15 Dec 2011
8 min 55 sec
Video Overview
Creators:
Unknown
Two gentlemen discuss old clothing styles in Tibet and in the process use many old terms no longer in common usage.
- Tibet
- སྐྱེས་པ་ ༡ Man 1པཱ་ལགས་ཁྱེད་རང་གི་ནམ་བཟའ་འདི་འདའི་དེང་སང་གི་ཕར་ནས་ཚུར་འདོན་པ་འདི་འདྲས་རེད་པ།Palak, I think your dress is made in another place. Is that correct?
- སྐྱེས་པ་ ༢ Man 2རེད་རེད།Yes.
- སྐྱེས་པ་ ༡ Man 1སྔས་མ་གང་ཟེར་ན་དང་པོ་ང་རང་ཚོ་བོད་རང་གི་བྱས་པ་ཡིན་ན། བུ་ལ་ཡ་ཅིག་དམིགས་བསལ་གྱི་གལ་མི་འདུག སྣམ་བུ་ལྟ་རྒྱུ་ཆ་ཡག་པོ་ཞིག་རེད་པ།In the past, there were not varieties of dresses for boys to choose from, although we have nambu (thick woolen cloth), which is a good material.
- སྐྱེས་པ་ ༢ Man 2རྒྱུ་ཆ་ཡག་པོ་རེད།It is an excellent material.
- སྐྱེས་པ་ ༡ Man 1སྣམ་བུ་སྤུ་རུབ་ཟེར་མཁན་ར་པོ་འདི་འདྲས་དང་། ཅིག་གང་ཟེར་སྒོ་སྣམ་ཟེར་མཁན་ར་འདི་འདྲས།We have different kinds of nambu, such as nambu purup, gonam, and so on.
- སྐྱེས་པ་ ༢ Man 2རེད་རེད།Right.
- སྐྱེས་པ་ ༡ Man 1ཨཱ་ནི་གཅིག་སྣམ་བུའི་སྣམ་ཆས་རིགས་དེ་མང་པོ་རེད་པཱ།There are different varieties of nambu.
- སྐྱེས་པ་ ༢ Man 2མང་པོ་ཡོག་རེད།Yes, there are many.
- རེད་འདའི། ཡང་ང་རང་ཚོའི་ལྷ་སའི་ཁུལ་གྱི་བུ་མོའི་ཅ་ལག་འདི་གས་འདི་ཡང་ལས་སླ་པོ་ཁྱོན་ནས་ཡོད་མ་རེད་ད།In our Lhasa area, there were many costumes for girls to choose from.
- སྐྱེས་པ་ ༡ Man 1འོ་འདི་བྱས་ཙང་ང་བཤད་ཡག་སེ་མི་འདུགYes, but I know very little about those things.
- སྐྱེས་པ་ ༢ Man 2འདི་ཡང་མགོ་ནས་མར་བྱས་རྩིས་ར་ཅིག་རྒྱག་པ་ཡིན་ན། འོ་ཨ་ལའི་སྔས་དང་པོ་གང་ཟེར་དགོས་ཀྱི་རེད། ང་རང་ཚོའི་ལྟ་སྐུ་དྲག་ཡིན་ན་མུ་ཏིག་ཐུ་ཁོག་གཅིག་གྱོན།If you count from the head, first of all, how should I explain it? The aristocrats would wear tukhok decorated with pearls.
- སྐྱེས་པ་ ༡ Man 1འོ་རེད།Right.
- སྐྱེས་པ་ ༢ Man 2འོ་འདི་ནས་ཡང་ང་རང་ཚོ་སྐུ་དྲག་ཕར་ཕུད་པའི་ང་རང་ཚོའི་པ་ཕྲུག་གྱོན།Leaving the aristocrat aside, the commoners would wear patruk [woman's head ornament].
- སྐྱེས་པ་ ༡ Man 1འོ་རེད་པ།Right.
- སྐྱེས་པ་ ༢ Man 2ཨཱ་ནི་པ་ཕྲུག་ར་འདིའི་སྒང་འདའི་ཡང་རྦད་རྟེན་འབྲེལ་ར་བྱེད་དུས་ཙམ་པ་ཡང་ཞྭ་མོ་སེར་པོ་ཟེར་མཁན་ར་གཅིག་བྱས།In addition to patruk, the girls would wear a yellow hat, especially during a celebration.
- སྐྱེས་པ་ ༡ Man 1འོ་རེད་པ།Right.
- སྐྱེས་པ་ ༢ Man 2ཡང་འདིའི་སྒང་འདའི་མུ་ཏིག་ཐུག་ཁོག་ཟེར་མཁན་ར་ཅིག་བྱས། ལྟ་དེ་ནས་ཡར་འདིའི་གཡས་གཡོན་འདི་གཉིས་ལ་ཨེ་སྒོར་གཅིག་བཏང་།Then they would put on tukhok and wear a pair of egor on their ears.
- སྐྱེས་པ་ ༡ Man 1བུ་མོས་འདི་ནས་མར་བཏགས་ཡགIs it something the girls would hang from here?
- སྐྱེས་པ་ ༢ Man 2འོ་འདི་ནས་མར་བཏགས་ཡགYes, they would wear them like that.
- སྐྱེས་པ་ ༡ Man 1ཡིན་ནའི་བྱས་ཙང་ཆུང་ཆུང་སྒང་ལ་འདི་འདྲས་སྣང་བ་དོ་སྣང་ར་བྱུང་བཞགWhen I was young, I am sure I did notice those things.
- སྐྱེས་པ་ ༢ Man 2ཡོག་རེད།That’s for sure.
- སྐྱེས་པ་ ༡ Man 1འདི་ཁ་ཤས་མིང་གཅས་ཤེས་ཀྱི་མི་འདུགI don't know some of their names.
- སྐྱེས་པ་ ༢ Man 2འོ་ཁག་མེད།It happens.
