་མེ་ལ་ལྡེ་ནས་བསྡད་པས།
- པུས་མོ་ནང་ནས་སྤད་སྒྲ་ཞིག་གྲགས་ནས་བཀད་པས།
- པུས་མོ་ནང་ནས་སྦལ་བ་ཞིག་ལྡིང་ནས་ཡོང་།
- རྒན་མོས་སེམས་འཁུར་བྱས་ནས།
- མ་སེམས་ཅན་ཐམས་ཅད་ཀྱིས་མི་སྐྱེས་ན།
- ངས་འབུ་ཞིག་སྐྱེས་པ་རེད།
- སྦལ་བ་ཞིག་སྐྱེས་པ་རེད་ད་ཅི་བྱེད།
- ངོ་ཚ་བ་སྟེ་སེམས་ཅན་ལ་བཤད་པར་ངོ་ཚ་ནས།
- སེམས་འཁུར་བྱས་ནས་བསྡད།
- དེ་ནས་རྒད་པོ་ལས་ཀ་སོང་ནས་ཕྱིར་ཐོན་པ་རེད།
- རྒད་པོ་་་མ་འགྲིག་ཐལ་ངའི་པུས་མོ་ནང་ནས་སྦལ་བ་ཞིག་སྐྱེས་པ་རེད།
- ངོ་རེ་ཚ་་་མ་སེམས་ཅན་ཐམས་ཅད་ཀྱིས་མི་སྐྱེས་དུས།
- ཁྱོད་ཀྱིས་འབུ་ཞིག་སྐྱེས་ན་ངོ་རེ་ཚ།
- དེ་ནས་རྒད་པོ་དང་ཁོ་གཉིས་ཀྱིས་དེ་ལྟར་བྱས་ནས།
- ཁོ་གཉིས་ཀྱིས་འདི་བསོད་དང་ཟེར།
- ཨ་ཕ་ཨ་ཕ་ང་མ་བསོད་དང་ངས་ཁྱོད་གཉིས་ལ་གོ་ཆོད་ཕན་ཐོགས་ཟེར།
- འདི་ན་མི་སྐྱེས་རུང་གིས་ཁ་གྲགས་མི་ཐུབ་ལ།
- འདི་ན་འབུ་སྐྱེས་རུང་གིས་ཁ་གྲགས་ཐུབ།
- འདི་ཡ་མཚན་ཞིག་ཡིན་རྒྱུ་རེད་ཅེས།
- ཁོ་གཉིས་སྐྲག་ནས་བསོད་མ་ཐུབ་པར་བསྡད།
- དེ་ནས་ཕྱི་ཉིན་རྒད་པོ་ལོག་རྒྱག་ཏུ་སོང་།
- རྒན་མོ་ཡིས་ཇ་གྲ་སྒྲིག་བྱས་ནས།
- ཁུག་མ་ཞིག་གི་ནང་དུ་བྲོ་ཁ་བཞག་ནས།
- ཟངས་དེམ་ཞིག་གི་ནང་དུ་ཇ་གྲ་སྒྲིག་བྱས་དུས།
- ཨ་མ་ཨ་མ་ཨ་ཕ་ལ་ཇ་ངས་ཁྱེར་ནས་འགྲོ་ཟེར།
- ཁྱོད་འབུ་ཞིག་གིས་ཇ་ཅི་ལྟར་ཁྱེར་རྒྱུ་ཟེར།
- ངའི་རྣ་གཅིག་གི་མགོར་ཁུག་མ་ཁོལ།
- རྣ་གཅིག་གི་མགོར་ཟངས་དེམ་ཁོལ།
- ངས་ཁྱེར་ཐུབ་ཅེས་བཤད།
- རྒན་མོ་ཡིས་དེ་ལྟར་་བཀལ་བས།
- ཁྱེར་ནས་ལྡིང་གི་ལྡིང་གི་སོང་།
- ལྡིང་གི་ལྡིང་གི་ཞིང་ཁར་སོང་ནས།
- ཨ་ཕ་ངས་ཇ་ཁྱེར་ཡོང་ཟེར།
- ང་ལ་ཨ་ཕ་ཟེར་ནི་ཞིག་མེད་འདོད་དེ།
- ཡར་མར་ལ་བལྟས་པས་མཐོང་རྒྱུ་མེད་པ་རེད།
- དེ་ནས་ཨ་ཕ་ངས་ཇ་ཁྱེར་ཡོང་ཟེར་ནས།
- ལྡིང་གི་ལྡིང་གི་སྦལ་བ་ཞིག་སྔོན་ན་ལྡིང་ནས་ཡོང་།
