05 Jan 2016
2 min 20 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "One’s Parents Are Impermanent." This song is part of a collection of folk songs from the Rebgong cultural area.
འདི་ནི་ལོ་ན་རྒན་པའི་དྲིན་ཆེན་གྱི་ཕ་མ་ལ་དྲིན་ལན་འཇལ་དགོས་པ་དང་གནས་ལ་འགྲོ་དགོས་པའི་བུ་མོ་ལ་སེམས་སྡུག་པའི་སྐད་མི་བཤད་པར་སྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དྲིན་ཕ་མ་གཉིས་ནུབ་ལ་ཉེ་བའི་ཉི་མའི་རང་བཞིན་ཡིན་པས་ཁ་ལེན་ཚིག་བརྩི་བྱེད་དགོས་པ་དང་དྲིན་ལན་ལོག་འཇལ་བྱེད་མི་རུང་བ། གནས་འགྲོ་བུ་མོ་དེ་ཚེར་མགོའི་བྱེའུ་ཆུང་དང་འདྲ་བར་མི་འགྱངས་པར་གཞན་ཡུལ་འགྲིམ་དགོས་པས་ཚིག་སྡུག་ནི་མི་བཤད་པར་སྐུལ་བའི་གླུ་ཞིག་ཡིན།
- ཡེ་་་ཡ་རེ་ཡ་རེ་་་་ངས་ཡ་རེ་ལེན་དགོ ཞང་ཡ་རེ་རང་གི་འགུག་་ཕྱོགས་རེད། །
- སྤྲིན་དཀར་ནག་གཉིས་ཀྱི་ཁ་མཚམས་ནས། །
- དགུང་འཛམ་གླིང་ཉི་མ་ནུབ་ལ་ཁད།
- ངས་ནུབ་ལ་ཁད་ལ་ཆགས་ཤིག་འཇོག །
- ཡུལ་ཕ་མ་གན་གྱི་རང་བཞིན་རེད། །
- ལན་ཐོངས་རྫོགས་མ་བྱེད་བུ་ཕྲུག་ཚོ། །
- མིག་བཙུམས་སེ་སོང་དུས་ཕྱི་མ་རེད། །
- ཆོས་ཡོད་མེད་བཤད་དུས་སྙིང་རེ་རྗེ། །
- གླུ་བར་བསྐྱུར་ར་རྗེས་མ་ལེན། །
- འདི་ཚེར་མགོ་བྱེའུ་ཆུང་འཕུར་ལ་ཁད། །
- ངས་འཕུར་ལ་ཁད་དེར་ཆགས་ཤིག་འཇོག །
- མ་བུ་མོ་གན་གྱི་རང་བཞིན་རེད། །
- ཚིག་སྡུག་ནི་མ་བཤད་ཕ་མ་ཚོ། །
- སྒོ་ཕྱི་ཁྱིམ་བརྒྱུད་དུས་ཕྱི་མི་རེད། །
- གཡུག་ཡོད་མེད་བཤད་དུས་སྙིང་རེ་རྗེ། །
- གླུ་ཤེས་ནོ་འདི་མོ་དགོད་སྤྱད་རེད། །