- འདི་ནས་ཡང་སྐེ་ལ་ཡ་སྐེ་ཕྲུག་ཟེར་གཅིག་བྱས།Then the necklace is there to wear around the neck.
- སྐྱེས་པ་ ༡ Man 1འོ་ལཱ་སེ།Right.
- སྐྱེས་པ་ ༢ Man 2ཡང་དེ་ནས་བར་ཙམ་ལ་སྐེ་འཛར་ར་ཅིག་ཡང་འདི་ནས་མར་མུ་ཏིག་དང་། ཅིག་ལྟ་གང་ཟེར་དགོས་ཀྱི་རེད། འདི་པ་གཡུ། བྱི་རུ། མུ་ཏིགAlso from that side, the girls would wear jewelry made from strings of precious objects like pearls, turquoises, and corals.
- སྐྱེས་པ་ ༡ Man 1ཨང་འང་།I see.
- སྐྱེས་པ་ ༢ Man 2འདི་འདྲས་རྒྱས་པ་ར་ཡོད།They were quite elaborate.
- སྐྱེས་པ་ ༡ Man 1འདུག འདི་ནས་མར་ཁྲོམ་ཆོག་རིང་པོ་ཞིག་བཏགས་ཡག ཨེ་འདྲས།Yes. And here, they would wear another large jewelry.
- སྐྱེས་པ་ ༢ Man 2གཟི་དང་ཨེ་འདྲས་བྱས་བསྡད་པ་ཨེ་འདྲས།They are made from zi [agate] and other precious stones.
- སྐྱེས་པ་ ༡ Man 1འདུག་འདུག་འདུགYes. Yes.
- སྐྱེས་པ་ ༢ Man 2ཁོ་ཡང་རྒྱས་ཐག་ཆོད་ཁོ་ར་ཅིག་བཏགས་ཡག་ཡོག་རེད་པ།They got elegant jewelry to wear.
- སྐྱེས་པ་ ༡ Man 1འོ་ལགས།Yes.
- སྐྱེས་པ་ ༢ Man 2ཨཱ་ནི་དེ་བཞིན་རྦད་དེ་ཡ་འདའི་མདུན་ལ་ཆ་བཞག་པ་ཡིན་ན། སྤང་གདན་ཅང་འགྲོ་ཟེར་ཡག་འདི་འདྲས།In the front, the girls would tie an apron called pangden changdro.
- ལྟ་རྒྱབ་ལོགས་ལ་ཆ་བཞག་པ་ཡིན་སོང་ན་ལྟ་ཞེ་དྲགས་ཡོག་རེད་ཡང་། འདིའི་ཁ་ཐུག་འདི་པ་སྦ་ཁུག་ཁ་ཤུབས་ཟེར་ནའི་ར་ཅིགOn the back, there were also many choices. On this side, they would tie something called bakhuk khashup.
- སྐྱེས་པ་ ༡ Man 1ཨའང་།I see.
- སྐྱེས་པ་ ༢ Man 2རྡི་ར་རླུང་གྲང་ཟེར་ནའི་འདི་འདྲས་གཅིག་བྱས།There was another thing called dira lungdrang.
- སྐྱེས་པ་ ༡ Man 1འ་རྫི་འ་རྫི།Oh, really!
- སྐྱེས་པ་ ༢ Man 2ཡང་འདི་ནས་རྦད་དེ་སྒང་ལ་རྒྱབ་འཛར་བྱས་ཡང་འདའི་འདི་བཟོ་ལྟ།Then there was gyapdzar.
- སྐྱེས་པ་ ༡ Man 1ཨོའོ་པང་གདན་བཟོ་ལྟ།Is it look like a woman's apron?
- སྐྱེས་པ་ ༢ Man 2འོ་པང་གདན་བཟོ་ལྟ་ལྷེབ་ལྷེབ་ར་ཅིགYes, it looks like a woman's apron.
- སྐྱེས་པ་ ༡ Man 1འོ་འདུག་སེ་གྱོན་ཡོང་གི་འདུགThey wear it like this.
- སྐྱེས་པ་ ༢ Man 2འོ་འདི་གྲས་བཟོ་ལྟ་གྱོན་ཡོང་།Yes, they wear like this.
- སྐྱེས་པ་ ༡ Man 1འོ་འོ།I see.
- སྐྱེས་པ་ ༢ Man 2ཨཱ་ནི་ལྷམ་ཀོ་ལའི་ཡང་སྐུ་ཉམས་མཐིལ་འཛག་ཟེར་ཀ་བྱས་གཞན་དག་དང་མི་འདྲ་འདི་ར་ཅིག་བརྒྱབ་བྱས།Then there was a unique pair of shoes called kunyam tildzak.
- སྐྱེས་པ་ ༡ Man 1ཟོམ་པ།Is it zompa [boot]?
- སྐྱེས་པ་ ༢ Man 2ཟོམ་པ་ར་བྱས་བྱས།It is zompa.
- སྐྱེས་པ་ ༡ Man 1ཟོམ་པ་ར་ཅིག་ཡག་ཀོ་བ་འདུག་སེ་བརྩེགས་ཤག་པ།The soles of zompa are made by stacking layers of leather.
- སྐྱེས་པ་ ༢ Man 2བརྩེགས་ཤག་པ།Yes, by stacking them.
- བྱས་ཙང་བུ་མོའི་འདི་ལས་སླ་པོ་ཁྱོན་ནས་ཡོག་མ་རེད།The girls’ costumes are not easy to prepare.
- སྐྱེས་པ་ ༡ Man 1བྱས་ཙང་བུ་མོ་སྣེ་ཁ་ར་འདི་མང་ང་།Indeed. And the girls got more choices than boys.
- སྐྱེས་པ་ ༢ Man 2ཨཱ་ནི་རྒྱས་པ་ར་དེ་ཚོ་ལག་པར་གསེར་གྱི་སྒྲོབ་གདུབ་ར་དེ་ཚོ་གཅིག་བྱས།The wealthy ones would wear gold bangles.
- སྐྱེས་པ་ ༡ Man 1ད་ག་རེད་པ།That’s right.
- སྐྱེས་པ་ ༢ Man 2ཨཱ་ནི་འདའི་ཚིགས་ཁེབས་ར་དེ་ཚོ་ཆ་བཞག་ན་མི་ཚང་ཞེ་པ་ཚོས་ཚིགས་ཁེབས་དེ་ཁག་ཅིག་ལྟ་ཕ་ལམ་བརྒྱབ་ཀྱི་ཡོག་རེད་ཟེར་གྱི་འདུགAs for the ring, I heard that some rich families would wear rings inlaid with diamonds.
- སྐྱེས་པ་ ༡ Man 1ཨཱ་མོ་ལོ།Oh my!
- སྐྱེས་པ་ ༢ Man 2བྱས་ཙང་ལྟ་ང་རང་ཚོ་སྤུ་གུ་བུ་ལ་ཡ་གསོ་དུས་ཞྭ་མོ་ཡག་པོ་བྱས། གསེར་གྱི་ཨ་ལོང་བྱས། ཨཱ་ནི་ཕྱུ་པ་བཀྲག་བཀྲག ལྷམ་ཀོ་ཡག་པོ།So for our boys, traditionally, we would provide them a good hat, a gold earring, and nice a chupa dress.
- སྐྱེས་པ་ ༡ Man 1འོ་རེད་རེད།You are right.
- སྐྱེས་པ་ ༢ Man 2འོ་འདི་འདྲས་ར་མ་གཏོགས་ཡོག་མ་རེད།Those were the three main things for a boy.
- སྐྱེས་པ་ ༡ Man 1ཨ་ལོང་བཏགས་ཡག་ཡོག་རེད།There was earring also.
- སྐྱེས་པ་ ༢ Man 2རེད་རེད་རེད།Yes. Yes.
- སྐྱེས་པ་ ༡ Man 1ལྟ་ཡ་གི་ཕར་གོ་གནས་ཡོད་པ་སོག་བྱིལ་བྱས། རེད་པ།Those with official positions would wear sokjil [man's long earring]. Right?
- སྐྱེས་པ་ ༢ Man 2རེད།Yes.
- སྐྱེས་པ་ ༡ Man 1རེད་རེད།Right.
- སྐྱེས་པ་ ༢ Man 2ལྟ་འདི་ནས་ཁམས་པའི་སྐོར་ར་ཡང་གང་འདྲས་བྱེད་ཀྱི་འདུགHow about the Khampa costumes?
- སྐྱེས་པ་ ༡ Man 1ཁམས་པའི་འདི་ལྟ་ང་རང་ཚོ་ཁམས་ཀྱི་རྒྱུད་ཀྱི་གོས་ལོག་ར་དེ་ལྟ་སྤྱིར་བཏང་བྱས་ན་གང་ལྟར་གཅིག་ཤེས་ཀུན་གྲོལ་ར་ཅིག་རེད་ཤག་འདི།In Khama area, the men's dresses were similar. Generally speaking, it is like knowing one that frees all.
- སྐྱེས་པ་ ༢ Man 2བྱས་ཙང་།Indeed.
- སྐྱེས་པ་ ༡ Man 1འདི་པ་མང་ཆས་གང་ལྟར་འདྲ་པོ་འདྲ་པོ་ར་ཅིག ཁ་ཤས་ས་ལ་ཡ་ལྟ་མི་དམིགས་བསལ་གྱི་འདི་འདྲས་ཡོང་གི་རེད་པ།Except for a few unique ones, most of the men's dresses were similar.
- གཞན་མང་ཆས་ལྟ་གཟིགས་དང་ད་ལྟ་དེང་སང་ང་རང་ཚོའི་འདི་པ་སླེབས་པ་དེ་ཚོ་དང་། སྔས་པ་དེ་ཚོ་ལྟ་ཁྱད་པར་ག་རེ་ཡོག་རེད་ཟེར་ན་གོས་ལོག་རྒྱུ་ཆ་སྒང་ལ་ཁྱད་པར་གཅས་ཡོག་མ་རེད། གཞན་ཨ་ལའི་འང་གང་ཟེར། དེང་སང་ཨཱ་ནི་གཅིག་སྐྲ་གཞུག་དམར་པོ་ར་དེ་ཚོ་གཅིག་བརྒྱབ།There is little difference between the old and new costumes. You can notice that from dresses of the khampas who are in the city now. The men also tie a red hair tassel.
- སྐྱེས་པ་ ༢ Man 2རེད་རེད།Yes.
- སྐྱེས་པ་ ༡ Man 1རེད་པ་ལགས། སྔས་མ་དེ་ཚོ་སྐྲ་གཞུག་དེ་ཚོ་ཡོག་རེད་པ།Yes. The hair tassel was there in the old days.
- སྐྱེས་པ་ ༢ Man 2རེད་རེད།Yes.
- སྐྱེས་པ་ ༡ Man 1ལྟ་འདིའི་སྒང་འདའི་འདི་ཞིག་རྒྱག་གི་འདུག་ག ཁོང་ཚོའི་འདའི་སྒང་འདའི་གང་རེད། ཤེལ་གྱི་གཅིག གང་རེད། དངུལ་ཁག་གཅིག་གིས་དངུལ་གྱིས་བཟོས་པ། འདའི་དངུལ་གྱི་སྒང་ལ་ཡ་འདི་བརྒྱབ་ཤག བྱུ་རུ།On their heads, some would wear an ornament that was made from silver body inlaid with corals.
- སྐྱེས་པ་ ༢ Man 2བྱུ་རུ།Coral?
