Video Overview
Tshampa Samten from Dogar Geog, Paro sings a long-life prayer dedicated to Zhabdrung Ngawang Namgyal (1594–1651), the founder of Bhutan. This category of prayer honors spiritual masters through praying for their longevity, so that they can continue working for the welfare of all sentient beings. At the beginning of the prayer, there is a supplication that the body, mind and the speech of the spiritual master remain free from hindrances, and that they remain dedicated to the flourishing of the teachings. It is believed that reciting such prayers can cleanse all defilements accumulated in one’s entire life.
སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ མཚམས་པ་བསམ་གཏན་གྱིས་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ ཞབས་བརྟན་འདི་ཕུལཝ་ཨིནམ་ད་ ནང་པའི་ཆོས་ཀྱི་ཧོངས་ལས་འབད་བ་ཅིན་ ཞབས་བརྟེན་ཕུལ་ཞིནམ་ལས་ བླམ་རིན་པོ་ཆེ་ སྐུ་ཚེ་ལུ་བར་ཆད་མེད་པར་ སེམས་ཅན་གྱི་དོན་མཛད་འདི་ ལོ་བརྒྱ་དང་བརྒྱ་སྦེ་བཞུགས་གནང་ཟེར་ གསོལ་བ་བཏབ་ཨིན། ཞབས་བརྟན་གྱི་མགུ་ལུ་ འཇིག་རྟེན་གྱི་ཁམས་འདི་ནང་ དམ་པའི་ཆོས་དར་ཁྱབ་གནང་ནིའི་དོན་ལུ་ བླམ་གྱི་སྐུ་ལུ་འགྱུར་བ་དང་ གསུང་ལུ་འཁྲུལ་བ་ ཐུགས་ལུ་འགག་པ་མེད་པར་བཞུགས་ཏེ་ སློབ་འབངས་ཡོངས་ཀྱི་རྒྱུད་ལུ་ཡོད་པའི་ བགེགས་དང་བར་ཆད་ ལས་ཀྱི་སྒྲིབ་པ་ཚུ་ དག་བཅུག་ཟེར་སྨོན་ལམ་བཏབ་མས།
- མཚམས་པ་བསམ་གཏན་ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐུ་འགྱུར་བ་མེད་པ་བླ་མའི་སྐུ། །
- མཚམས་པ་བསམ་གཏན་གསུང་འགག་པ་མེད་པ་བླ་མའི་གསུང་། །ཐུགས་འཁྲུལ་བ་མེད་པ་བླ་མའི་ཐུགས། །
- མཚམས་པ་བསམ་གཏན་བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །
- མཚམས་པ་བསམ་གཏན་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རླབས་ཕྲེང་དབུས། །འགལ་རྐྱེན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །
- མཚམས་པ་བསམ་གཏན་ཕན་བདེ་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- མཚམས་པ་བསམ་གཏན་མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་དོར་བར། །
- མཚམས་པ་བསམ་གཏན་མོས་པས་བདུད་དཔུང་འཇོམས་མཛད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- མཚམས་པ་བསམ་གཏན་ཁམས་གསུམ་སེམས་ཅན་འཁོར་བ་ལས་འགྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །
- མཚམས་པ་བསམ་གཏན་འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པ་གྱུར་ཅིག་གུ། །
- མཚམས་པ་བསམ་གཏན་བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །
- མཚམས་པ་བསམ་གཏན་འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །
- མཚམས་པ་བསམ་གཏན་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
- མཚམས་པ་བསམ་གཏན་ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །