05 Jan 2016
1 min 37 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "One Grows Sad Seeing Their Parents Age." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་ཨ་ཁུ་དང་ནང་ན་ཟླ་མ་བུ་མོ་བཅས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་འབྲོང་རྒས་ན་རུ་དར་ཇེ་སྨུག་ཡིན་པ་དང་། སྟག་རྒས་ན་ཐིག་ལེ་ཇེ་གསལ་ཡིན་པ། འབྲི་རྒས་ན་འབྲི་མར་ཇེ་སེར་ཡིན་པ་བརྗོད་དེ་ཕ་ཨ་ཁུ་རྒས་ན་འབྲོང་དང་འདྲ་བ་དང་། སྟག་ཤ་ར་རྒས་ན་སྟག་དང་འདྲ་བ། མ་བུ་མོ་རྒས་ན་འབྲི་དང་འདྲ་བ་བརྗོད་ཡོད།
- ༼ཡེ་་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ ཞང་ཡ་རེ་རང་གི་ལེན་ཕྱོགས་རེད༽
- ནང་ཕ་ཁུ་རྒས་རྒས་འབྲོང་རྒས་རེད། །
- འབྲོང་རྒས་པའི་རུ་དར་ཇེ་སྨུག་རེད། །
- ནང་ཟིན་ཟླ་རྒས་རྒས་སྟག་རྒས་རེད། །
- སྟག་རྒས་པའི་ཐིག་ལེ་ཇེ་གསལ་རེད། །
- མ་བུ་མོ་རྒས་རྒས་འབྲི་རྒས་རེད། །
- འབྲི་རྒས་པའི་འབྲི་མར་ཇེ་སེར་རེད། །
- གླུ་ཤེས་ནོ་འདི་མོ་དགོད་སྤྱད་རེད། །