- བྱུ་རུའི་འདི་བརྒྱབ་བྱས་འདུག་སེ་ཤེལ་གཅིག་འདུག་སེ་རྒྱག་གི་འདུག་ག ལྟ་འདི་མིང་འདི་ག་རེ་ཟེར་གྱི་ཡོད་ནའི།Yes, inlaid with corals. I don't know the name of the jewelry.
- སྐྱེས་པ་ ༢ Man 2བཟོ་ལྟ་ར་དེ་ང་རང་ཚོ་སྤུ་གུ་སྐྱེས་ཡག་བོ་ཏིང་བཟོ་ལྟ་ཞིགIs it the one that looks like a boting we used during childbirth?
- སྐྱེས་པ་ ༡ Man 1འོ། བོ་ཏིང་འདྲ་པོ་འདུག འདི་འདྲས་གཅིག་རྒྱག་གིས། དེ་ནས་ལྟ་མི་འདུག་སེ་བྱས་དུས་རྫིག་པ་དེ་ཚོ་ལ་ཨ་ལའི་ཕྱུ་པ་འདའི་ཁྱད་ཆོས་ཡོག་རེད། ཕྱུ་པ་དེའི་ཕུ་ཐུང་ཟེར་དུས་ཆེ་ཐག་ཆོས་ཡོད་རེད་ལྟ།Yes, it looks like a boting. That's the one they tie it to their hair. And their chupa dresses got long sleeves.
- སྐྱེས་པ་ ༢ Man 2འོ་འདུགRight.
- སྐྱེས་པ་ ༡ Man 1འདུག་གIsn't so?
- སྐྱེས་པ་ ༢ Man 2རེད།Yes.
- སྐྱེས་པ་ ༡ Man 1ཁོ་ར་མ་གཞི་ཁོ་ར་གཟུགས་སྟོབས་ཆེན་པོ་རེད་པ། ཁམས་པའི་མི་ཟེར་ཡག་དེ། འདའི་ཕྱུ་པ་ཁོ་ར་ཕྱུ་པའི་ཞེང་ཁ་ཆེན་པོ་བྱས། ཕུ་ཐུང་ཁོ་ར་ཨ་ལའི་རྦད་དེ་ཆེན་པོ་ཞེ་པོ་ཨེ་འདྲས། རིང་པོ།Generally speaking, the Khampa men are well built. And their chupa dress is very broad with big long sleeves.
- སྐྱེས་པ་ ༢ Man 2ས་ལ་དྲད་(དྲུད་)འགྲོThe sleeves touch the ground.
- སྐྱེས་པ་ ༡ Man 1ལྟ་འདི་ཉམས་ཞེ་པོ་ཅིག་ཁོ། འོ་འོ། ཨཱ་ནི་དེ་ནས་གང་ཟེར་ལྟ་འོ་རྫིག་ག་ར་དེ་ཚོ་ཨེ་འདྲ་གཟི་ཤར།It looks elegant. And one with a deep pocket would wear zishar [agate].
- སྐྱེས་པ་ ༢ Man 2འོ་རེད་པ།Right.
- སྐྱེས་པ་ ༡ Man 1གཟི་དེ་ཚོ་བཏགས་ཡག་ཡོད་པ། བྱུ་རུ་ཡོད་པ། འོ་དེ་ནས་གང་ཟེར་མུ་ཏིག་ཡོད་པ། ལྟ་དེ་ནས་གང་ཟེར་ན་བུ་ལ་ཡིན་པ་ཡིན་ན་སྐྲད་སྐོར།Along with zi, there are also corals and pearls. For boys, we have trekor.
- སྐྱེས་པ་ ༢ Man 2འོ་འདུག་གRight.
- སྐྱེས་པ་ ༡ Man 1འདུག་ག ཤབ་གྲད་ཟེར་གྱི་རེད་པ།Right. It is called shapdré.
- སྐྱེས་པ་ ༢ Man 2ཤབ་གྲད།Shapdré.
- སྐྱེས་པ་ ༢ Man 2ཤབ་གྲད་ང་རང་ཚོ་ཤབ་གྲད་ང་རང་ཚོ་གླང་ཆེན་ཆེ་བས་བཟོས་པའི་བད་སོ་(བལ་སོ་)A shapdré is made from elephant tusk.
- དྲི་བ་ལེན་མཁན་ (བུ་) Questioner (m)བད་སོ་(བལ་སོ་)Ivory.
- སྐྱེས་པ་ ༢ Man 2ཤབ་གྲད་འདི་འདྲས་བྱས།So shapdré is there.
- སྐྱེས་པ་ ༢ Man 2ཁག་ཅིག་དེང་སང་རྦད་དེ་སྒང་འདི་གྱོན་མཁན་འདུག་རྫུལ་གིས།These days, some of them wear dzül.
- སྐྱེས་པ་ ༡ Man 1འོ་ལྟ་འདི་ལྟ་ཡག་པོ་ཞེ་པོ་ཡོག་རེད་པ།Oh! I know that is very good.
- དྲི་བ་ལེན་མཁན་ (བུ་) Questioner (m)ཡག་པོ་ཞེ་པོ་ཡོག་རེད།It is excellent.
- སྐྱེས་པ་ ༡ Man 1དེ་ཚོ་མང་ཆས་དེང་ཙང་ལྟ་ག་ལེར་ག་ལེར་བྱས་དུབ་ལོག་(གྱོན་ཆས་)གྱོན་སྟངས་འགྱུར་ལྡོག་ར་ཏིག་ཙམ་འགྲོ་གི་འདུག་གNowadays, traditional customs are undergoing some changes.
- སྐྱེས་པ་ ༢ Man 2འོ་རེད།I agree.
