Video Overview
Lumo Tsering from Chuma village in Repgong tells the story of how the son of a poor family rescued the lost princess and became king.
ཁྱིམ་ཚང་དབུལ་བོ་ཞིག་གི་བུ་དེས་རྒྱལ་བོ་ཚང་གི་སྲས་མོ་བོར་སོང་བ་དེ་རྙེད་པ་དང་། རྒྱལ་བོས་བཀའ་དྲིན་ཞུ་ཆེད་རྒྱལ་སའང་ཁོ་ལ་སྤྲད་པ་བརྗོད་ཡོད།
བརྙན་འདིར་སྔོན་རྒྱལ་བོ་ཚང་ལ་སྲས་མོ་ཞིག་ཡོད་པ་བོར་སོང་བས་ཅི་ལྟར་བཙལ་ཡང་མ་རྙེད། ཁྱིམ་ཚང་དབུལ་བོ་ཚང་ཞིག་ལ་བུ་ཞིག་ཡོད་པ་དེ་མདའ་རྩལ་མཁས་པ་དང་རེ་ཞིག་རི་དྭགས་རྔོན་དུ་འགྲོ་བའི་ལམ་བར་ཏུ་རླུང་ནག་ཚུར་མ་ཞིག་ལ་འཕྲད་པ་དང་མདའ་ཞིག་འཕངས་པས། དེ་ལས་ལྷམ་ཡ་གཅིག་ལྷུང་། ལྷམ་དེ་རྒྱལ་བོའི་སྲས་མོའི་ལྷམ་ཡིན་པ་ཤེས་ནས་རྒྱལ་བོས་ཁོ་རང་སྲས་མོ་འཚོལ་བར་མངགས། དེ་ཡི་ལམ་བར་དུ་རྒྱལ་བོའི་བློན་པོས་གནོད་པ་བྱས་པས་བགག་དང་བར་ཆད་གང་མང་ཞིག་བྱུང་ཡང་། མཐར་རྒྱལ་བོའི་ཕོ་བྲང་ལ་ཕྱིར་ལོག་པ་དང་རྒྱལ་བོས་བཀའ་དྲིན་ཞུ་ཆེད་དུ་རྒྱལ་སའང་བུ་དེ་ལ་སྤྲད་ནས་བདེ་སྐྱིད་ཀྱི་འཚོ་བོ་རོལ་བའི་གཏམ་རྒྱུད་བརྗོད་ཡོད།
本段视频讲述了一个穷人家的儿子去打猎的路上找到了一位丢失了的公主的鞋子,因此国王命令他去找公主,找到公主后国王把王位给了他。
从前有一位公主丢了,国王想尽办法却怎么也没找到。有一天一位穷人家的儿子去打猎时找到了一只漂亮的鞋子,后来得知那是公主的。国王命令去让她去找公主,公主在一个山洞里被妖魔当作佣人,当穷人家的儿子救回公主时却有被一位大臣邀功。之后他到了庆祝公主回宫的盛宴上,公主认出他并把事情的真相告诉了国王。国王为了感谢他把王位让给他,让他继承。从此过上了幸福的日子。
- Repgong
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་དེའི་འཁོར་འབངས་ཀྱི་གྲལ་ན་བཟའ་ཟླ་རྒན་རྒོན་གཉིས་ཡོད།
- འཚོ་བ་སྡུག་པོ་རོལ་ནས་བསྡད་པའི་བཟའ་ཟླ་གཉིས་ཡོད།
- རྒད་པོ་རི་དྭགས་པ་བཅོས་ནས།
- རི་དྭགས་བསད་ནས་ཡོང་སྟེ་ཁ་གསོ་ཐབས་བྱས་ནས།
- འཚོ་བ་སྡུག་པོ་རོལ་ནས་བསྡད་དུས།
- ཁོ་གཉིས་ལོ་ཡང་ཆེ་བ་རེད།
- ཁོ་གཉིས་ལ་བུ་ཞིག་སྐྱེས་པ་རེད།
- བུ་དེ་ཉི་མ་སྐར་མ་བཟང་བོ་ཞིག་ལ་སྐྱེས་ནས།
- ཁོ་གཉིས་དགའ་ནས་ངེད་གཉིས་ལ་བུ་འདི།
- གནམ་གྱིས་གནང་བ་རེད་ཟེར་ནས་དགའ་ནས་བསྡད་དུས།