- རྒད་པོ་ལ་ཨ་ཕ་ཁྱོད་ཀྱིས་ངལ་གསོ་བྱས་ནས་ཇ་འཐུང་དང་།
- ལོག་ངས་རྒྱག་ཟེར།
- ང་གཤོལ་མགོར་བཞག་ན་ལོག་ངས་རྒྱག་ཟེར།
- རྒད་པོ་ཡིས་སྦལ་བ་གཤོལ་མགོ་ལ་བཞག་ནས།
- ཁོ་ཡིས་ཇ་འཐུང་ནས་བསྡད།
- ཙོད་ལ་དང་བལ་ལ་ཟེར་ནས་ལོག་རྒྱབ་ནས་ཚར་སོང་།
- དེ་ཚང་ལ་རྒད་པོ་གན་ན་ལོག་རྒྱག་རོགས་ཤིག་མེད་མོད།
- ཁྱིམ་མཚེས་ཚང་མས་དེ་ལྟར་བཤད།
- སྦལ་བས་ལོག་རྒྱག་བཞིན་འདུག་ཅེས་སེམས་ཅན་ཡ་མཚན་སོང་།
- གཤོལ་འཁུར་ནས་ཨ་ཕ་ལ་རོགས་བྱས་ཏེ།
- མཛོ་དེད་ནས་ཁོ་གཉིས་ཕྱི་དྲོ་ཡུལ་ལ་ཡོང་།
- ཡུལ་ལ་ཡོང་ནས་ཨ་ཕ་ཨ་མ་གཉིས་ལ།
- ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་ནང་གི་གཅིག་ང་ལ་མནའ་མར་སློང་དགོས་ཟེར།
- ཁྱོད་ས་ཁའི་མི་ལ་སྟེར་བཞིན་མེད་དུས།
- ས་འོག་གི་འབུ་ཡི་མནའ་མར་སྟེར་ནི་མ་རེད་ཟེར།
- ཨ་ཕས་ཨ་ཁུ་རྒྱལ་བོ་ཚང་ལ་དེ་ལྟར་ཡར་ཞུ་བྱེད་པར་སྐྲག་གི་ཟེར།
- ཨ་ཕ་ཁྱོད་སྐྲག་ན་ང་འགྲོ་ཟེར།
- ཁྱོད་རང་ཉིད་འགྲོ་ན་རང་ཉིད་སོང་།
- ང་ཨ་ཁུ་རྒྱལ་བོ་ཚང་ལ་ཞུ་རྒྱུར་སྐྲག་གི་ཟེར།
- ས་ཐོག་གི་མི་ཡི་མནའ་མར་སྟེར་བཞིན་མེད་དུས།
- འབུ་ཞིག་གི་མནའ་མར་སྟེར་ནི་མ་རེད་ཟེར།
- ཁོ་ཨ་ཁུ་རྒྱལ་བོ་ཚང་ལ་མནའ་མ་སློང་དུ་སོང་།
- ཨ་ཁུ་རྒྱལ་བོ་དང་ཨ་ཁུ་རྒྱལ་བོ་ཞེས་བོས།
- ཨ་ཁུ་རྒྱལ་བོ་ཚང་གིས་ཡར་བལྟས་མར་བལྟས་བྱས་རུང་།
- ཅི་ཡང་མཐོང་རྒྱུ་མ་བྱུང་།
- བར་ཞིག་ལ་བལྟས་པས་སྒོ་ནང་ན་སྦལ་བ་ཞིག་གིས།
- ཨ་ཁུ་རྒྱལ་བོ་ཞེས་འབོད་བཞིན་ཡོད།
- ཨ་ཟེར་དུས་ཁྱོད་ཚང་གི་སྲས་མོ་གཅིག་ང་ལ་མནའ་མར་སྟེར་དགོས་ཟེར།
- ངའི་སྲས་མོ་ཞེས་བཤད་དུས་བུ་མོ་ཆེ་བས།
- ཨད་ཡ་་་ང་ས་ཐོག་གི་མི་ཡི་ཆུང་མར་འགྲོ་བཞིན་མེད་དུས།
- ས་འོག་གི་འབུ་ཞིག་གི་ཆུང་མར་འགྲོ་འམ་ཞེས།
- སྦལ་བ་ཞིག་གི་ཆུང་མར་འགྲོ་འམ་ཞེས་བཤད་དེ་མ་སོང་།
- བུ་མོ་བར་མ་ཡིས་ཀྱནང་དེ་ལྟར་འཕྱ་དམོད་བྱས།
