Video Overview
This is an offering song to key figures in one's life. According to the verses of the song, there was a special tree at the top of a mountain in China, which the author wanted to offer to his/her spiritual master in order for him to care for the wellbeing of all sentient creatures, rather than offering the tree to ordinary people. Similarly, in the second stanza another tree grown in the middle of the mountain is offered to a great leader so that he could ensure the welfare of his citizens. The song is an offering to great figures for the benefit of all citizens.
༉ ལྷུན་རྩེ་ཆ་འོག་ ཀུར་སྟོད་རྒེད་འོག་ རྟ་སྦིས་ལས་བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་གཉིས་ཀྱིས་ ང་བཅས་རའི་མི་ཚེ་ནང་སོན་པོའི་སྐབས་དང་ཚེ་ལས་འདས་སོང་བའི་གནས་སྐབས་ནང་ ག་ནི་བ་ཁག་ཆེ་བའི་ལམ་སྟོན་དང་རྒྱབ་སྐྱོར་མཛད་མི་བླམ་ལུ་བསྟོད་པ་སྦེ་ཕུལ་བའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ རྒྱ་ནག་རི་གི་རྩེ་ལུ་ རྔ་གཡབ་མེད་པའི་ཤིང་ཅིག་ཡོད་མི་དེ་ མཚན་ལྡན་བླམ་ལུ་ཕུལ་ནི་མ་གཏོགས་གཞན་སུ་དང་ག་ལུ་ཡང་ཕུལ་ནི་མེད་ དེ་ཡང་ ཕྱི་མ་ཡར་འདྲེན་གནང་བའི་ཞལ་བཞེས་ཡོད་ཟེར་དང་ དེ་བཟུམ་སྦེ་ར་ རྒྱ་ནག་རི་གི་སྐེད་པ་ལུ་ཡོད་པའི་ཤིང་དེ་ཡང་ དབང་ཆེན་དཔོནམ་ལུ་ཕུལ་ནི་མ་གཏོགས་ གཞན་ག་ལུ་ཡང་ཕུལ་ནི་མེདཔ་ད་ དབང་ཆེན་དཔོནམ་ལུ་ཕུལ་དགོ་མི་དེ་ཡང་ ཁམས་གསུམ་དབང་དུ་འདུ་བའི་ཞལ་བཞེས་ཡོད་ ཟེར་འཐོན་ནི་འདུག མདོར་བསྡུ་བ་ཅིན་ སྤྱིར་བཏང་ག་ར་ལུ་ཕན་ཐོགས་ཡོད་པའི་ཡུལ་གོངམ་ཚུ་ལུ་བསྟོད་པ་རྐྱབ་སྟེ་ཕུལཝ་ཨིན་མས།
- Kurtoe
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཤར་ལ་རྒྱ་ནག་རི་གི་རྩེ་མོ་ན། །ཡ་མོ། ངེད་རྒྱ་ནག་རི་གི་རྩེ་མོ་ན། །ཡ་མོ་སྭོ་ཡ། ཤིང་ལ་རྔ་ཡབ་མེད་པའི་ཤིང་གཅིག་ཡོད། །ཡ་མོ། ངེད་རྔ་ཡབ་མེད་པའི་ཤིང་གཅིག་ཡོད། །ཡ་མོ་སྭོ་ཡ།On the peak of east Janag forest, on peak of the Janag forest; There is an ngayab tree, there’s an ngayab tree.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoང་མཚོ་སུ་དང་གང་ལུ་ཕུལ་རྒྱུ་མེད། །ཡ་མོ། ངེད་སུ་དང་གང་ལུ་ཕུལ་རྒྱུ་མེད། །ཡ་མོ་སྭོ་ཡ། མཚན་ལྡན་བླ་མའི་ཕྱག་ལ་ཕུལ་རྒྱུ་ཡིན། །ཡ་མོ། ངེད་བླ་མའི་ཕྱག་ལ་ཕུལ་རྒྱུ་ཡིན། །ཡ་མོ་སྭོ་ཡ།Its not going to offer everyone is not for everybody. Will be offered to the great teacher, offer to the great teacher.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཕྱི་མ་ཡར་འདྲེན་གནང་བའི་ཞལ་བཞེས་ཡོད། །ཡ་མོ། ངེད་ཡར་འདྲེན་གནང་བའི་ཞལ་བཞེས་ཡོད། །ཡ་མོ་སྭོ་ཡ།Has granted to uphold in next generation, has granted to uphold in future.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཤར་ལ་རྒྱ་ནག་རི་གི་རྩེ་པ་(སྐེད་པ་)ན། །ཡ་མོ། ངེད་རྒྱ་ནག་རི་གི་སྐེད་པ་ན། །ཡ་མོ་སྭོ་ཡ། ཤིང་ལ་[རྒྱབ་ཁྲ་བསྙོམས་བའི་?]ཤིང་གཅིག་ཡོད། །ཡ་མོ། ངེད་[རྒྱབ་ཁྲ་བསྙོམས་པའི་?]ཤིང་གཅིག་ཡོད། །ཡ་མོ་སྭོ་ཡ།In the mid of east Janag forest, in the mid of the Janag forest; There is a pattern ngayab tree, there’s a pattern ngayab tree.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoང་མཚོ་སུ་དང་གང་ལུ་ཕུལ་རྒྱུ་མེད། །ཡ་མོ། ངེད་སུ་དང་གང་ལུ་ཕུལ་རྒྱུ་མེད། །ཡ་མོ་སྭོ་ཡ། དབང་ཆེན་དཔོན་པོའི་ཕྱག་ལ་ཕུལ་རྒྱུ་ཡིན། །ཡ་མོ། ངེད་དཔོན་པོའི་ཕྱག་ལ་ཕུལ་རྒྱུ་ཡིན། །ཡ་མོ་སྭོ་ཡ།Its not going to offer everyone is not for everybody. Will be offered to his majesty, offer to his majesty.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཁམས་གསུམ་དབང་དུ་བསྡུས་པའི་ཞལ་བཞེས་ཡོད། །ཡ་མོ། ངེད་དབང་དུ་བསྡུས་པའི་ཞལ་བཞེས་ཡོད། །ཡ་མོ་སྭོ་ཡ།Has granted of ruling all realms, has granted to unite.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoལགས་སོ།། །།