- རྒད་པོ་ན་ཚ་བྱུང་ནས།
- རི་དྭགས་པ་རྒད་པོ་ཉིན་ཞིག་ལ་ཤི་སོང་བ་རེད།
- ཤི་སོང་བས་མ་བུ་གཉིས་ཀྱིས་ལྷག་ཏུ་འཚོ་བ་སྡུག་པོ་རོལ་ནས།
- བུ་དེ་རིམ་བཞིན་ནར་སོན་ནས་ཨ་ཕ་ཡི་མདའ་གཞི་འཁུར་ནས།
- ཨ་མ་ང་རི་དྭགས་པ་བྱེད་དུ་འགྲོ།
- ངེད་གཉིས་ཀྱི་ཁ་ངས་གསོ་ཞེས།
- ཨ་མ་ཁྱོད་ངས་གཉོར་ཟེར་ནས།
- བུ་དེ་ནར་སོན་དུས་ཨ་ཕ་ཡི་མདའ་གཞི་འཁུར་ནས།
- ཁོ་རི་དྭགས་བསོད་དུ་སོང་།
- ཉིན་ཞིག་རི་དྭགས་བསོད་པ་ལས་སྡེ་བ་ཡི་འདབས་ནས་འགྲོ་དུས།
- རླུང་ནག་འཚུབ་མ་ཞིག་གློ་བུར་དུ་ཐོན་པ་རེད།
- རླུང་ནག་འཚུབ་མ་དེའི་ནང་ལ་མདའ་ཡིས་རྒྱབ་པས།
- རླུང་ནག་འཚུབ་མ་མེད་སོང་།
- རྒྱུགས་ནས་སོང་སྟེ་ཤུལ་ལ་བལྟས་པས་ལྷམ་ཞིག་ཡོད།
- བུ་མོ་ཞིག་གི་ལྷམ་ཡག་པོ་ཞིག་ཡོད།
- ལྷམ་ཡག་པོ་ཞིག་བཞག་ཡོད།
- ཁོ་ཡིས་ལྷམ་འདི་ངོ་མས་ཡག་གི
- ང་སོང་ནས་ལྷམ་འདེབས་ཤིག་ལ་འདིའི་ཡ་གཅིག་བཟོ་རུ་བཅུག་ན་ཨ་མར་འགྲིག་གི་ཞེས།
- ཁྱེར་ཏེ་དགའ་ནས་ཡོང་།
- ཨ་མ་ངས་ལྷམ་འདི་འདྲ་ཡག་པོ་ཞིག་ཁྱེར་ཡོང་ཡོད།
- དོན་དག་དེ་འདྲ་ཞིག་རེད།
- རླུང་ནག་འཚུབ་མ་ཞིག་གི་ནང་ལ་མདའ་ཡིས་བརྒྱབ་པས།
- ལྷམ་འདི་འདྲ་ཡག་པོ་ཞིག་ལྷུང་ཐལ།
- ལྷམ་འདི་ལ་ཡ་གཅིག་འདེབས་སུ་བཅུག་ན།
- འདི་ཁྱོད་ཀྱིས་གོན་ན་ངོ་མས་ཡག་གི་ཟེར།
- སོང་ནས་ལྷམ་འདེབས་ཤིག་བཙལ་ནས་སོང་དུས།
- ལྷམ་འདེབས་ཤིག་རྙེད་ནས་ང་ལ་ལྷམ་ཞིག་འདེབས་དགོས།
- ངས་ཨ་མ་ལ་གོན་དུ་འཇུག་རྒྱུ་ཞེས་བཤད།
- ལྷམ་བཟོ་དེས་ཁྱོད་ཀྱི་ལྷམ་འདི་གང་ནས་ལག་ལ་ཡོང་བ་ཡིན།
- གང་ནས་རྙེད་པ་ཡིན་ཞེས་རྒྱུ་མཚན་དྲིས་པས།
- ཁོ་ཡིས་ངས་འདི་ལྟར་རླུང་ནག་འཚུབ་མ་ཞིག་ཡོད་གི
- དེའི་ནང་ལ་མདའ་ཡིས་བརྒྱབ་ནས།
- དེའི་ནང་ནས་རྙེད་པ་ཡིན་ཞེས་རྒྱུ་མཚན་བཤད།
- ལྷམ་འདི་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་ཡི་ལྷམ་རེད།
- ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་བོར་སོང་།
- གར་ཁྱེར་འདི་ཁྱེར་མ་ཤེས་གར་ཡོད་འདི་ཡོད་མ་ཤེས་བར།
- ཨ་ཁུ་རྒྱལ་བོ་ཚང་གིས་བཙལ་བཞིན་འདུག
