Skip to main content Skip to search
17 Aug 2018
3 min 33 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • རྟ་མགྲིན་ Tandin
    དེ་ལས་ ཕར་ང་བཅས་ར་འདུག་བ་ལགས་ཕར་ བཀྲིས་བསྒང་མོང་སྒར་ལས་ཨིན་མས་ལགས་སྡོད་ས་འདི་དེ་བསྒང་། བཀྲིས་སྒང་གཡང་རྩེ་ལས་ཨིན་ཟེརཝ་མས་ལགས། ཁོང་འདི་ལྔ་ཨིན་མས་བ་ཏེ་དོ་རུང་ བདུན་རྒན་ཤོས་གཉིས་དང་བུ་ལྔ་ ཏེ་ཁོང་གནས་ཤཱཀྱ་རི་འདི་ འདི་རང་ཨིན་མས་ལགས་འ་ནི་རི་འདི་རང་།
  • རྟ་མགྲིན་ Tandin
    ཏེ་གནས་ཤཱཀྱ་རི་ཟེར་མི་འདི་ མཇལ་བཏུབ་ཅིག་ཡོདཔ་འདྲས་སྨོ། གནས་མཇལ་བར་འགྱོ་གེ་ང་བཅས་ར་ཟེར་ ཏེ་འ་ནི་རྒན་ཤོས་གཉིས་འདི་ ད་ཤི་རུང་ན། དྲག་རུང་ན། ཉལ་རུང་ན་ཨིན་ཟེར་ ཁོང་སྨོན་ལམ་བཏབ་ཕར་ལས་འོངམ་ད་འ་ནི་སྦེ་འོང་ནུག་བ་ལགས།
  • རྟ་མགྲིན་ Tandin
    ཏེ་གཞོནམ་ལྔ་ཁོང་ འ་ནི་གནས་ཤཱཀྱ་རི་འདི་ དེ་ཡང་འཚོལ་སྦེ་ ཏེ་ཁོང་རི་བསྐོར་རྐྱབ་ གཡུས་ག་ཏེ་ཡང་མེད་ རླུང་མ་དང་ ཆརཔ་དང་ སེརཝ་དང་རྐྱབ་ གནམ་མེད་ས་མེད་བརྡུངས་ གྱང་ ཉལ་ས་དང་སྡོད་ས་མེད་ ཏེ་དཀའཝ་སྤྱད། ཏེ་འ་ནི་སྦེ་འབད་ ཁོང་བདུན་ཕྲག་གཅིག་འགྱོཝ་ད་འབདན་ བུ་ལྔཔོ་གཞོནམ་ཚུ་གིས་སླབ་སླབ་ཨིན་ལོ།
  • རྟ་མགྲིན་ Tandin
    ཨ་འོ་་་ [རྒན་ཤོས་གཉིས་ ང་བཅས་ར་གཉིས་?] ང་བཅས་ར་ཤི་ནི་མས་ཟེར་ད་ གནས་ཤཱཀྱ་རི་ཟེར་མི་འདི་ མཇལ་མི་ཚུགས་པས་ ང་བཅས་ཀྱིས་མཇལ་ཚུགས་ནི་མེན་པས་ཟེར་ཏེ། ལྟ་མ་ང་བཅས་ར་ཤི་ནི་ཉེན་ཁ་འདུག་ཟེར་ ང་བཅས་ར་ཕ་ཡུལ་གཡུས་ཁ་ལོག་གེ་ ཟེར་སླབ་ནུག་ ཁོང་གཞོནམ་ལྔཔོ་དེ་གིས་ལགས།
  • རྟ་མགྲིན་ Tandin
    འ་ནི་སྦེ་སླབ་ད་ ཏེ་ཁོང་གིས་ཏེ་ རྒན་ཤོས་གཉིས་ཀྱིས་ད་ ང་བཅས་ད་གནས་ཤཱཀྱ་རི་ལུ་ཤི་སོང་རུང་ཤི་གེ་ཟེར་ང་བཅས་ ཤི་རུང་ན་ཨིན་ ན་རུང་ན་ཨིན་ ང་བཅས་དྲག་རུང་ན་ཨིན་ཟེར་ཏེ། ཏེ་ང་བཅས་ལོག་ནི་མེད་ཟེར་ཁོང་ རྒན་ཤོས་གཉིས་ཀྱིས་འ་ནི་སྦེ་སླབ་ཨིན་པས།