- སྐྱེས་པ་ ༡ Man 1བྱས་མ་གཏོགས་དངོས་གནས་རང་གྱོན་ཡོང་དུས་སྒང་ལ་ལྟ་སྔས་མ་ལྷམ་ཀོ་ཤ་སྟག་གཞན་འདི་འདྲས་རེད་འདུག་ག འཇུ་ཏའི་བཟོ་ལྟ་མ་རེད་ཤག ལྟ་བོད་རང་ཁོ་རང་ཁོ།In the past, the shoes people wear are not like the one we have. They are uniquely Tibetan style.
- སྐྱེས་པ་ ༢ Man 2ཀོ་ལྷམ་ཟེར་ཡག་རེད་པས།Do you mean kolham?
- སྐྱེས་པ་ ༡ Man 1ཀོ་ལྷམ་ཟེར་ཡག་རེད་པས།Is it kolham?
- སྐྱེས་པ་ ༢ Man 2རེད་རེད། སྣ་ཁུག་འདི་ཡར།Yes, it is. It has a bent toe cap.
- སྐྱེས་པ་ ༡ Man 1སྣ་ཁུག་འདུག་སེ་ཡར་འདུག་སེ་བྱས།The toe cap looks like this.
- སྐྱེས་པ་ ༢ Man 2ལྷམ་སྒྲོག་བྱས།And it has shoelaces.
- སྐྱེས་པ་ ༡ Man 1ལྷམ་སྒྲོག་བཅིངས་ཡག་བྱས།Yes, with shoelaces.
- སྐྱེས་པ་ ༢ Man 2འོ་རེད།Right.
- སྐྱེས་པ་ ༡ Man 1འདི་པ་འདི་གས་ཆ་ཚང་གྱོན་པ་ཡིན་ན་ལྟ་བྱས། ཨཱ་ནི་ཁ་ཤས་གྲི་རིང་པོ་བཏགས་ཀ་བྱེད་ཀྱི་རེད་པ། དཔའ་དམ།Some people would wear all these. Besides that, few would also carry swords.
- སྐྱེས་པ་ ༢ Man 2འོ་འོ།True.
- སྐྱེས་པ་ ༡ Man 1ཨཱ་ཤ་གྲི་ཟེར། སེྐད་པའི་འོག་ལ་ཤ་གྲི་སེ་བྱས་བྱས་ཤ་བཟའ་ཡག ལྟ་དེ་ཚོ་ཡང་ཁག་ཅིག་ཏུང་གིས་བཟོས་རྒྱོག ཁག་ཅིག་གིས་ཟེར་ན་དངུལ་རེད་འདུAnd some would carry a shadri, the knife for eating meat. Some of them were made from tung, and others were made from silver.
- སྐྱེས་པ་ ༢ Man 2འོ་རེད།Yes.
- སྐྱེས་པ་ ༡ Man 1དངུལ་གྱིས་བཟོས་རྒྱོགMade from silver.
- སྐྱེས་པ་ ༢ Man 2ད་དུང་འདིའི་སྒང་ལ་ཡང་དངུལ་གྱི་མེ་ལྕགས།In addition to that, we have mechak (flint and steel for making fire).
- སྐྱེས་པ་ ༡ Man 1འོ་མེ་ལྕགས་ཡོད་རེད་པ།Yes, there is mechak.
- སྐྱེས་པ་ ༢ Man 2འོ་རེད་རེད།Right.
- སྐྱེས་པ་ ༡ Man 1ཨཱ་ནི་ད་དུང་སྔས་མ་(སྔོན་མ་)ལྟ་མི་མདའ་འདི་འདྲས་རིང་མདའ་འདི་འདྲས་བྱས། ཁ་རག་ཡོད་པ་འདི་འདྲས་སྒར་འདུགAnd then in the past, there were also long matchlock rifles with bipods.
- སྐྱེས་པ་ ༢ Man 2འོ་རེད་པ།Right.
- སྐྱེས་པ་ ༡ Man 1ལྟ་དེ་ཚོ་བྱས་བྱས་འདི་གས་ཆ་ཚང་བྱས། རྟ་བྱས་དེ་ཚོ་བྱས་ཅིག་བཞོན་ཡོང་དུས་ཁོ་ཉམས་དོད་པོ་ར། སྣང་སྲིད་ཆེན་པོ་ར་པོ། འདའི་ལྟ་ཡག་པོ་འདུགWhen they wear all of them and ride the horses, they look dignified and magnificent.
- སྐྱེས་པ་ ༢ Man 2ལྟ་རྒྱུ་ར་རེད། རེད་འདི་གས་ཀྱི་ནང་ལོགས་ལ།That's true.
- སྐྱེས་པ་ ༡ Man 1འདི་གཅིག་བྱས། ཨཱ་ནི་དེ་ནས་ལྟ། ལྟ་ང་རང་ཚོ་གཙང་གི་ངོས་ལ་ལྟ་མང་པོ་ཞེ་པོ་བཏགས་ཡག་ཡོད་རེད་པ། རེད་པ།That's one thing. And then in the Tsang region, they also have a lot of ornaments.
- སྐྱེས་པ་ ༢ Man 2མང་ཐག་ཆོད་ཁོ་ར་ཡོད་རེད།They have a lot.
- སྐྱེས་པ་ ༡ Man 1ལྟ་ཨ་ལའི་སྔོན་ལ་གཙང་ངོས་ཕྱོགས་ཡར། གཙང་ལ་ཡ་བུ་ལ་ཡ་དམིགས་བསལ་གལ།However, for males in the Tsang region, they don't much.
- སྐྱེས་པ་ ༢ Man 2བུ་ལ་དམིགས་བསལ་སེ་གལ་ཡོག་མ་རེད་ཡང་།The males have nothing special to wear.
- སྐྱེས་པ་ ༡ Man 1ལྟ་ཡང་བུ་མོ་རེད་ཤག་མང་ཆས།Again the girls have a lot of choices.