- འདི་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོའི་ལྷམ་རེད།
- འདི་ངས་བཏབ་པ་ཡིན་ཞེས་བཤད།
- ཁྱོད་སོང་དང་ཨ་ཁུ་རྒྱལ་བོ་ཚང་ལ་སོང་ནས་སྟོན།
- འདིའི་རྒྱུ་མཚན་བཤད་ན།
- ཁྱོད་ལ་ཨ་ཁུ་རྒྱལ་བོ་ཚང་གིས་བྱ་དགའ་སྟེར་ནི་རེད་ཟེར།
- བུ་དེ་དགའ་ནས་ཁྱེར་ཏེ་སོང་།
- ཨ་ཁུ་རྒྱལ་བོ་ཚང་ལ།
- ལྷམ་འདི་ངས་རྙེད་ནི་ཡིན་ཞེས་རྒྱུ་མཚན་བཤད་ནས།
- ཨ་ཁུ་རྒྱལ་བོ་ཚང་གིས་ཁྱོད་ངེད་ཚང་གི་བུ་མོ་བཙལ་དུ་སོང་།
- ཁྱོད་ལ་བློན་པོ་མང་པོ་མངག།
- ཟ་རྒྱུ་མང་པོ་བྱིན་ནས་ངེད་ཚང་གི་བུ་མོ་བཙལ་དུ་སོང་ཞེས་བཀའ་བབས།
- བློན་པོ་ངར་བ་ཞིག་ཁོའི་གཡོག་ལ་མངགས་ནས།
- བློན་པོ་འགའ་གཡོག་ལ་ཁྲིད་ནས།
- ཟ་མ་མང་པོ་ཁྱེར་ནས་བཙལ་དུ་སོང་དུས།
- རླུང་ནག་འཚུབ་མ་སྟེ་མདའ་ཡིས་བརྒྱབ་ས།
- ལྷམ་ཡོད་སའི་གནས་དེར་སོང་དུས་ཁྲག་རྗེས་ཤིག་ཡོད།
- ཁྲག་རྗེས་དེ་དེད་ནས་ཕ་རོལ་ཞིག་ལ་སོང་དུས།
- ལུང་བ་ཆེན་པོ་ཞབས་མེད་ནི་ཞིག་གི་ནང་ལ་རྗེས་བཏབ་ཡོད།
- དེའི་ནང་ལ་བློན་པོ་ཡིས་ཁྱོད་སོང་ཟེར།
- ཁོ་ཡིས་བློན་པོ་ལ་ཁྱོད་སོང་ཟེར།
- ཁོ་གཉིས་ཀྱིས་དེ་རྩ་བསྡུར་བྱས་ནས།
- བློན་པོ་ཡིས་ང་འགྲོ་མི་ཐུབ་ཏེ་ཁྱོད་སོང་ཟེར་ནས་ཁོ་མར་ལ་བསྣར་ནས།
- ང་མར་ལ་བསྣར་ན་མི་ཉན་གི་ཟེར་ན་ཁྱོས་ང་ཕྱིར་ཡར་འཐེན།
- སྐྱོན་མེད་གི་ཟེར་ན་ང་མར་ལ་བསྣར་ཟེར་ནས་བཤད་དུས།
- ཡ་ཞེས་བཤད་དེ་བློན་པོ་ནང་ལ་འགྲོ་རྒྱུར་སྐྲག་ནས།
- བུ་དེ་ནང་ལ་བསྣར།
- ལུང་བ་དེར་ཞབས་མེད་གི
- ང་སྐྲག་གི་མི་ཉན་གི་ཕྱིར་འཐེན་ཟེར་དུས་བློན་པོ་ཡིས་མར་ལ་འཕངས་བ་རེད།
- མར་ལ་འཕངས་ནས་ཁོ་སྨད་ཅིག་ལ་ལྷུང་ནས།
- སྨད་ཅིག་ལ་སོང་དུས་ལུང་བ་དེར་ལམ་ཞིག་ཡོད།
- ལུང་བ་དེ་དེད་ནས་ཕ་རོལ་ཞིག་ལ་སོང་དུས།
- ཁང་བ་འདྲ་བ་ས་ཆ་ཆེན་པོ་ཞིག་ཡོད།
- དེ་ནས་ཕ་རོལ་ལ་སོང་དུས་བུ་མོ་ཆུང་ཆུང་ཞིག་གིས།
- སེམས་སྡུག་ནས་མིག་ཆུ་བཞུར་ཏེ།
- ར་མ་འགའ་འཚོས་ནས་བསྡད་ཡོད།
- དེ་ནས་ཨ་རོད་བུ་མོ་ཞེས་རྩིབ་ལ་སོང་ནས་ཁ་གྲགས་པས།
- བུ་མོས་མགོ་གནམ་ན་བཀྱག་ནས་བལྟས་དུས།
- ངས་ངོ་མས་མི་ཞིག་མིག་གིས་མཐོང་སོང་ཞེས།
- དགའ་ནས་ཁྱོད་གང་ནས་ཡོང་བ་ཡིན།
- ཁྱོད་གང་གི་ཡིན་ཞེས་བུ་མོ་ཡིས་རྒྱུ་མཚན་དྲིས།
- ང་འདི་ལྟར་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་བོར་སོང་།
- བཙལ་དུ་ཡོང་བ་ཡིན་ཞེས་བུ་དེས་རྒྱུ་མཚན་བཤད།
- ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་ང་ཡིན།
- ང་སྲིན་པོ་ཞིག་གིས་འདི་ལྟར་ཁྲིད་ནས་ཡོང་བ་ཡིན།
- ངས་འདི་ན་སྡུག་མྱངས་ནས་བསྡད་ཡོད།
- ཁྱོད་ཀྱིས་ང་ཁྲིད་དགོས་ཞེས་བཤད་ནས་མིག་ཆུ་བཞུར།
- དགའ་ནས་བུ་དེ་ལ་ཞུ་བ་བྱས།
- ཡ་སྲིན་པོ་དེ་ཅི་ལྟར་བསྡད་ཡོད་ཀི་ཞེས་རྒྱུ་མཚན་བཤད་པས།
- སྲིན་པོ་དེའི་ཕྲག་པ་གཅིག་ན་སྨེ་བ་ཆེན་པོ་ཞིག་ཡོད་གི
- དེ་ཁོ་ཡི་སྲོག་རེད་ཟེར།
- ཁྱོད་ཀྱིས་མདའ་ཡིས་ཚད་ནས་བརྒྱབ་ན།
- དེར་རྒྱག་མ་ཐུབ་ན་བསོད་པ་དཀའ་མོ་རེད་ཅེས་བཤད་པས།
- ཁང་བ་ཁང་ཆེན་དེའི་ནང་ནས་བུ་མོས་བཀོད་སྒྲིག་བྱས་ནས།
- ཕྱི་དྲོ་ཉི་མ་ནུབ་དུས་མོས་ར་མ་ཚོ་དེད་ནས་ཁང་བ་ནང་ལ་སོང་།
- སོང་དུས་སྲིན་པོ་དེ་ན་བསྡད་ཡོད།
- མོས་ཡང་སྲིན་པོ་ལ་ཇ་བསྐོལ་ཏེ་ཟ་མ་བཟོས་ནས་དེ་ལྟར་གླ་བྱས་ནས་བསྡད།
- དགོང་མོ་ཟ་མ་ཟོས་རྗེས་སྲིན་པོ་ངལ་གསོ་བྱས་ནས་བསྡད་ཡོད་དུས།
- ཁོའི་འོང་སྟེགས་ཐོག་ན་ཙོག་ནས་བསྡད་ཡོད་དུས།
- བུ་དེས་སྒོ་འགྲམ་ནས་གཞའ་ནས་བསྡད་དེ།
- མདའ་ཡིས་བརྒྱབ་པས་སྲིན་པོ་ཡི་སྲོག་ཐོག་ལ་བབས་པས་སྲིན་པོ་བསད་པ་རེད།
- དེ་ནས་ཁོ་གཉིས་ཀྱིས་ཡར་མར་ལ་བལྟས་དུས་མི་རོ་རྟ་རོ་མང་པོ་ཡོད་གི
- དེ་ནས་བུ་མོ་ཁྲིད་ནས་ཁོ་གཉིས་ཕྱིར་ཡོང་བ་ཡིན།
- ལུང་བ་དེའི་ཁར་ཡོང་ནས་བུ་མོ་ཡར་ལ་འཐེན་ནས།
- སྔོན་ན་བུ་མོ་ཁྱོད་ཡར་ལ་སོང་ཞེས་ཐག་པ་མར་ལ་བསྣར་ཡོད་ནི་རེད།
- བློན་པོ་ཚང་མ་ལུང་བ་ཁ་ན་ཡོད་ནི་རེད།
- སྔོན་ན་བུ་མོས་ང་འགྲོ་ང་ལུང་བ་ནང་ནས་སྐྲག་གི་ཟེར།
- བུ་མོས་བུ་དེ་ལ།
- བློན་ཆེན་གྱིས་རྗེས་ནས་ང་ཡར་ལ་འཐེན་རྒྱུ་མ་རེད།
- བུ་དེས་ང་སྔོན་ན་འགྲོ་དང་ངས་ཁྱོད་བསྐྱུར་ནི་མ་རེད་ཟེར་བས།
- བུ་མོས་ང་ལུང་བ་ནང་ནས་འདུག་རྒྱུར་སྐྲག་གི
- ང་སྔོན་ན་འགྲོ་དང་ངས་ཁྱོད་བསྐྱུར་ནི་མ་རེད།
- ཁྱོད་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་རེད་ཟེར་ནས།
- བུ་མོ་ཡིས་དེ་ལྟར་བཤད་པས།
- དེ་ན་ཁྱོད་ཀྱིས་ང་དྲན་རྟེན་ཞིག་བྱིན།
- བློན་པོ་ཡིས་ང་ལ་བསམ་པ་གནག་རྒྱུ་རེད་ཅེས་བཤད་པས།
- བུ་མོ་ཡིས་ལག་མགོ་ཡི་གསེར་གྱི་གདུ་གུ་དེ་བུ་དེའི་ལག་ལ་བཞག
- ཐག་པའི་ཡར་ལ་འཐེན་ནས་བུ་མོ་བླངས།
- བློན་པོ་དགའ་བ་རེད།
- བུ་དེས་ང་ལ་བསམ་པ་གནག་ན་ཐང་བསམ་ནས།
- བུ་དེས་ཐག་པའི་སྣེ་མོར་རྡོ་ཞིག་བཏག་ནས།
- རྡོ་དེ་ཡར་ལ་འཐེན་ནས་ཡར་ལ་སོང་དུས།
- ཐག་པ་ཆད་ཚུལ་བཅོས་ནས་ཕྱིར་ལུང་བ་ནང་ལ་སྟུག་སེ་འཕངས།
- བུ་དེ་ལུང་བ་ཁར་མ་བླངས་པར་ནང་ལ་ལྷུང་ཐལ་ཞེས།
- ང་ཚོས་མ་བླངས་པ་མ་རེད།
- ལག་པ་ཆད་ནས་ཕྱིར་ལྷུང་སོང།
- ང་ཚོ་འགྲོ་ཞེས་བཤད་དེ་བློན་པོ་ཡིས་དགའ་རྟགས་ཁོས་ལེན་པའི་ཆེད་དུ།
- བུ་མོ་ཁྲིད་ནས་བུད་སོང་།
- བུ་དེ་ལུང་བ་ནང་ནས་ལུས་སོང་།
- དེ་ནས་བུ་དེ་ཕྱིར་ཡོང་ནས།
- ཁང་བ་དང་མཛོད་ཁང་རེ་རེ་སྒོ་ཕྱེ་ནས་སོང་དུས།
- མཛོད་ཁང་གཅིག་གི་ནང་ན་འབྲུག་ཅིག་ལྕགས་སྒྲོག་གིས་བཏགས་ཡོད།
- དེ་ནས་འབྲུག་དེ་མྱུར་དུ།
- བུ་དེས་འབྲུག་དེའི་ལྕགས་སྒྲོག་གི་ལྡེ་མིག་བཙལ་ནས་གྲོལ་ཏེ།
- ཁོ་གཉིས་འགྲིག་ནས་ལུང་བ་ཁར་འབྲུག་གི་རྒྱབ་ལ་ཞོན་ནས་ཡོང།
- ལུང་བའི་ཁར་འབྲུག་གིས་འཁུར་ནས་ཡོང་།
- འབྲུག་གིས།
- ང་ཀླུ་རྒྱལ་བོ་ཡི་སྲས་ཡིན།
- ང་ཡང་སྲིན་པོ་གན་གིས་ཁྲིད་ནས་ཡོང་སྟེ།
- འདི་ན་དམ་ལ་བཏགས་ཡོད་ནི་རེད་ཅེས་རྒྱུ་མཚན་བཤད།
- སྲིན་པོ་བཏུལ་བ་རེད།
- ཁྱོད་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་ཡིན།
- ངས་ཁྱོད་ཀླུ་ཡུལ་ཁམས་ན་ཁྲིད་རྒྱུ་ཡིན་ཞེས་དགའ་ནས།
- འབྲུག་དེས་ཁོ་ལ་ཁྱོད་ཀྱིས་མིག་ཅིག་བཙུམ་ན་མིག་ཕྱིར་ཕྱེ་ན།
- ངེད་གཉིས་ཀླུ་ཡུལ་ཁམས་ལ་ཐོན་ཟེར།
- ཁོ་གཉིས་འབྲུག་གི་རྒྱབ་ཞོན་ནས།
- མིག་ཅིག་བཙུམ་ནས་ཕྱིར་མིག་ཅིག་ཕྱེ་དུས།
- ཀླུ་ཡུལ་ཕོ་བྲང་ལ་ཐོན་ཡོད་པ་རེད།
