15 Dec 2011
2 min 1 sec
Video Overview
Creators:
David Germano
A woman requests a high quality Manjushri tangka from a Barkor artist.
绘制唐卡时,一般要找可靠的画师,他们会按主人的要求,将唐卡的大小尺寸及材料用好后,加工制作。 找当地的画师画唐卡。
- Barkor
- དགེ་ཕྲུགཡར་ཕེབས།yar phebs/Come in.
- ཕུར་སྒྲོནཆེ་མོ་བོ་ལགས་བཞུགས་ཨ་ཡོད།che mo bo lags bzhugs a yod/Is the master in?
- དགེ་ཕྲུགའོང་། བཞུགས་བཞག'ong /_bzhugs bzhagYes, he is.
- ཕུར་སྒྲོནལགས་འོང་།lags 'ong /Ok.
- ཕུར་སྒྲོནཆེ་མོ་བོ་ལགས། ང་འདིར་སྐྱབས་མཇུག་ཞིག་ཞུ་ཡག་ཡོད་པའི།che mo bo lags/_nga 'dir skyabs mjug zhig zhu yag yod pa'i/Master, I have a request for you.
- ཆེ་མོ་བོ་ལགསལགས་འོང་། ག་རེ་ཡིན་ན། འོང་། ཞབས་བཀྱག་གནང་དགོས་འོང་།lags 'ong /_ga re yin na/_'ong /_zhabs bkyag gnang dgos 'ong /What is it? I...hmm...please have a seat.
- ཕུར་སྒྲོནདེ་ཡིན་པའི་ནི་ད་ལོ་ཏོག་ཙམ་བདེ་པོ་མིན་འདུག་གཟུགས་པོ།de yin pa'i ni da lo tog tsam bde po min 'dug gzugs po/This is what it is; I have not been healthy this year.
- ཆེ་མོ་བོ་ལགསལགས་སོ།lags so/Hmm.
- ཕུར་སྒྲོནཨ་ནི་ཅིག་ཅང་ངེ་ཅོང་ངེ་ན་གི་འདུག་ག་ནི། སྨན་རྩིས་ཁང་ལ་རྩིས་གཅིག་བཤར་པ་ཡིན་ལགས།a ni cig cang nge cong nge na gi 'dug ga ni/_sman rtsis khang la rtsis gcig bshar pa yin lags/_Ok, then, I am getting all these diseases and so I asked for an astrological reading at the Tibetan Astro-Medical Hospital.
- ཆེ་མོ་བོ་ལགསལགས་སོ་འོང་།lags so 'ong /Hmm.
- ཕུར་སྒྲོནརྩིས་ཅིག་ཤར་པ་ཡིན་པའི་ཨ་ནི་འོང་། འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་བཞེངས་ཟེར་འབབ་སོང་ལགས།rtsis cig shar pa yin pa'i a ni 'ong /_'jam dpal dbyangs kyi sku gcig bzhengs zer 'bab song lags/...and the astrology done for (me) it indicated (me) to make an image of Manjushri.
- ཆེ་མོ་བོ་ལགསཨ་ལས། ལགས་འོང་ལགས་སོ།a las/_lags 'ong lags so/Ok...hmm.
- ཕུར་སྒྲོནཨ་ནི་ཆེ་མོ་བོ་ལགས་ཀྱི་ངའི་ཐུགས་རྗེས་གཟིགས་ངར་སྐུ་གཅིག་ཨ་ནི་ཆེན་པོ་མིན་འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་མགྱོགས་ཙམ་ཅིག་བཞེངས་རོགས་གནང་ཞུ་དགོས་འདུག་ཨ་ནི་གང་འདྲས་གནང་གི་ཡོད་ན།a ni che mo bo lags kyi nga'i thugs rjes gzigs ngar sku gcig a ni chen po min 'jam dpal dbyangs kyi sku gcig mgyogs tsam cig bzhengs rogs gnang zhu dgos 'dug a ni gang 'dras gnang gi yod na/So, please master, I would like to ask you to make an image, an image of Manjushri quckly, how would that be?
- ཆེ་མོ་བོ་ལགསལགས་སོ་ལགས། ཨ་ནི་སྐུ་ཆེ་ཆུང་གང་འདྲ་ཞིག་དགོས་ཀྱི་ཡོད་ན་ཐང་ཁའི་ཆེ་ཆུང་འདི།lags so lags/_a ni sku che chung gang 'dra zhig dgos kyi yod na thang kha'i che chung 'di/Well, what size would you like to have? The size of this tangka?
- ཕུར་སྒྲོནསྐུ་འོང་ཁྲུ་གང་བྱས་པ་ཞིག་བྱུང་ན་འགྲིག་ག་ལགས་འོང་ལགས་སོ་ལགས།sku 'ong khru gang byas pa zhig byung na 'grig ga lags 'ong lags so lags/A forearm length long image will do.
- ཆེ་མོ་བོ་ལགསལགས་སོ། ཁྲུ་གང་རེད་པཱ་ལགས།lags so/_khru gang red pA lags/Ok, one forearm length, right?
- ཕུར་སྒྲོནཁྲུ་གང་བྱས་པ་ཞིག་བྱུང་ན་འགྲིག་པ་ལགས།khru gang byas pa zhig byung na 'grig pa lags/Yes, a forearm length long statue will do.
- ཆེ་མོ་བོ་ལགསལགས་སོ། ལགས་འོང་ལགས་འོང་། ལགས་སོ།lags so/_lags 'ong lags 'ong /_lags so/Hmm...allright...ok.
- ཆེ་མོ་བོ་ལགསཨ་ནི་གསེར་གང་འདྲ་ཞིག་བཏང་དགོས་ཡོད་ན་ཡང་།a ni gser gang 'dra zhig btang dgos yod na yang /Then, what kind of gold would you like (me) to use?
- ཕུར་སྒྲོནཨ་ནི་འོང་གསེར་གང་ཡག་ཡག་ཞིག་བསྒྲོན་རོགས་གནང་།a ni 'ong gser gang yag yag zhig bsgron rogs gnang /_Please, use the best possible gold.
- ཆེ་མོ་བོ་ལགསལགས་སོ།lags so/Ok.
- ཕུར་སྒྲོནགསེར་གང་ཡག་ཡག་ཞིག ཐུགས་རྗེས་གཟིགས།gser gang yag yag zhig_thugs rjes gzigs/The best possible gold, please.
- ཆེ་མོ་བོ་ལགསལགས་འོང་ལགས་འོང་། ལགས་སོ།lags 'ong lags 'ong /_lags so/Allright. Ok.
- ཕུར་སྒྲོནཨ་ནི་འོང་གཅིག་ག་རེ་གང་ཡག་ཡག་ཞིག་བྱེད།a ni 'ong gcig ga re gang yag yag zhig byed/Hmm...use the best possible (gold and)...
- ཆེ་མོ་བོ་ལགསལགས་སོ། ལགས་འོང་ལགས་འོང་།lags so/_lags 'ong lags 'ong /Hmm...allright.
- ཕུར་སྒྲོནཨ་ནི་འོང་སྩོལ་ར་གཅིག ཐུགས་རྗེ་གཟིགས།a ni 'ong stsol ra gcig_thugs rje gzigs/Ok and then...hmm...make it fast, please.
- ཆེ་མོ་བོ་ལགསལགས་སོ། ལགས་འོང་ལགས་འོང་།lags so/_lags 'ong lags 'ong /Ok. Allright.
- ཕུར་སྒྲོནཡང་འདི་ མགྱོགས་ཙམ་མ་བྱས་ན།yang 'di _mgyogs tsam ma byas na/...and this one, if not done fast enough...
- ཆེ་མོ་བོ་ལགསལགས་སོ། འོང་རེད་ལགས།lags so/_'ong red lags/hmm...right.
- ཕུར་སྒྲོནཡང་དེ་ཏག་ཏག་བསྡད་ཀྱི་མིན་འདུགyang de tag tag bsdad kyi min 'dugand that is really not going to work.
- ཆེ་མོ་བོ་ལགསཏག་ཏག་རེད་ལགས།tag tag red lags/That's right.
- ཕུར་སྒྲོནལགས་འོང་།lags 'ong /Yes.
- ཆེ་མོ་བོ་ལགསང་རྣམ་ཚོ་རྩིས་སྨན་རྩིས་ཁང་ནས་བཤར་གྱོག་རེད་པས་ལགས།nga rnam tsho rtsis sman rtsis khang nas bshar gyog red pas lags/You had your astrology done from the Tibetan Astro-Medical hospital?
- ཕུར་སྒྲོནལགས་འོང་ལགས།lags 'ong lags/Yes.
- ཆེ་མོ་བོ་ལགསཨ་ལས། ལགས་སོ། སྨན་རྩིས་ཁང་ནང་རྩིས་བཤར་ན་ཡག་པོ་འབབ་ཀྱི་འདུག་གཱ་ལགས།a las/_lags so/_sman rtsis khang nang rtsis bshar na yag po 'bab kyi 'dug gA lags/Oh. Ok. If you do it at the Tibetan Astro-Medical Hospital the astrology works well, doesn't it.
- ཕུར་སྒྲོནལགས་འོང་།lags 'ong /Yes.
- ཆེ་མོ་བོ་ལགསགཞན་མ་ཞིང་དེ་ཞག་རྩིས་བཤར་མཁན་མང་པོ་བྱས། ཧ་ཧ།gzhan ma zhing de zhag rtsis bshar mkhan mang po byas/_ha ha/Otherwise,there are many astrologers these days. Ha ha.