- སྐྱེས་པ་ ༢ Man 2འོ་རེད་བུ་མོ་རེད་འདུག་གYes, they have.
- སྐྱེས་པ་ ༡ Man 1བུ་མོའི་ཨ་ལའི་སྔོན་ལ་ཡ་ལྟ་འདི་ནམ་རྒྱུན་ལྟ་ལས་ཀ་བྱེད་དུས་བཏགས་ཡག་ཡོད་མ་རེད། འདི་པ་བྱེད་སྒོ་ཨེ་འདྲས་བྱེད་དུས་ལྟ་དང་། གཅིག་གི་རྟེན་འབྲེལ་ར་པོ་བྱེད་དུས་དང་། གཅིག་མཛད་སྒོ་ཆེན་པོ་ར་དེ་འདྲས་དང་། གཅིག་འདུས་འདུས་ཐག་ཐག་འདི་འདྲས་འཛོམས་འཛོམས་དུས་ཚོད་དེ་འདྲས་ལ་ཡཱ་ཅིག་གཟབ་སྤྲོས། གཟམ་ཆོར་ལེགས་པོ་གཏད་དུས་སྒང་ལ་ཨཱ་ནི་ཨཱ་ནི་མགོ་ལ་སྤ་སྒོར་གཙང་སྔོན།Normally while working, the girls won't wear any jewelry. However, when there is an event, celebration, or a big gathering, they would dress elaborately and adorn their head with pakor.
- སྐྱེས་པ་ ༢ Man 2འོ་རེད།Right.
- སྐྱེས་པ་ ༡ Man 1གཅིག་བརྒྱབ་སྤ་སྒོར་ཟེར་མཁན་འདྲ་པོ་ཅིག ལྟ་འདི་ངས་མིང་འདི་ཞེ་དྲགས་བཤད་ཐུབ་ཀྱི་མི་འདུགThey have pakor and many other things. I don't know most of their names.
- སྐྱེས་པ་ ༢ Man 2སྤ་སྒོར་འདི་པ་རྦད་དེ་སྒང་ལ་མུ་ཏིག་གིས་འདི་ནས་ཚུར་འདུག་སེ་ཆབ་ཆབ་ར་བྱས།A pakor is decorated with strings of pearls.
- སྐྱེས་པ་ ༡ Man 1འོ་འདི་འདྲས་ཤིག་འདུགYes, something like that.
- སྐྱེས་པ་ ༢ Man 2དེ་ནས་རྦད་དེ་སྒང་ལ་སྐྲ་གཞུག་རིང་པོ་ར་བྱས་ཨེ་འདྲས་ཤིགAnd they had, long hair tassel.
- སྐྱེས་པ་ ༡ Man 1འོ་འདུགYes.
- སྐྱེས་པ་ ༢ Man 2ཨཱ་ནི་འདི་དཀྱིལ་ལིང་ཏེ་མར་རྦད་དེ་སྒང་ལ་བྱུ་རུ། མུ་ཏིགThey would cover this side with strings of corals and pearls.
- སྐྱེས་པ་ ༡ Man 1འདི་ནས་བཏགས་ཡག་ཞེ་པོ་འདུགThere are many wearable things.
- སྐྱེས་པ་ ༢ Man 2སྤོས་ཤེལ། འདི་གས་ཁོ་ར་ཆ་ཚང་ར་ཅིག་བཏགས་ཡོང་། དེ་ནས་ཡང་རྦད་དེ་སྒང་ལ། རྒྱབ་ལོག་ནས་ཚུར་རྦད་དེ་སྒང་ལ་པང་གདན་ཐོལ་པ་ར་ཅིགThen we have amber. They would wear all these. On the backside, they would tie one more apron.
- སྐྱེས་པ་ ༡ Man 1འོ་ཅིག་འདུག་རྒྱབ་འདའི། འདུག་སེ་འོ་ཟེར་གསུམ་ར་ཅིགI saw it before, a triangle-shaped apron.
- སྐྱེས་པ་ ༢ Man 2ཟུར་གསུམ་ར་པོ།Yes, a triangle shaped apron.
- སྐྱེས་པ་ ༡ Man 1འདི་ཁ་སང་ཁྱེད་རང་གིས་དེ་ཉིན་རེད་པས། ང་རང་ཚོ་འདའི་འདི་འཚོགས་མི་སོང་ངས། ས་གནས་ད་ལྟ་ལུས་རྩལ་ཐང་སྤོའོ་གླིང་ཁར་ཡ།Was it last year when there was a big gathering at Polingkha sports stadium.
- སྐྱེས་པ་ ༢ Man 2འོ་འོ་འོ་ཡིན་པ།Right.
- སྐྱེས་པ་ ༡ Man 1འོ་འདི་ལུས་རྩལ་གྱི་ཨཱ་ནི་འདི་Sports-related something.
- སྐྱེས་པ་ ༢ Man 2འགྲན་ཚོགས་འདི་སྒང་།Multi-sport?
- སྐྱེས་པ་ ༡ Man 1འགྲན་ཚོགས་ཤིག་འཚོགས་སོང་ང་།Yes, multi-sport event.
- སྐྱེས་པ་ ༢ Man 2འོ་འོ།Yes.Yes.
- སྐྱེས་པ་ ༡ Man 1འདིའི་སྒང་ལ་འོ་ལྟ་ངས་ལྟ་ཆ་ཚང་ར་ཅིག་སྒང་ག་མཐོང་བྱུང་། གང་ཟེར་ན་ཅིག་ཁྱད་ཆོས་ཡོད་པ་འདི་གས་གཙང་གི་ཁྱད་ཆོས། བུ་མོ་དེ་ཚོ་གྱོན་རྒྱུ་འདུག་ག་ལ་ལྟ།During that event, I saw the complete set of costumes from different regions. Especially, those girls from the Tsang region were wearing elaborate costumes.