- ཀླུ་རྒྱལ་གཙུག་ན་རིན་ཆེན་དགའ་ནས།
- ངའི་བུ་ཐོན་ཐལ་ཞེས་སྟོན་མོ་རྒྱ་ཆེན་བྱས།
- ཉི་མ་འགའ་ལ་ཁོ་དེ་ནས་བསྡད་དེ།
- ཁོ་གཉིས་དགའ་དགའ་སྐྱིད་སྐྱིད་བྱས་ནས།
- སྟོན་མོ་རྒྱ་ཆེན་བྱས་ནས་བསྡད་ནི་རེད།
- ཁྱོད་དྲིན་ལེན་འཇལ་དགོས་ནི་རེད།
- ཁྱོད་ལ་ཅི་ཞིག་ཁྱེར་ན་བཟང་གི་ཟེར།
- ཁྱོད་དངོས་པོ་གང་ཞིག་དགོས་སམ།
- དགོས་པ་ཚང་མ་འདི་ནས་ཁྱེར་ནས་སོང་ཟེར།
- ང་དགོས་ནི་མཁོ་ནི་གཅིག་ཀྱང་མེད་ཟེར།
- འབྲུག་དེ་འམ་ཀླུ་རྒྱལ་བོའི་སྲས་དེས།
- འདི་ན་འབྲུག་གི་རྭ་དང་གསེར་གྱི་ཐུར་མ།
- གསེར་གྱི་ཅ་ནེ་བཅས་ཡོད་པ་འདི་ཚོ་ཁྱེར་ནས་སོང་དང་།
- འཇིག་རྟེན་ཁམས་ན་སོང་ན་ཕན་ཐོགས་པ་དང་གོ་ཆོད།
- ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན།
- དེ་ཚོ་ཁྱོད་ཀྱིས་ཁྱེར་ནས་སོང་ཟེར་བས།
- དེ་ཚོ་ཀླུ་རྒྱལ་བོ་ཡི་དངོས་བོ་རྩ་ཆེན་འདང་ཆེན་ཏག་ཏག་ཡིན་ལ།
- སྟེར་མི་ཉན་མོད་ཁྱོད་ངའི་སྲས་ཀྱི་སྲོག་སྐྱོབ་ཀྱི་དྲིན་ཆེན་རེད།
- ཁྱོད་ལ་སྟེར་དགོས་ནི་རེད་ཅེས་བཤད་དེ་བྱིན་པས་དེ་ཚོ་ཁྱེར་ནས།
- ཕྱིར་འབྲུག་གི་རྒྱབ་ལ་ཞོན་ཏེ་མི་ཡུལ་ཁམས་ལ་སྐྱེལ།
- དེ་ནས་འདི་ཚོ་ཁྱེར་ནས་སོང་ན།
- གསེར་གྱི་ཐུར་མས་འབྲུག་གི་རྭ་ཡི་ཐོག་ལ་གསུམ་བརྒྱབ་ན།
- དངོས་བོ་ཅི་ཞིག་དགོས་ན་ང་དེ་ཤོག་ཅེས་ཞུ་བ་བྱས་ན།
- ཁྱོད་ཟས་རང་འགྲུབ་དང་གོས་རང་འགྲུབ་ཐོན་ངེས་ཞེས་བཤད་པས།
- ཡ་ཟེར་ནས་ཁོ་རྐང་ཐང་ལ་ཚུལ་རོལ་ཞིག་ལ་ཡོང་ནས།
- ཐག་རིང་ཞིག་ལ་ཡོང་ནས་ཐང་ཆད་དེ་ཟ་རྒྱུ་ཞིག་ཡོད་རྒྱུ་ན་འདོད་ནས།
- འབྲུག་གི་རྭ་ཡི་ཐོག་ལ་གསེར་གྱི་ཐུར་མ་ཡིས་གསུམ་བརྒྱབ་པས།
- ཟ་རྒྱུ་ཅི་ཟ་ན་འདོད་ན་ཅི་འཐུང་ན་འདོད་ན།
- གསེར་གྱི་ཅ་ནེ་ནང་ལ་འབབ་ཀིན་བསྡད།
- འདི་དངོས་པོ་རྩ་ཆེན་ཞིག་རེད་འདོད་ནས་དགའ་སྟེ།
- དེ་འཁུར་ནས་རུམ་ན་བསྡུས་ནས།
- ང་ལ་རྟ་ཞིག་དང་སྒ་ཞིག་ཡོད་རྒྱུ་ན་ང་མི་ཐོན་གི་བསམ་དུས།
- དེ་དང་བཅས་པ་ཐོན་པ་རེད།
- རྟ་དེར་ཞོན་ནས་ཁོ་ཐག་རིང་ཞིག་ལ་ཡོང་ནས།
- ཁོ་ཚོའི་ས་ཆ་དེར་ཐོན་ལ་ཉེ་ས་ཆ་ཞིག་ན།