- དེ་ནས་ཨ་ཁུ་རྒྱལ་བོ་ཡིས་མི་སྟེར་ཞེས་བཤད་དེ་སྡུག་དམོད་བྱས་ནས་འགྲོ་རུ་བཅུག
- ཕྱི་ཉིན་ཡང་སྦལ་བ་ལྡིང་གི་ལྡིང་གི་སོང་ནས།
- ཁྱོད་ཚང་གི་བུ་མོ་བར་མོ་ང་ལ་བྱིན་ཟེར།
- དེ་ལྟར་མ་བྱིན།
- ཨ་ཁུ་རྒྱལ་བོ་ཁྱོད་ཀྱིས་ང་ལ་སྟེར་ན་བྱིན།
- མི་སྟེར་ན་ང་དགོད་ཀྱི་ཡིན་ཟེར།
- ཁྱོད་དགོད་ན་དགོད་ངའི་བུ་མོ་མི་སྟེར་ཟེར།
- སྦལ་བ་གཅིག་བགད་པས་ཨ་ཁུ་རྒྱལ་བོ་ཡི་ཁ་ཐལ་ནས་འགྲམ་པ་ལ་ཐོན་པ་རེད།
- ངས་ཁྱོད་ལ་སྟེར་ཞེས་བཤད་པས།
- ཨ་ཁུ་རྒྱལ་བོ་ཡི་ཁ་སྦལ་བ་ཡིས་ཕྱིར་བཅོས་པ་རེད།
- དེ་ནས་ཨ་ཁུ་རྒྱལ་བོ་ཁྱོད་ཀྱིས་ང་ལ་མནའ་མ་བུ་མོ་ཚོའི་གཅིག་བྱིན་ཟེར།
- བུ་མོ་ཆེ་བ་མ་སོང་བ་རེད།
- བུ་མོ་བར་མོ་ལ་ཁྱོད་སོང་ཟེར་དུས།
- ས་ཐོག་གི་མི་ཡི་མནའ་མར་འགྲོ་བཞིན་མེད་དུས།
- ས་འོག་གི་འབུ་ཡི་ཆུང་མར་འགྲོ་རྒྱུ་མ་རེད་ཅེས་མ་སོང་བ་རེད།
- དེ་ནས་ཨ་ཁུ་རྒྱལ་བོ་ལ་བཀོད་པ་མེད་པར།
- ཨ་ཁུ་རྒྱལ་བོ་ཡིས་སྦལ་བ་ལ་སྡུག་དམོད་བྱས་ནས།
- ཁྱོད་མར་ལ་སོང་ཞེས་སྡུག་དམོད་བྱས།
- ཨ་ཁུ་རྒྱལ་བོ་ཁྱོད་ཀྱི་སྲས་མོའི་ནང་གི་གཅིག་ང་ལ་མནའ་མ་དགོས་པ་རེད།
- མི་སྟེར་ན་ང་མར་ལ་སྒུར་རྒྱུ་ཡིན་ཟེར།
- ཁྱོད་སྒུར་ན་སྒུར་ཟེར།
- ཨ་ཁུ་རྒྱལ་བོ་ཡི་ཐོད་པ་མར་ལ་སྒུར་ནས་ས་ལ་ཐུག་སོང་།
- ཨ་ཁུ་རྒྱལ་བོ་ཡིས་ཨ་ཁུ་ལོ་ལོ།
- ཁྱོད་ཀྱིས་ང་དྲང་མོར་བཅོས་ན་ངས་ཁྱོད་ལ་སྟེར་ཟེར།
- དེ་ལྟར་བཅོས་རྗེས་ཡང་མ་བྱིན་པ་རེད།
- ཨ་ཁུ་རྒྱལ་བོ་ང་ཕྱིར་དགྱེ་རྒྱུ་ཟེར།
- ཕྱིར་དགྱེ་བས་ཨ་ཁུ་རྒྱལ་བོ་ཕྱིར་དགྱེ་ནས་ཕྱི་ལྟག་ས་ལ་ཐུག་པ་རེད།
- ཨ་ཁུ་རྒྱལ་བོ་སྐྲག་ནས་ཨ་ཁུ་ལོ་ལོ་ཁྱོད་ཀྱིས་དེ་ལྟར་མ་བྱེད་དང་ངས་ཁྱོད་ལ་སྟེར་ཟེར།
- དེ་ནས་ཡང་བུ་མོ་མ་བྱིན་པ་རེད།
- ཨ་ཁུ་རྒྱལ་བོ་ཁྱོད་ལ་བཀོད་པ་མེད་ན་ང་ངུ་རྒྱུ་ཡིན་ཟེར།
- ཁྱོད་ངུ་ན་ངུས་ཟེར།
- དེ་ནས་སྦལ་བ་ངུས་པས་གནམ་ནས་ཆར་བབས་ནས།
- ཆུ་ཡར་ལ་འཕྱུར་ནས་ཨ་ཁུ་རྒྱལ་བོ་ཚང་གི་མཁར་ཡང་སྣུབ་ལ་ཉེ།
- སེམས་ཅན་ལ་སྐྱོན་མེད་པ་རེད།
- ཨ་ཁུ་རྒྱལ་བོ་སྣུབ་ལ་སྣུབ་ལ་བྱས།
- ཨ་ཁུ་རྒྱལ་བོ་ཡིས་བཀོད་པ་མེད་གི
- འདི་ཡ་མཚན་ཞིག་རེད།
- བུ་མོ་ཚོར་ཁྱོད་ཚོའི་གཅིག་མནའ་མར་སོང་ཟེར་དུས།
- བུ་མོ་ཆེ་བ་དང་བར་མོ་གཉིས་མ་སོང་བར་བཀོད་པ་མེད།
- བུ་མོ་ཆུང་བས་ཨ་ཕ་ང་བུད་ལ་འགྲོ་ཟེར།
- ཁྱོད་ཀྱིས་ཨ་ཕའི་ཁ་ཉན་ནས་བུད་སོང་ན་བཟང་གི་ཞེས་བཤད་དེ།
- བུ་མོ་ལ་གོན་པ་གསར་བ་གོན་ནས།
- གཡུ་བྱུ་རུའི་རྒྱན་ཆ་བཏག་ནས།
- སྦལ་བ་ཡི་རྗེས་ལ་ཕུད་པ་རེད།
- སྦལ་བ་ལྡིང་གི་ལྡིང་གི་སོང་ནས།
- མོ་རྗེས་དེད་ནས་སོང་།
- མོ་ངུ་བཞིན་ངུ་བཞིན་རྗེས་དེད་དེ་སོང་།
- སོང་ནས་ཡུལ་ལ་ཐོན་དུས་ཨ་ཕ་ངས་མནའ་མ་ཁྲིད་ནས་ཡོང་ཡོད་ཟེར།
- ཨ་ཕ་ཨ་མ་གཉིས་ཀྱིས་འདིས་ཨ་ཁུ་རྒྱལ་བོ་ཚང་གི་བུ་མོ།
- སྲས་མོ་ཆུང་བ་མནའ་མར་ཁྲིད་ནས་ཐོན་ཐལ་ཞེས་དགའ་ནས།
- ཁོ་ཚོས་དགའ་དགའ་སྐྱིད་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད།
- དེ་ནས་ཉིན་ཞིག་ལ་ཁོ་ཚོའི་ས་ཆ་དེ་ནས།
- རྟ་རྒྱུགས་ཀྱི་ལྟད་མོ་ཡག་པོ་ཞིག་ཡོད་གི་ཞེས།
- སེམས་ཅན་ཐམས་ཅད་དེར་ལྟད་མོར་བལྟ་རུ་སོང་།
- བུ་མོ་ཡིས་གོས་ཚར་གོས་ལྭ་གོན་ནས།
- གཡུ་བྱུ་རུའི་རྒྱན་ཆ་བཏག་ནས།
- བུ་མོ་ཡག་མ་ལྟ་བའི་ཆོག་ཀྱིས་མི་ཤོང་བ་ཞིག་རེད།
- དེ་ནས་མོ་ལྟད་མོ་ལ་བུད་སོང་།
- དེའི་ཤུལ་ནས་སྦལ་བ་ཡིས་སྦལ་ཤུན་ཕུད་ནས།
- རྟ་དཀར་པོ་འབྲུག་འདྲ་བ་ཞིག་ལ་ཞོན་ནས།
- གོན་ན་ཡག་པོ་གོན་ནས།
- གསར་ཡག་སྟག་འདྲ་བ་ཞིག་བཅོས་ཏེ།
- རྟ་ཞོན་ནས་བུད་སོང་།
- རྟ་རྒྱུགས་བྱས་ནས་ཉིན་དེར་ཁོ་རྟ་རྒྱུགས་ནས་བུད་པ་རེད།
- དེ་ནས་སྦལ་བ་ཕྱིར་རྒྱུགས་ནས་ཡོང་སྟེ་སྦལ་ཤུན་གོན་ཏེ་ཡུལ་ནས་བསྡད།
- དེ་ནས་བུ་མོ་ཕྱི་དྲོ་ཐོན་པ་རེད།
- དེ་རིང་སུ་ཡག་གི་སུ་ཞོར་གི་ཟེར།