- སྐྱེས་པ་ ༢ Man 2འདི་ཅུ་རིལ་གའུ་དེ་ཚོ་ཡག་ག་བྱས།They were neatly dressed with gau [amulet box] and others.
- སྐྱེས་པ་ ༡ Man 1འོ་གའུ་བྱས།Yes, including gau.
- སྐྱེས་པ་ ༢ Man 2འོ་རྫི། རྒྱོའོ་འདུག་གImpressive, right?
- སྐྱེས་པ་ ༡ Man 1ཞེ་པོ་འདུག་འདི་བཏགས་ཡག་ལྟ། ལྟ་འདའི་ཞེ་དྲགས་ཞེ་དྲགས་སེ་གལ་མི་འདུག་གང་ཟེར་དགོས་ཀྱི་རེད།They have different jewelry. However, one region doesn't have that much.
- སྐྱེས་པ་ ༢ Womanལྷོ་ཁར་ཞེ་དྲགས་སེ་འདུག་གས།Lhokha doesn't have much.
- སྐྱེས་པ་ ༡ Man 1ལྷོ་ཁར་ཧ་ལས་པའི་དམིགས་བསལ་གྱི་འདི་འདྲས་གལ་མི་འདུག ལྟ་ལྷོ་ཁ་བུའི་ཆས་ར་དེ་ལྟ་སྣམ་ཆས་ཡག་ཉེས་ར་ཅིག་མིན་འགྲོ།The Lhokha area doesn't have anything special. For the boys in that area, I think they mainly have nambu dresses of varying qualities.
- སྐྱེས་པ་ ༢ Man 2རེད་རེད།Right.
- སྐྱེས་པ་ ༡ Man 1རེད་པས་ལགས།Is it so?
- སྐྱེས་པ་ ༢ Man 2ནང་གི་པགས་པ་དེ་ཚོ་སྤུ་རུབ་དཀར་པོ་ཞིག་གྱོན། འདི་ནས་ཚུར་རྦད་དེ་སྒང་ལ་ཡ།Their dress has white purup inside.
- སྐྱེས་པ་ ༡ Man 1འདི་སྐྱིང་ཁབ་ལ་རྒྱ་ལོག་ར་ཅིག་བརྒྱབ། ཨཱ་ནི་སྐྱིང་ཁབ་སྟོད་ཐུང་སྒང་གི་ཁ་གྱོན་དེའི་སྒང་ལ་སྐྱིང་ཁབ་འདི།And the brocade dress has gyalok. On their brocade coat ...
- སྐྱེས་པ་ ༢ Man 2སྐྱིང་ཁབ་ཀྱིས་འདི་པ་མཐའ་ལྕགས་ར་ཅིག་བཏགས་བྱས།The brocade coat has linings.
- སྐྱེས་པ་ ༡ Man 1འདི་འདྲས་བྱས་པ་མ་གཏོགས།I think that's all.
- སྐྱེས་པ་ ༢ Man 2གཞན་ལྷམ་ཀོ་ཟོམ་པ་ར་པོ་བྱས།They also wear zompa.
- སྐྱེས་པ་ ༡ Man 1གཞན་ལྷམ་ཀོ་ཟོམ་པ་ར་པོ་བྱས། ལྟ་ལྷོ་ཁའི་འདི་ཕལ་ཆེར།They wear zompa. For the Lhokha region, I think that's.
- སྐྱེས་པ་ ༢ Man 2ལྟ་ཕལ་ཆེར་འདི་འདྲས་ཤིགI think that is all they have.
- སྐྱེས་པ་ ༡ Man 1ཡིན་པ་འདྲ་ལྟ་འདིའི་གཤམ་འདི་པ་རེད་པས། རྒྱ་ཚ་ངོས་ཕྱོགས་ལ་ཡ་ད་ལྟ་རྒྱ་ཚ་ངོས་རྫོང་ཁོང་གཏོགས་འདི་པ་ལ་དེ་ཚོ་གཅིག་གིས་ཞྭ་མོ་ཡང་ཀོང་པོ་ཞྭ་པོ་དེའི་དབྱིབས་བྱས་བྱས།In the lower region of Tibet, I think it's in Gyatsa area, they would wear a unique hat that looks like a typical Kongpo hat.
- སྐྱེས་པ་ ༢ Man 2འོ་འདུག་གYou are right.
- སྐྱེས་པ་ ༡ Man 1ར་ཀོ་(ར་ཅོ་)ཡོད་པ་འདུག་ག ཡང་འདི་ཡང་ཅིག་གྱོན་ཞིང་(ན་)ཡང་ཁོ་ར་ཁོ་ར་ཁྱད་ཆོས།A hat with something like a horn. That hat has many qualities.
- སྐྱེས་པ་ ༢ Man 2འོ་ཁྱད་ཆོས་ཞེ་དྲགས་འདུག་གIt has many qualities.
- སྐྱེས་པ་ ༡ Man 1ཞྭ་མོ་འདི་ཀོང་ཞྭའི་བཟོ་ལྟ་རེད་འདུག་གIs it the one that looks like a Kongpo hat?
- སྐྱེས་པ་ ༢ Man 2ཀོང་ཞྭའི་བཟོ་ལྟ། འདི་བུ་མོའི་འདི་རེད་འདུག་གYes, like a Kongpo hat for girls.
- སྐྱེས་པ་ ༡ Man 1རེད་ཤགRight.
- སྐྱེས་པ་ ༢ Man 2ལྟ་འདའི་ཡང་བཤད། འདི་འདུག་ག་ཁོ་རང་ཚོ་རྒྱུ་མཚན་ཞིག་འདུག་གFor that particular shape, they have an explanation.
- སྐྱེས་པ་ ༡ Man 1འོ།Yes.