- ཕུར་སྒྲོནད་ག་རེད་པཱ་ འོང་དེ་འདྲ་འདུག་གཱda ga red pA _'ong de 'dra 'dug gAThat is right. Its like this isn't it?
- ཆེ་མོ་བོ་ལགསལགས་འོང་ལགས་སོ།lags 'ong lags so/Yes, yes.
- ཕུར་སྒྲོནཁག་གཅིག་ཆུ་བསིལ་འཁྲུངས་བྱས།khag gcig chu bsil 'khrungs byas/_Some have had some shady incidents.
- ཆེ་མོ་བོ་ལགསའོང་ལགས། ཧ་ཧ། ཨ་ནི་ངས་གང་ལྟར་གང་རྒྱས་རྒྱས་ཅིག་དེ་ཞུས་ཆོག'ong lags/_ha ha/_a ni ngas gang ltar gang rgyas rgyas cig de zhus chog_Yes, ha ha. Anyhow, I will do my best and I will make it as elaborate as possible.
- ཕུར་སྒྲོནལགས་འོང་ལགས་སོ་ལགས།lags 'ong lags so lags/Allright.
- ཆེ་མོ་བོ་ལགསཨ་ནི་ཡང་ང་རྣམ་ཚོ་ཡང་ཚུར་གཟིགས་གཟིགས་ཀག་གནང་ཕེབས་ད།a ni yang nga rnam tsho yang tshur gzigs gzigs kag gnang phebs da/And how about if you come here to see it as well?
- ཕུར་སྒྲོནཨ་ནི་འོང་ང་ཐག་ཉེ་པོ་ཡིན།a ni 'ong nga thag nye po yin/_Ok, and I live nearby.
- ཆེ་མོ་བོ་ལགསལགས་སོ།lags so/Ok.
- ཕུར་སྒྲོནད་གར་བར་བསྐོར་ནང་ལ་ཡིན་ལགས།da gar bar bskor nang la yin lags/I live in the Barkor.
- ཆེ་མོ་བོ་ལགསལགས་སོ།lags so/Ok.
- ཕུར་སྒྲོནཨ་ནི་ཚུར་བཅར་གྱི་ཡིན་ལགས།a ni tshur bcar gyi yin lags/...and, i will come by here.
- ཆེ་མོ་བོ་ལགསལགས་འོང་ལགས་འོང་། ལགས་སོ།lags 'ong lags 'ong /_lags so/Allright. Ok.
- ཕུར་སྒྲོནཨ་ནི་དེ་བྱས་བྱས་གང་ཡག་ཡག་གཅིག་དང་གང་སྩོལ་སྩོལ་ཅིག་གནང་རོགས་གནང་།a ni de byas byas gang yag yag gcig dang gang stsol stsol cig gnang rogs gnang /Ok. Please, make it as best as you can and as fast as you can.
- ཆེ་མོ་བོ་ལགསལགས་སོ། ལགས་འོང་ལགས་འོང་། ཨ་ནི་དེ་བར་པ་རུར་ཚུར་ཕེབས་དང་། ཨ་ནི་ ངས་གང་ལྟར་གང་མགྱོགས་པ་ཅིག་དང་གང་རྒྱས་པ་ཞིག་དེ་ཞུས་ཆོག་ལགས།lags so/_lags 'ong lags 'ong /_a ni de bar pa rur tshur phebs dang /_a ni _ngas gang ltar gang mgyogs pa cig dang gang rgyas pa zhig de zhus chog lags/_Ok. Allright. Come around here whenever you have time. And i will do as best as i can and as fast as i can.
- ཕུར་སྒྲོནལགས་འོང་ལགས་སོ།lags 'ong lags so/Ok.
- ཆེ་མོ་བོ་ལགསལགས་སོ། ལགས་འོང་།lags so/_lags 'ong /Ok.
- ཕུར་སྒྲོནལགས་འོང་། ཨ་ནི་ཐུགས་རྗེ་གནང་།lags 'ong /_a ni thugs rje gnang /Allright. Thank you then.
- ཆེ་མོ་བོ་ལགསལགས་འོང་ལགས་འོང་།lags 'ong lags 'ong /Allright.
- ཕུར་སྒྲོནབཞུགས་གདན་འཇགས་དགོས།bzhugs gdan 'jags dgos/Goodbye.
- ཆེ་མོ་བོ་ལགསལགས་འོང་ལགས་འོང་། ཨ་ལས་ཕེབས་འོ།lags 'ong lags 'ong /_a las phebs 'o/Allright. Goodbye.
- ཕུར་སྒྲོནའོང་།'ong /
- ཆེ་མོ་བོ་ལགསའོང་།'ong /