- དེ་རིང་ངའི་ཡག་ཅིག་དང་ངའི་ཞོར་ཞིག་མེད་གི་ཟེར།
- བུ་མོའི་གྲལ་ནས་ངའི་ཡག་ཅིག་དང་ངའི་ཞོར་ཞིག་མེད་གི
- ཕོ་ཡིས་གྲལ་ནས་དེ་རིང་བུ་རྟ་དཀར་པོ་འབྲུག་འདྲ་བ་ཞིག་ལ་ཞོན་མཁན་ཞིག་ཡོད་གི
- དེའི་ཡག་ཅིག་དང་དེའི་ཞོར་ཞིག་མེད་གི་ཟེར།
- དེའི་ཕྱི་ཉིན་ཡང་དེ་ལྟར་ལྟད་མོ་ལ་སོང་།
- ཡང་བུ་དེས་སྦལ་ཤུན་ཕུད་ནས་བསྡད།
- བུ་དེ་ཉིན་དེར་རྟ་ཡིས་འཕངས་ནས་ཁའི་ནང་གི་མདུན་སོ་བཅག་པ་རེད།
- དེ་ནས་ཕྱི་དྲོ་རྒྱུགས་ནས་ཡོང་སྟེ་སྦལ་ཤུན་གོན་ནས་བསྡད།
- དེ་རིང་སུ་ཡག་གི་སུ་ཞོར་གི་ཟེར།
- དེ་རིང་བུ་མོའི་གྲལ་ནས་ངའི་ཡག་ཅིག་དང་དེའི་ཞོར་ཞིག་མེད་གི
- དེ་རིང་ཕོ་ཡིས་གྲལ་ནས་ཡང་རྟ་དཀར་པོ་ལ་ཞོན་མཁན་དེ་ཡག་གི
- དེ་རིང་རྟ་ཡིས་འཕངས་ནས་ཁའི་ནང་གི་སོ་ཞིག་བཅག་པ་རེད།
- དེ་ནས་སྦལ་བ་གཅིག་བགད་པས།
- སྦལ་བ་ཡི་མདུན་སོ་བཅག་ཡོད་པ་མཐོང་བྱུང་།
- དེ་ནས་བུ་མོ་དོགས་པ་ཟོས་བ་རེད།
- དེ་ནས་ཕྱི་ཉིན་བུ་མོ་ལྟད་མོར་འགྲོ་ཁུལ་བྱས་ཏེ།
- ཁྱིམ་གྱི་ཕུག་ནས་གཞའ་ནས་བསྡད།
- གཞའ་ནས་བསྡད་དུས་སྦལ་བ་ཡིས་སྦལ་ཤུན་ཕུད་ནས།
- གོན་པ་གོན་ནས་རྟ་སྒ་གཏད་ཏེ་གྲ་སྒྲིག་བྱས།
- བུ་དེ་ཡག་སྟེ་གསར་ཡག་སྟག་འདྲ་བ་ཞིག་ཡོད།
- དེ་ནས་བུ་མོ་རྒྱུགས་ནས་སོང་སྟེ་སྦལ་ཤུན་ཁྱེར་ནས་སོང་སྟེ་མེ་ནང་ལ་འཕངས།
- ཁྱོད་ཀྱིས་དེ་ལྟར་བྱས་ན་མི་བཟང་གི
- སྦལ་ཤུན་དེ་གོན་ནས་བསྡད་ན་ངེད་གཉིས་ལ་བགེགས་བར་ཆེད་མེད་ལ།
- ངེད་གཉིས་ཀྱིས་ཟས་རང་འགྲུབ་དང་གོས་རང་འགྲུབ་ཀྱི་འཚོ་བ་རོལ་ནས་འདུག་ཐུབ།
- ཁྱོད་ཀྱིས་དེ་ལྟར་བྱེད་དགོས་པ་མིན་ཟེར།
- ཁྱོད་དེ་ལྟར་བསྡད་ན་ཡག་གི
- སྦལ་ཤུན་གོན་ན་མི་ཡག་གི་ཞེས་བུ་མོ་ཡིས་དེ་ལྟར་བཤད།
- དེ་ནས་བུ་ལ་བར་ཆད་ཅུང་ཙམ་ཡོད་པ་རེད།
- ཁོ་གཉིས་ཀྱིས་དེ་ལྟར་ཁོ་ཚོའི་ཁྱིམ་ཚང་གིས་འཚོ་བ་སྐྱིད་པོ་རོལ་ནས་བསྡད།
- དེ་རེད་་་་ཚར་སོང་།