- སྐྱེས་པ་ ༢ Man 2ར་ཀོ་བཟོ་ལྟ་དེ་འདུག་སེ་འདིའི་སྒང་ལ་འཁེལ་བ་ཡིན་ན། ཆང་ས་རྒྱག་རྒྱུ་ཡིན་ཟེར་གྱི་ཡོག་རེད་ཟེར།If the horn like part of the hat is on this side, it shows that she is single.
- སྐྱེས་པ་ ༡ Man 1ཨའང་།I see.
- སྐྱེས་པ་ ༢ Man 2ར་ཀོ་བཟོ་ལྟ་དེ་འདུག་སེ་ལྟག་ཁུང་གི་རྒྱབ་ལོག་ཕ་གིར་སླེབས་པ་རེད་པ།If the horn like part is on the backside of her head,
- སྐྱེས་པ་ ༡ Man 1འོ་བརྒྱབ་ཚར།Married?
- སྐྱེས་པ་ ༢ Man 2འོ་ལྟ་ཆང་ས་བརྒྱབ་ཚར་པ་ཡིན་ཟེར་ཀ་བྱེད་ཀྱི་ཡོག་རེད།Yes. It shows that she is married.
- སྐྱེས་པ་ ༡ Man 1ལྟ་འདའི་ལག་པ་འཆང་ཡག་མེད་ཟེར།That means you can't touch her.
- སྐྱེས་པ་ ༢ Man 2ལག་པ་འཆང་ཡག་མེད་ཟེར།Yes, you can't touch her.
- སྐྱེས་པ་ ༢ Man 2འོ་ཨེ་འདྲས་ར་ཅིག་རེད།Yes, it's like that.
- [ཧེ་ཧེ་][Laughter]
- སྐྱེས་པ་ ༡ Man 1འདའི་ལག་པ་འཆང་ན་རྒྱག་རེས་ཟུག་གི་རེད།If you touch, it will start a fight.
- སྐྱེས་པ་ ༢ Man 2འོ་རྒྱག་རེས་ཟུག་གི་རེད། འོ་ལྟ་ཨེ་འདྲས་ར་ཅིག་རེད།Yes. It will start a fight. You are right.
- མ་རེད་པས་ལྟ།Isn't so?
- སྐྱེས་པ་ ༡ Man 1རེད་རེད་རེད།Right. Right.
- སྐྱེས་པ་ ༢ Man 2ལྟ་ད་རེས་ད་ག་ཙམ་བྱས། ཨཱ་ནི་ཡང་གཞུག་མ་མཇལ་ཆོག་བྱེད།Let's stop here today. We can meet again.
- སྐྱེས་པ་ ༡ Man 1འོ་རེད།Sure.
- སྐྱེས་པ་ ༢ Man 2རེད་པ།Right?
- སྐྱེས་པ་ ༡ Man 1རེད་རེད་རེད།Yes. Yes.
- སྐྱེས་པ་ ༢ Man 2དེ་རེས་ད་ག་ཙམ་ཡིན།That's enough for today.
- སྐྱེས་པ་ ༡ Man 1ལྟ་མང་པོ་དེ་འདྲས་ལྟ་ཞུ་ཡག་ཞེ་དྲགས་ཡོད་རེད་པ་ལྟ།We can narrate a lot about these costumes.
- སྐྱེས་པ་ ༢ Man 2རེད་རེད།That's right.
- སྐྱེས་པ་ ༡ Man 1གང་ཟེར་དགོས་ཀྱི་རེད། ད་ལྟ་མི་འབྲོག་པ་ཡིན་ནའི་འདྲ་འདུགHow should I say it? Be it nomads or whoever ...
- སྐྱེས་པ་ ༢ Man 2རེད་རེད།Right.
- སྐྱེས་པ་ ༡ Man 1ད་ལྟ་འདི་པ་ཁག་ཅིག་གི་གང་ཟེར།In some part, what is that?
- སྐྱེས་པ་ ༢ Womanསྟོད་རྒྱུད་འདི་པ།In Tö area?
- སྐྱེས་པ་ ༡ Man 1སྟོད་རྒྱུད་དང་འདི་པ་ཕར་ལུང་པ་མི་རེ་ངོ་རེར་གྱི་ལྟ་ཅིག་ཆས་ར་པོ་འདི་གས་བཤད་དུས་སྒང་ནས་ལྟ། ལྟ་ཨ་ལའི་ད་རེས། ཧ་ལམ་ཁག་ཅིག་ལྟ་ཞིབ་ཕྲ་ཞུས་པ་ཡིན་ན་ལྟ་ཞུས་ཚར་ཡག་མེད་པ་རེད།In Tö area, each place has their unique costumes. If we tell them in details, we won't be able to finish it today.
- སྐྱེས་པ་ ༢ Man 2རེད་རེད། ཞུས་ཚར་ཡག་ཡོག་མ་རེད།Right. We won't be able to finish.
- སྐྱེས་པ་ ༡ Man 1རེད།Right.
- སྐྱེས་པ་ ༢ Man 2རེད།Right.
- ལྟ་ད་རེས་ཆུ་ཚོད་ཕྱི་པོ་ར་ཆགས་ཤག ཨཱ་ནི་ག་ལེར་འཐད་དོ།It's quite late now. Should we leave now?
- སྐྱེས་པ་ ༡ Man 1ཡོང་ང་ཡོང་ང་།Very well.
- སྐྱེས་པ་ ༢ Man 2ཨཱ་ནི་གཞུག་མ་མཇལ་ཆོག་པ་བྱེད།I will see you again.
- སྐྱེས་པ་ ༡ Man 1ལགས་སོ།Okay.
- སྐྱེས་པ་ ༢ Man 2ལོའོ།Okay.
- སྐྱེས་པ་ ༡ Man 1ལོའོ་ལོའོ།Sure.
- སྐྱེས་པ་ ༢ Man 2ལྟ་འོ་ན་འཐད་དོ།Let's us go.