- ས་ཆ་ཞིག་གམ་སྡེ་བ་ཞིག་གི་ནང་ན་ཁྱིམ་ཚང་ཆེན་པོ་ཞིག་ཡོད།
- དེ་ཚང་ལ་སོང་ནས་ང་ལ་གནས་ཚང་ཞིག་ཐོངས་ཟེར་དུས།
- དེ་ཚང་གིས་གནས་ཚང་བཏང་བ་རེད།
- བཏང་ནས་ཁོའི་དངོས་པོ་ཚང་མ་དེ་ཚང་གིས་བརྐུས་པ་རེད།
- ཕྱི་ཉིན་སྔ་མོར་ཁོ་ལམ་ལ་ཆས་རྩིས་བྱེད་དུས་བལྟས་པ་དངོས་བོ་མེད་པ་རེད།
- ངའི་དངོས་པོ་བྱིན་ཞེས་བཤད་དུས་དེ་ཚང་གིས་དངོས་བོ་མ་བྱིན་པ་རེད།
- དེ་འདྲ་བྱས་ནས་ཉིན་འགའ་ལ་ཡོང་མ་ཐུབ་པར་བསྡད་ནས།
- བར་དེ་ནས་ཁོ་ཡིས་དཀའ་སྡུག་མྱངས།
- ངའི་དངོས་བོ་དེ་བྱིན་ཞེས་ཁོས་དེ་ཚང་ལ་དྲགས་པོ་བྱས།
- དེ་ནས་དེ་ཚང་ལ་བུ་མོ་བཟང་བ་ཞིག་ཡོད།
- དེ་ཡིས་དངོས་བོ་སྟེར་དང་།
- ཨ་ཕ་ལ་དངོས་བོ་འདི་ལྟར་བརྐུས་ན་མི་ལེགས་པ་རེད་ཅེས་བཤད་དེ།
- དངོས་བོ་དེ་ལྟར་བྱིན་པ་རེད།
- བྱིན་པས་ཁོ་དགའ་ནས།
- དེ་ནས་དེ་ཚང་གིས་ཀྱང་ཁོ་ལམ་ལ་བཅུག་ནས།
- དེ་ཚང་ལ་ཁོས་དངོས་བོ་མང་པོ་ཞིག
- གསེར་གྱི་ཐུར་མ་ཡིས་འབྲུག་གི་རྭ་ཡི་ཐོག་ལ་བརྒྱབ་ནས།
- ཟས་རང་འགྲུབ་དང་གོས་རང་འགྲུབ་བྱས་ནས།
- ཟ་རྒྱུ་འཐུང་རྒྱུ་གོན་པ་མང་པོ་བྱིན་ནས།
- དེ་ལྟར་ཁོ་རྟ་ལ་ཞོན་ནས་དངོས་བོ་ཁྱེར་ནས་ཡུལ་ལ་ཐོན་དུས།
- ཨ་མས་ཁོ་ལ་སེམས་འཁུར་བྱས་ནས།
- ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་རྙེད་ནས།
- སྟོན་མོ་ཏག་ཏག་བྱས་ནས།
- བློན་པོ་ཞིག་ལ་དགའ་རྟགས་བྱིན་ནས་དེ་ལྟར་བསྡད་ཡོད།
- ངའི་བུ་ཡོང་རྒྱུ་མེད་པ་རེད།
- སྲིན་པོའི་ཡུལ་ནས་ལུས་སོང་ནི་རེད་ཅེས།
- ཨ་མས་སེམས་འཁུར་བྱས་ནས་མིག་ཆུ་བཞུར་ཏེ་ཉལ་ས་ལྷུང་ཡོད་པ་རེད།
- ཨ་མ་ང་ཐོན་པ་ཡིན་ཞེས་ཨ་མ་ཡོད་ས་ལ་སོང་བས།
- ཨ་མ་དགའ་བྱུང་།
- དེ་ནས་ཁོ་ཡིས་ཨ་མ་ལ་གོན་པ་ཡག་པོ་གོན་དུ་བཅུག་ནས།
- ཁོ་ཡིས་ཀྱང་གོན་པ་ཡག་པོ་གྲལ་དག་གོན་ནས།
- ཨ་མ་འུ་གཉིས་ཀྱང་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་རྙེད་ནས་སྟོན་མོ་བྱེད་པ།
- དེའི་སྟོན་ཐོག་ལ་འགྲོ་ཞེས་བཤད་དེ།
- ཨ་མ་ཁྲིད་ནས་སྟོན་ཐོག་ལ་སོང་བས།
- མཚམས་རེར་གླུ་ལེན་གར་རྩེ་བྱས་ནས།
