Skip to main content Skip to search
19 Jun 2018
4 min 14 sec
Video Overview
Creators: 
Unknown

Dechen Peldrön, Jangchup Peldrön and Sonam Dema from Lubi village sing "Lugar Dangpa," a local song. This is a boedra song, and is usually sung at the end of celebrations in the hopes of cultivating auspiciousness. The lyrics talk about offering the first, second and third songs to the gods in the heavens, the tsen spirits on earth, and the serpent spirts (nagas) below, respectively. The song also contains a prayer for the wellbeing of the community and the increase of wealth. 

༉  གླུ་གར་དང་པ་ཟེར་བའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ལུ་བི་གཡུས་ཚན་ནང་ བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་ དེ་ལས་བསོད་ནམས་སྒྲོལ་མ་གིས་འཐེན་ཏེ་ཡོདཔ་ཨིན། གླུ་གཞས་འདི་གི་འབྱུང་ཁུངས་འདི་ སྤང་མཁར་སྤྱི་འོག་གི་མི་རབས་བརྒྱུད་དེ་འོང་མི་འདི་ ད་ལྟོའི་བར་ན་ཡང་དུས་སྟོན་དང་ལོ་མཆོད་ཚུ་ནང་འཐེན་སྲོལ་འདུག གླུ་གཞས་འདི་འབོད་སྒྲ་སྙིང་ཤོས་གཅིག་ཨིནམ་ད་ རང་ལུགས་གླུ་གཞས་ཡོགས་གྲགས་ཅན་ཅིག་ཡང་ཨིན་མས། གླུ་གཞས་ག་ར་འཐེན་ཚར་བའི་མཇུག་ལུ་ གླུ་གར་དང་པ་ཟེར་བའི་གླུ་གཞས་འདི་བཀྲིས་ལེགས་སྨོན་ཕུལ་བའི་ཚུལ་སྦེ་འཐེད་དོ་ཡོདཔ་ཨིན། གླུ་གཞས་ཚིག་ལྟར་དུ་འབད་རུང་ དང་པ་སྟེང་ལྷ་དང་གཉིས་པ་བར་བཙན་ གསུམ་པ་འོག་ཀླུ་ལུ་ སྒེར་པ་རང་ལུ་བདེ་སྐྱིད་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་ཚུ་གནང་ཟེར་ སྨོན་ལམ་གྱི་ཚིག་ཚུ་ཡོདཔ་ཨིན། གླུ་གཞས་འདི་ལུང་ཕྱོགས་སོ་སོ་ནང་ལས་ཕར་ཡོངས་གྲགས་ཅན་ཅིག་མེན་རུང་ ལུ་བི་གཡུས་ཚན་ནང་གི་ཕམ་རྒན་ཤོས་ཚུ་གིས་ འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་དང་པ་མི་ཕུལ་ལ་དང་པ་ཕུལ་ལ། །གླུ་གར་དང་པ་སྟེང་ཕྱོགས་ལ་ལྷ་ལུ་ཕུལ། །ལྷ་ཆེན་ཚངས་པ་བརྒྱ་བྱིན་གླུ་ལ་གསོན་ལ། །གླུ་ཡི་འབུམ་ཕྲག་ཕྱོགས་སུ་ལ་ཞལ་ལ་གསོན་ལ། །སྟེང་ཐོག་མི་ཡི་(འབྲུ་ཡིས་)གང་བ་ལ་བཀྲིས་ཤོག་ལ། །མི་ལ་ན་ཚ་(འབྲུ་ལ་ཕབ་ཏུ་)མེད་པའི་ལ་གཡང་ཆགས་ཤོག །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་གཉིས་པ་མི་ཕུལ་ལ་གཉིས་པ་ཕུལ་ལ། །གླུ་གར་གཉིས་པ་བར་ཕྱོགས་ལ་བཙན་ལ་ཕུལ། །བཙན་ཆེན་སྐྱིད་བུ་རླུང་བཙན་ལ་གླུ་ལ་གསོན་ལ། །གླུ་ཡི་འབུམ་ཕྲག་ཕྱོགས་སུ་ལ་ཞལ་ལ་གསོན་ལ། །བར་ཐོག་འབྲུ་ཡི་(མི་ཡིས་)གང་བ་ལ་བཀྲིས་ཤོག་ལ། །འབྲུ་ལ་བབ་ཐོགས་(མི་ལ་ན་ཚ་)མེད་པའི་ལ་གཡང་ཆགས་ཤོག །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་གསུམ་པ་མ་ཕུལ་ལ་གསུམ་པ་ཕུལ་ལ། །གླུ་གར་གསུམ་པ་འོག་ཕྱོགས་ལ་ཀླུ་ལ་ཕུལ། །ཀླུ་ཆེན་དགའ་བ་འཇོག་པོ་ལ་གླུ་ལ་གསོན་ལ། །གླུ་ཡི་འབུམ་ཕྲག་ཕྱོགས་སུ་ལ་ཞལ་ལ་གསོན་ལ། །འོག་ཐོག་ནོར་གྱིས་གང་བའི་ལ་བཀྲིས་ཤོག་ལ། །ནོར་ལ་གོད་ཁ་མེད་པའི་ལ་གཡང་ཆགས་ཤོག །ནོར་ལ་གོད་ཁ་མེད་པའི་ལ་གཡང་ཆགས་ཤོག །ལགས་སོ།། །།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།