  • རྟ་མགྲིན་ Tandin
    འ་ནི་སྦེ་སླབ་ཚརཝ་ཅིག་ ཏེ་འ་ནི་ཚལ་མ་ནང་ལས་ ཏེ་དགེ་སློང་གཅིག་བྱོནམ་མས་ལོ་ལགས་ཏེ་ དགེ་སློང་གཅིག་བྱོན། ཨའེ་སྨོ་ ཁྱོད་ཚུ་གནམ་མེད་ས་མེད་དཀའ་སྤྱད་ཅི་ཟེར་ དཀའ་སྤྱད་དོ་སྨོ་ཟེར་ཏེ་ བྱོན་བྱོན་ཕར་ཤོག གནམ་མེད་ས་མེད་སེརཝ་དང་ཆརཔ་དང་ རླུང་མ་བཅསཔ་སྦེ་རྐྱབ་སྟེ་ གྱང་སྟེ་ཁྱོད་ཚུ་གནམ་མེད་ས་མེད་དཀའ་སྤྱད་ཅི་ ཤོག་ཤོག་ བྱོན་བྱོན་ཟེར་ཏེ་ འབོ་འཁྱིད།
  • རྟ་མགྲིན་ Tandin
    ཏེ་དེ་བསྒང་ལསན་ ཏེ་ཁོང་ཆོ་གུ་གནང་གསུང་གྲོས་ཕུལ་ འ་ནི་སྦེ་འབད་དེ་གིས་སྦེ་ ཏེ་འ་ནི་སྦེ་ ཏེ་ཕར་ནང་ན་གནམ་མེད་ས་མེད་རྒན་ཤོས་ཆོསཔ་ཚུ་སྐད་རྐྱབ་མས་ཟེར་བའི་ལོ་ཏེ། འ་ནི་ཐབ་ཚངཔ་ཨམ་འདི་གིས་ཏེ་ [ནམ་ཏོག་ལང་?] རྒས་ཤོས་གཉིས་ཕར་བཙུགས་དཔ་ཨིན་ལོ་ཕར་ འ་ནི་རྒས་ཤོས་གཉིས་ ཕྲང་ཕྲ་བཙུགས་ད།
  • རྟ་མགྲིན་ Tandin
    འ་ནི་གཞོནམ་ལྔཔོ་འདི་ ཐབ་ཚང་ནང་བཞག་ནུག ད་ཁྱོད་གཞོནམ་ལྔཔོ་འདི་ ན་བཞུགས་ཤིག རྒན་ཤོས་གཉིས་ཁྱོད་ར་གཉིས་ ཕར་བྱོན་བྱོན་ཟེར་ འ་ནི་སྦེ་གནས་ཤཱཀྱ་རི་ལུ་ རྒན་ཤོས་གཉིས་ལུས་དཔ་ཨིན་ལོ་ལགས་ཏེ།
  • རྟ་མགྲིན་ Tandin
    ཏེ་འ་ནི་གཞོནམ་ལྔཔོ་དེ་ཚུ་ལུ་ ཏེ་ལྟོ་དང་ ཇ་དང་ འ་ནི་ཚུ་ག་ར་བྱིན་ཞིན་ན་ ཏེ་གདན་ཧང་འདི་ཚུ་ག་ར་ ཕི་ནང་གཟིམ་ཆ་ཕི་ནང་ཕུལ་ཏེ་གིས་སྦེ་ ཐབ་ཚང་ཨམ་འདི་གིས་གཟིམ་བཅུག་ནུག་ལགས་ དེ་ཡང་།
  • རྟ་མགྲིན་ Tandin
    ཏེ་དྲོ་པ་ལོངམ་ད་ ཁོང་ར་ཚུ་གི་ཁྱིམ་ནང་ལས་ ལོངམ་མས་ཟེརཝ་བས་ལོ་ལགས་ཏེ། ཏེ་ཁོང་ར་གཞོནམ་ལྔཔོ་དེ་ རང་རྐྱང་རང་གི་ཁྱིམ་ནང་ལས་ ལོངམ་མས་ཟེརཝ་བས་ལོ་ཏེ། འ་ནི་རྒན་ཤོས་གཉིས་ འ་ནཱ་ལུས་དཔ་ཨིན་ལོ་ གནས་ཤཱཀྱ་རི་ལུ་ལགས།
  • རྟ་མགྲིན་ Tandin
    འ་ནི་སྦེ་སྨོན་ལམ་གང་བཏབ་ ཐིམ་ལུས་དཔ་ཨིན་ལོ་ལགས། གཅིག་འ་ནི་ཨིན་མས་ལགས།། །།