- མཚམས་རེར་བྲོ་རྩེ་ནས་དགའ་དགའ་སྐྱིད་སྐྱིད་བྱས་ནས་བསྡད་ཡོད།
- དེ་ནས་བུ་མོ་ཡིས་སེམས་སྡུག་ནས་བསྡད་ཡོད།
- རྒྱལ་བོ་དགའ་ནས་སྟོན་མོ་ཏག་ཏག་བྱས་ནས།
- བློན་པོ་དགའ་ནས་ཁྲི་ཐོག་ན་བཞུགས་ཡོད།
- བུ་མོ་ལ་ཁྲི་ཞིག་བརྒྱབ་ནས།
- ཨ་ཁུ་རྒྱལ་བོ་ལ་ཁྲི་ཞིག་བརྒྱབ་ནས།
- དེ་ལྟར་སྐྱིད་པོ་བདེ་མོ་བྱས་ནས་བསྡད་ཡོད།
- བུ་མོ་ཡི་སེམས་སྡུག་ནས་བསྡད་ཡོད།
- བུ་མོ་ལ་ཁྱོད་ཅི་ཞིག་ལ་སེམས་སྡུག་པ་ཡིན།
- ཁྱོད་ལ་ཅི་ཞིག་བྱུང་བ་ཡིན་ཟེར་དུས་བུ་མོ་ཡིས་མ་བཤད་པ་རེད།
- གླུ་ལེན་གར་རྩེ་བྱེད་ས་ཞིག་ནས།
- བྲོ་རྩེ་ས་ཡག་པོ་ཞིག་ལ་སོང་ནས་ཁོ་ཕར་འགྲོ་ཚུལ་འགྲོ་བྱས་ནས་བསྡད་དུས།
- ཁོས་བུ་མོ་ཡིས་ཁོ་རང་ཨེ་མཐོང་འདོད་ནས་ཕར་འགྲོ་ཚུལ་འགྲོ་བྱས་ནས་བསྡད།
- ཁོའི་གསེར་གྱི་གདུ་གུ་བསྟན་པས་བར་ཞིག་ལ་བུ་མོས་མཐོང་བ་རེད།
- བུ་མོ་ཁྲི་ཐོག་ནས་ཡར་ལ་ལངས་པ་རེད།
- ཨ་ཁུ་རྒྱལ་བོ་ཡིས་ཁྱོད་ལ་ཅི་ཞིག་བྱུང་བ་ཡིན།
- གློ་བུར་དུ་ཡར་ལ་ལངས་ནས་ཟེར་དུས།
- ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་གན་ན་ཡོད་པ་གན་རེད།
- བློན་པོ་འདི་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་ངོ་མ་མིན།
- ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་གན་ན་ཡོད་པ་དེ་རེད།
- བུ་གན་རེད་ཅེས་བསྟན་དུས།
- ཨ་ཁུ་རྒྱལ་བོ་ཡིས་གན་མྱུར་དུ་ཡར་ལ་བོས་ནས་ཤོག་ཅེས་བཤད་དེ།
- བློན་པོ་ཚང་མར་བཀོད་པ་བྱས་ནས།
- བུ་མོས་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་འདི་ཡིན།
- འདིས་འདི་ལྟར་སྡུག་མྱངས་ནས་ངའི་སྲོག་སྐྱབས་པ་ཡིན་ཟེར།
- བློན་པོ་དེར་ཁྱོད་ཀྱིས་རྫུན་གཏམ་ནས་མགོ་གཡོགས་པ་ཡིན་ཞེས་བཤད་དེ།
- བློན་པོ་དེ་རྒྱང་འཕེལ་ལ་བཏང་བ་རེད།
- བུ་དེ་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོའི་མག་པར་བཞག་ནས།
- རྒྱལ་བོའི་རྒྱལ་ས་སྤྲད་ནས་སྐྱིད་པོ་བདེ་མོ་བྱས་ནས།
- སྟོན་མོ་དེ་ལས་ཀྱང་རྒྱ་ཆེན་བྱས་ནས།
- སྐྱིད་པོ་བདེ་མོ་བྱས་ནས་བསྡད།