Skip to main content Skip to search
05 Jul 2018
5 min 8 sec
Video Overview
Creators: 
Penchela

Gyangay Lham and Khando Om sing a very rare song they learned from their parents.  This song praises about the Peling Lhakhang, built on a cliff where the staircase rises from the ocean while its stone slabs and balconies were made from turquoise and rubies, respectively. It also has a golden and sliver throne covered by tiger and leopard skins. Though the song is no longer publicly sung, it used to be performed during tshechus, annual pujas, in front of great lamas and during gatherings. 

༉  རྩི་རང་རྫོང་ཁག་ རྩི་རང་སྟོད་ལས་ རྒན་རྒས་ལྷ་མོ་དང་མཁའ་འགྲོ་དབང་མོ་གཉིས་ཀྱིས་ ལུང་ཕྱོགས་ནང་དཀོན་དྲགས་ཅན་གྱི་གླུ་གཞས་ ལྷ་ལུང་ལ་སོགས་ཕྱོགས་ལས་སྟོད་ཟེར་མི་ གླུ་གཞས་འདི་འཐེནམ་ཨིནམ་ད་ གླུ་གཞས་ཀྱི་འབྱུང་ཁུངས་འདི་ གསལ་ཏོག་ཏོ་ཅིག་མ་ཤེས་རུང་ ཁོང་རའི་ཕམ་ཚུ་ལས་ སྦྱངས་བ་འབད་ནུག པད་གླིང་གི་ལྷ་ཁང་ཅིག་ལུ་བསྟོད་པ་སྦེ་ཕུལ་བའི་གླུ་གཞས་འདི་གི་ཚིག་དང་འཁྲིལཝ་ད་ བྱག་གི་གུ་ལུ་ བཞེངས་ཡོད་པའི་ལྷ་ཁང་འདིའི་ཨེ་ཁུག་འདི་ རྒྱ་མཚོའི་གཏིང་ལས་སྦེ་ཡོདཔ་ད་ ལྷ་ཁང་གི་རྡོ་གཅལ་དང་ སྟེང་སྒོ་འདི་ཚུ་ གཡུ་དང་བྱུ་རུ་ལས་བཟོ་བཟོཝ་ཨིནམ་མ་ཚད་ ལྷ་ཁང་འདི་ནང་ རྒྱུ་རིན་ཆེན་གསེར་དང་དངུལ་ལས་གྲུབ་པའི་ སྟག་དང་གཟིག་ལྤགས་ཀྱིས་བརྒྱན་པའི་ གསེར་ཁྲི་ཅིག་ཡོདཔ་མས། ཧེ་མ་འབད་བ་ཅིན་ གླུ་གཞས་འདི་ ཚེས་བཅུ་དང་དུས་སྟོན་གྱི་སྐབས་དང་ དེ་ལས་བླམ་དང་དཔོན་ཚུའི་སྐུ་མདུན་ལུ་འཐེནམ་ཨིན་རུང་ ད་རེས་ནངས་པར་ ཉམས་སོང་སྟེ་ གནམ་མེད་ས་མེད་ཅིག་འཐེན་ས་མི་མཐོང་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: [ལྷ་ལུང་ལགས་སོ་ཕྱོགས་ལ་ལྟོས་བྱག་གི། །བྱག་གི་སྒྲ་ལྷ་གཅིག་ཡོད་ལ། །བྱག་གི་སྒྲ་ལྷ་གཅིག་ཡོད། ། བྱག་གི་སྒྲ་ལྷ་གཅིག་རུང་?]། །གདན་ཁྲི་རྩཝ་ལས་བཙུགས་ཡོད་ལ། །གདན་ཁྲི་རྩཝ་ལས་བཙུགས་ཡོད། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: གདན་ཁྲི་ལགས་སོ་རྩཝ་ལས་བཙུགས་རུང་། །སྒོ་སྐྲོག་སྟོང་ལས་རྒྱབ་ཡོད་ལ། །སྒོ་སྐྲོག་སྟོང་ལས་རྒྱབ་ཡོད། ། སྒོ་སྐྲོག་ལགས་སོ་སྟོང་ལས་རྒྱབ་རུང་། །ཕྱག་མཛོད་སྐེ་ལ་བསྣམས་ཡོད་ལ། །ཕྱག་མཛོད་སྐེ་ལ་བསྣམས་ཡོད། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: ཕྱག་མཛོད་ལགས་སོ་སྐེ་བསྣམས་རུང་། །ཨོ་ལོ་ང་རའི་སྐལ་བ་བཟང་ཡོད་ལ། །ཨ་ལོ་ང་རའི་སྐལ་བ་བཟང་ཡོད། ། ལྷ་ལུང་ལགས་སོ་ཕྱོགས་ལ་ལྟོས་དང་། །རྡོ་གཅལ་གཡུ་ཡི་མནྡྲལ་ལ། །རྡོ་གཅལ་གཡུ་ཡི་མནྡྲལ། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: གཡུ་ཡི་ལགས་སོ་མནྡྲལ་འདྲ་རུང་། །གདན་ཁྲི་ཆོས་ཀྱི་སྤོ་ཏི་ལ། །གདན་ཁྲི་ཆོས་ཀྱི་སྤོ་ཏི། ། ཆོས་ཀྱི་ལགས་སོ་སྤོ་ཏི་འདྲ་རུང་། །[སྦལ་ཆགས་?]བཀྲིས་གཡང་ཆགས་ལ། །[སྦལ་ཆགས་?]བཀྲ་ཤིས་གཡང་ཆགས། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: བཀྲིས་ལགས་སོ་གཡང་ཆགས་འདྲ་རུང་། །[ཤབ་སྒོར་བྱུ་རུ་ཤན་ཐག །ཤབ་སྒོར་བྱུ་རུ་ཤན་ཐག །?] བྱུ་རུ་ལགས་སོ་ཤན་ཐག་འདྲ་རུང་། །གཟིམ་ཅུང་ཀ་བཞི་དུང་བཞི་ལ། །གཞིམ་ཅུང་ཀ་བཞི་དུང་བཞི། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: ཀ་བཞི་ལགས་སོ་དུང་བཞི་འདྲ་རུང་། །རྒྱབ་ལ་གསེར་ཁྲི་དངུལ་ཁྲི་ལ། །རྒྱབ་ལ་གསེར་ཁྲི་དངུལ་ཁྲི། ། གསེར་ཁྲི་ལགས་སོ་དངུལ་ཁྲི་སྟེང་ལུ། །བཞུགས་གདན་སྟག་ལྤགས་གཟིག་ལྤགས་ལ། །བཞུགས་གདན་སྟག་ལྤགས་གཟིག་ལྤགས། །
  • རྒན་རྒས་ལྷམོ་དང་མཁའ་འགྲོ་དབང་མོ་
    Gyangay Lham & Khandro Wangmo: སྟག་ལྤགས་ལགས་སོ་གཟིག་ལྤགས་སྟེང་ལུ། །སྐུ་ཞོགས་པད་གླིང་ཡབ་སྲས་བཞུགས་ལ། །སྐུ་ཞོགས་པད་གླིང་ཡབ་སྲས་བཞུགས།། །།