Skip to main content Skip to search
18 Jun 2018
5 min 12 sec
Video Overview
Creators: 
Sonam Tobgye

"Thang di Dolmai Thangla" is sung by Sonam Wangmo from Gangzur Gewog. It talks about Guru Padmasambhava making a place suitable for the turning of the Wheel of Dharma; that is, teaching the Buddhist Dharma. It also describes the longevity vase that the Guru holds as containing pure water from the Brahmaputra River as well as an auspicious substance from India called droma dizang. It is adorned with an Indian peacock feather lid-ornament and Indian silk and brocades. One is blessed by drinking the water from this longevity vase. 

༉  ལྷུན་རྩེ་རྫོང་ཁག་སྒང་ཟུར་རྒེད་འོག་ལས་ བསོད་ནམས་དབང་མོ་གིས་འཐེན་ཡོད་པའི་གླུ་གཞས་ ཐང་འདི་སྒྲོལ་མའི་ཐང་ལ་ཟེར་མི་འདི་ནང་ ས་གནས་གཉིས་ངོས་འཛིན་འབད་དེ་འདུག དེ་ཡང་ སྒྲོལ་མའི་ཐང་ཟེར་ས་ལུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐོར་དང་ བསྐལ་པའི་རི་གསུམ་རྩེ་ལུ་ ཨོ་རྒྱན་གུ་རུ་བཞུགས་ཡོད་པའི་སྐོར་ལས་སྟོན་པ་གིས་མ་ཚད་ ཨོ་རྒྱན་གུ་རུའི་ཕྱག་ལུ་ ཚེ་དབང་བུམ་པ་བསྣམས་ཏེ་ཡོད་པའི་བུམ་པ་དང་འབྲེལ་བའི་བཤད་པ་རྐྱབ་སྟེ་འདུག དེ་ཡང་ ཚེ་དབང་བུམ་པའི་བུམ་ཆུ། །རྒྱ་ཡི་གཡས་རི་གཙང་ཆུ། །ཚེ་དབང་བུམ་པའི་བུམ་རྫས། །རྒྱ་ཡི་དྲི་མ་དྲི་བཟང་ཟེར་ དེ་བཟུམ་གྱི་ཁྱད་ཆོས་དང་ལྡན་པའི་ཁྲུས་ཆུ་འདི་ རང་དང་འཆམ་རེ་འཆམ་ཚེ་ཟེར་ རང་དང་དམ་ཚིག་གཙང་ཏོག་ཏོ་ཡོད་པའི་མི་ཚུ་ དམ་ཚིག་གི་ཁྲུས་ཆུ་བཞེས་པར་བྱོན་ཤོག་ཟེར་ ཧེ་མ་འབད་བ་ཅིན་ བླམ་ཚུ་གིས་དབང་ལུང་གནང་བའི་སྐབས་ལུ་ དམ་ཚིག་གཙང་ཏོག་ཏོ་ཡོད་མི་ དེ་ཡང་མི་གསུམ་ བདུན་དེ་ཅིག་ལས་གནང་མི་བཏུབ་དོ་ཡོདཔ་མས། གླུ་གཞས་འདི་གི་དོན་དག་འདི་ ཁུངས་འདི་བཟུམ་ཅིག་ལུ་ཐུག་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཐང་འདི་སྒྲོལ་མའི་ཐང་ལ། །ཐང་འདི་སྒྲོལ་མའི་ཐང་ལ། །ཆོས་ཀྱི་འཁོར་ལོ་བསྐོར་ཡོད་སྭོ་ཡ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་ཡོད་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • མར་འགྲོ་འགྲོ་བའི་ལ་ཆུ་མོ། །མར་འགྲོ་འགྲོ་བའི་ལ་ཆུ་མོ། །ཡོན་ཆབ་གཙང་མ་ཕུལ་ཤོག་སྭོ་ཡ་ལ། །ཡོན་ཆབ་གཙང་མ་ཕུལ་ཤོག་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • བསྐལ་པའི་རི་གསུམ་རྩེ་ལ། །བསྐལ་པའི་རི་གསུམ་རྩེ་ལ། །ཨོ་རྒྱན་གུ་རུ་བཞུགས་ཡོད་སྭོ་ཡ་ལ། །ཨོ་རྒྱན་གུ་རུ་བཞུགས་ཡོད་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཨོ་རྒྱན་གུ་རུའི་ཕྱག་ལ། །ཨོ་རྒྱན་གུ་རུའི་ཕྱག་ལ། །ཚེ་དབང་བུམ་པ་བསྣམས་ཡོད་སྭོ་ཡ་ལ། །ཚེ་དབང་བུམ་པ་བསྣམས་ཡོད་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཚེ་དབང་བུམ་པའི་ལ་བུམ་ཆུ། །ཚེ་དབང་བུམ་པའི་ལ་བུམ་ཆུ། །རྒྱ་ཡུལ་(ཆུ་མོ་)གཡས་རི་གཙང་ཆུ་སྭོ་ཡ་ལ། །ཆུ་མོ་གཡས་རི་གཙང་ཆུ་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཚེ་དབང་བུམ་པའི་ལ་བུམ་རྫས། །ཚེ་དབང་བུམ་པའི་ལ་བུམ་རྫས། །རྒྱ་ཡུལ་སྒྲོལ་མ་དྲི་བཟང་སྭོ་ཡ་ལ། །རྒྱ་ཡུལ་སྒྲོལ་མ་དྲི་བཟང་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཚེ་དབང་བུམ་པའི་ཁ་རྒྱན། །ཚེ་དབང་བུམ་པའི་ཁ་རྒྱན། །རྒྱ་ཡུལ་རྨ་བྱ་མདོངས་སྒྲོ་སྭོ་ཡ་ལ། །རྒྱ་ཡུལ་རྨ་བྱ་མདོངས་སྒྲོ་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཚེ་དབང་བུམ་པའི་ན་བཟའ། །ཚེ་དབང་བུམ་པའི་ན་བཟའ། །རྒྱ་ཡི་དར་དང་གོས་ཆེན་སྭོ་ཡ་ལ། །རྒྱ་ཡི་དར་དང་གོས་ཆེན་སྭོ། །
    བསོད་ནམས་དབང་མོ།/Sonam Wangmo:
  • རང་དང་འཆམ་རེ་འཆམ་ཚེ། །རང་དང་འཆམ་རེ་འཆམ་ཚེ། །ཁྲུས་ཆུ་བཞེས་པར་བྱོན་ཤོག་སྭོ་ཡ་ལ། །ཁྲུས་ཆུ་བཞེས་པར་བྱོན་ཤོག་སྭོ།། །།
    བསོད་ནམས་དབང་མོ།/Sonam Wangmo: