Skip to main content Skip to search
01 Sep 2018
39 min 51 sec
Video Overview
Creators: 
Yeshi Wangchuk

In this part of video, Goembo Wangdi shares about why a particular household from the village needs to prepare a local brew for the Buli Chodpa ritual. It was mainly because of the mermaid of Buli village who  came from Tibet and stayed a night in that particular house. Since then that particular household  has to prepare the local brew for the invocation of the mermaid ritual. He also talks about the three brothers of the mermaid, who came from Tibet to hunt and later settled in Buli. These brothers became the Poenpo during those days, however it was claimed that they do not have the proper lineage holder and today Goembo Wangdi is taking the responsibilities of both Bonpo and Penpo during the Buli Chodpa ritual. 

 

མགོན་པོ་དབང་འདུས་ཀྱི་ བུ་ལི་མཆོད་པའི་སྐབས་ལུ་ ཁྱིམ་འདི་རྐྱངམ་ཅིག་ནང་ལུ་ ག་ཅི་སྦེ་ ཆང་བཟོ་དགོཔ་ཨིན་ནའི་སྐོར་ལས་བཤདཔ་ཨིན། དེ་ཡང་ ཧེ་མ་ བོད་ལས་འོང་མི་ མཚོ་སྨན་འདི་ ཨ་ནཱི་ཁྱིམ་ནང་ལུ་ ཞག་ཉལ་ནི་འདི་གིས་ཨིན་མས། དེ་ལས་ཚུར་ མཚོ་སྨན་འདི་ལུ་ གསོལཝ་བཏབ་ནིའི་དོན་ལུ་ ཁྱིམ་འདི་ནང་ ཆང་བཟོ་དགོ་ཟེར་ཨིན་མས། དེ་མ་ཚད་ ཁོ་གིས་ མཚོ་སྨན་ བུ་སྤུན་གསུམ་ ཡར་བོད་ལས་ ཤ་བདའ་བར་འོང་སྟེ་ བུ་ལི་ལུ་ གཞི་ཆགས་ཏེ་ སྡོད་མིའི་སྐོར་ལས་ཡང་བཤད་ནི་འདུག དེ་བསྒང་ བུ་སྤུན་གསུམ་འདི་ དཔོན་པོ་ལུ་འགྱུར་ཡོད་རུང་ བརྒྱུད་པ་མེདཔ་ལས་ ད་ལྟོ་ བུ་ལི་མཆོད་པའི་སྐབས་ལུ་ བོན་པོ་དང་ དཔོན་པོ་གཉིས་ཆ་རའི་འགན་ཁུར་འདི་ མགོན་པོ་དབང་འདུས་ཀྱིས་ འབག་དོ་ཡོདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • མགོན་པོ་དབང་འདུས་ Goembo Wangdi
    མི་ཤི་སྟེ་ མི་གི་རོ་ཡང་མཚོ་ནང་བཀོ་ རྟ་ཤི་སྟེ་ རྟའི་རོ་ཡང་མཚོ་ནང་བཀོ་ རོ་ཁྱི་ཤི་བ་ཅིན་ རོ་ཁྱིའི་རོ་ཡང་ མཚོ་ནང་བཀོ་སྟེ་ དེ་ལས་ མཚོ་སྨན་རྒྱལ་མོ་ མར་ལུ་ དྲེགས་མ་ཚུགས་པར་ དེ་ལས་ མར་ལས་སྦེ་ བྱོན་ནུག་ལགས་ མར་གཟིམ་ཅུང་གི་ མཇུག་ལས་མར་འབད་དེ་ ད་ལྟོ་སའི་མིང་ བུར་ཏི་སྒང་ཟེར་ ཧོག་ཀ་ཅིག་ཡོད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱ་ལས་མར་སྦེ་བྱོན་ཏེ་ དེ་ལས་ མར་བེར་སྤང་ཟེར་ ཁ་ཉིནམ་ ང་བཅས་མར་འགྱོ་སར་ ད་ལྟོ་མཚོ་ཡོད་སར་ མ་ལྷོདཔ་ཅིག་ཁར་ ཐང་ཅིག་ཡོད་སྨོ་ཤིག? སྤང་ནང་ཆུ་ཅིག་འདུག་མེན་ན? འ་ནཱ་ཆགས་ནུག་ལགས་ འ་ནཱ་བཞུགས་ཏེ་ དེ་ལས་ སྨནམོ་མར་བཞུགས།
  • མགོན་པོ་དབང་འདུས་ Goembo Wangdi
    མར་བཞུགསཔ་ད་ ད་རུང་ དང་ཕུ་འབད་བ་ཅིན་ ཉ་མཁར་ཚལ་དྭངས་ བདུད་མང་འདི་ཚུ་ ལམ་ང་བཅས་ཀྱི་ གཡུས་ཁར་ཐོན་ཏེ་ འོང་དགོ་ མར་ལས་ཡར་ལགས་ ཏེ་ འ་མར་ལས་ཡར་འབདཝ་ད་ ཁོང་ ཞག་མར་བེར་སྤང་ལུ་ ལུས་ལུསཔ་མས་ལགས་ ཏེ་ ཡར་གཞལམ་སྒང་ལུ་ ཁྲལ་རྒྱུག་པར་འགྱོ་དོ་མས་ལགས་ ཁྲལཔ་འདི་ཚུ།
  • མགོན་པོ་དབང་འདུས་ Goembo Wangdi
    ཁྲལཔ་འདི་ཚུ་ ཁྲལ་རྒྱུག་པར་འགྱོཝ་ད་ དེ་ལས་ མར་ཞག་ལུས་ཏེ་ ཨ་ལོ་ རྒྱབ་ཁར་འབག་སྟེ་ འོང་འོངམ་མས་ དེ་ལས་ མར་ལྷོདཔ་ད་ ཨ་ལོ་ཤི་ནི་གུ་ཐུག་ནུག་ལགས་ དེ་ལས་ འདི་ཚུ་གིས་ཡང་ ཨ་ལོའི་རོ་ མར་མཚོ་ནང་ བཀོ་ནུག་ལགས་ དེ་ལས་རྐྱངམ་གཅིག་ ད་ འདི་ནང་མེན་པས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    མར་ལས་ སྤོ་བྱོནམ་ད་ ད་ལྟོ་བཞུགས་སར་ ཕར་ནགས་ཚལ་ནང་ བྱོན་འབད་ ཏེ་ དེ་ལས་ འ་ཕར་བྱོན་ཞིནམ་ལས་ དེ་ལས་ མི་འདི་ཚུ་ ཕར་འོང་རང་ མ་བཅུག་པས་ལགས་ ཧེ་མ་འདི་ གནམ་མེད་ས་མེད་ཕར་ སྒོ་རས་པ་ཟེར་ མཚོ་ངོ་མ་ ཕར་ཧོངས་མ་འབདཝ་ད་ ཚུར་ཁ་ཐུག་ལུ་ སྒོ་རས་པ་ཟེར་ཡོད་པ་ལགས་ མཁྱེན་མཁྱེནམ་འོང་ལགས་ཁ་ཉིནམ་བྱོན་ཡི་ག་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ཕར་སྒོ་རས་པ་གིས་ མཚོ་འབད་སར་ མ་ལྷོདཔ་ཅིག་ཁ་ལས་རང་ སྐད་གཞན་དང་མ་འདྲཝ་ དུག་དུག་དུག་བཏང་ སྐད་འ་ནེ་སྦེ་འབད་དེ་ དེ་ལས་ མི་ཚུ་འོང་མ་བཅུག་པར་ སྡོད་ནུག་ལགས་ ད་ འདི་མཚོ་སྨན་འདི་ཚུ་ཡང་ཉམས་ཏེ་ ད་ག་ནི་ཡང་ མི་འབད་བས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཧེ་མ་འདི་ གནམ་མེད་ས་མེད་ འཇིགས་སྐྲག་སྟོན་འོང་ལགས་ ད་ མི་མཚོ་མཇལ་བར་འགྱོ་རུང་ ག་ནི་ཡང་མི་འབད་བས་ མ་པ་སྒྲིབ་ཡོད་མི་འགྱོ་བ་ཅིན་འདི་ ད་རེས་ཡང་ འབད་འོང་ལགས་འབད་ནི་འདི་ སྐྱེས་སྒྲིབ་ཤི་སྒྲིབ་ཡོདཔ་སྦེ་ འགྱོ་བ་ཅིན་ ད་ལྟོ་ཡང་འབད་འོང་།
  • འབྲེལ་གཏོགས་ལྟོདམ་ལྟ་མི་ Audience
    སྒྲིབ་འདི་ཚུ་ཡོད་པ་ཅིན་འདི་ གཡུས་སྒོ་ལུ་ཡང་ གནོད་མས་གོ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ནེ་སྦེ་སྡོད་ནུག་ ད་ མོ་གི་ནུ་གཅུང་གསུམ་ ནཱ་ལྷོད་དེ་ ཡར་ལྕགས་ལཱ་བྲག་ཟེར་ ཨ་ཡར་ སྒང་ཏོ་ཅིག་ཡོད་ འ་ཡར་ལུ་ ལྕགས་ལཱ་བྲག་ཟེར་ སླབ་དགོ་མི་ མོ་གི་ནུ་གཅུང་གསུམ་ ཤ་ཨ་ཕར་ཕག་ལེང་ཟེར་མི་ ཞིང་ཅིག་ཡོད་ ཁོང་སྤུན་གསུམ་ཡར་ལས་བལྟཝ་ད་ ཨ་ཕར་ཞིང་ནང་ ཕགཔ་མཐོང་མཐོངམ་ཨིན་ཟེར་ཨིན་པས་ ཕགཔ་མཐོང་སྟེ་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཕགཔ་གུ་ མདའ་རྐྱབ་ནི་འབད་ ཁོང་གསུམ་མདའ་གུ་བཙུགས་ནིའི་མདའ་ལྕགས་ ཡར་ལུ་ བརྡུང་ནུག་ལགས་ ལྕགས་ལཱ་བྲག་ཟེར་ ཡར་གྱི་བྲག་གི་མགུ་ཏོ་ཁར་ ཁོང་གསུམ་ལྕགས་ཡར་ལུ་ བརྡུངས་བརྡུངསམ་འབད་ནི་དེ་གིས་ ལྕགས་ལཱ་བྲག་ཟེར་ སླབ་དགོཔ་མི་དེ་ འདི་ལས་བརྟེན་ཏེ་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཡར་ལས་མར་ ཕྱག་མདའ་གནངམ་ད་ ཁོང་སྤུན་གསུམ་ཕྱག་མདའ་གནངམ་ད་ ཧེ་མ་ ག་གིས་རྐྱབ་ནི་སྨོ་ཟེར་ དེ་ལས་ ཁོང་ར་གསུམ་ བསྟུན་གྲོས་འབད་ནུག་ལགས་ ཧེ་མ་རང་ ག་གིས་རྐྱབ་ནི་ཟེརཝ་ད་ དེ་ལས་ ཕ་རྒནམ་སྦོམ་ཤོས་ཀྱིས་ དང་པ་རང་ ང་གིས་རྐྱབ་གེ་ ལེགས་རུང་ཞེན་རུང་ ཧེ་མ་སྐྱེས་བའི་ རྣ་དང་རྭཝ་ང་ཨིན་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ང་གིས་ རྐྱབ་གེ་ཟེར་ དེ་ལས་ ཕོ་རྒནམ་སྦོམ་ཤོས་ཀྱིས་ ཡར་ལས་མར་ ཕགཔ་གུ་ ཕྱག་མདའ་གནང་ནུག་ དེ་འབདཝ་ད་ ཕོ་རྒནམ་སྦོམ་ཤོས་ཀྱི་དེ་ འབྱིད་ཡར་སོང་ནུག་ ཕགཔ་གུ་ མ་ཕོག་པས་ལགས། དེ་ལས་ ནུ་གཅུང་བར་མ་གིས་ རྐྱབ་ནུག་ལགས་ ད་ ཕོ་རྒནམ་སྦོམ་ཤོས་ཀྱིས་རྐྱབ་ཅི་མ་ཕོག་ ད་ ང་གིས་རྐྱབ་གེ་ཟེར་ དེ་ལས་ ཕོ་རྒནམ་བར་ན་སྐོརམ་གིས་རྐྱབ་ད་ ཕགཔ་ཨ་ཕི་བཟུམ་ཅིག་འབདཝ་ད་ འ་ནེམ་ཅིག་ཁར་ལུས་ཏེ་ མ་ཕོག་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ནུ་གཅུང་ཆུང་ཤོས་ཀྱིས་ ད་ ཕོ་རྒནམ་གཉིས་ཀྱིས་རྐྱབ་ཅི་ མ་ཕོག་ཟེར་ ད་ ཕོག་རུང་ང་ཨིན་ མ་ཕོག་རུང་ ངེའི་སྐོར་རྒྱབ་ཨིན་ ད་ ང་གིས་རྐྱབ་གེ་ཟེར་ དེ་ལས་ ནུ་གཅུང་ཆུང་ཤོས་ཀྱིས་ རྐྱབ་ད་རྐྱངམ་ཅིག་ ཕགཔ་གུ་ ཕོག་ནུག་ལགས། ཕགཔ་གུ་ཕོགཔ་ད་ ཕགཔ་ཨ་ཕར་ ཕག་ལེང་ཟེར་ས་ ཕར་ལས་སྒྲིལ་འོངམ་ད་ ལགཔ་ཡ་གཅིག་ ཨ་ཕར་འཛགས་ཏེ་ ལུས་ལུསཔ་ཨིན་ལོ་ ད་ འ་ནཱི་ ས་ཆ་གི་མིང་ ཡང་(ཁེངས་ཁའི་ནང་ལགཔ་ལུ་)ཐང་ཟེར་ཡོད་ལགས་ ཕར་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    ཕར་ལས་ ཕགཔ་མདའ་ཡིས་ ཕོག་སྟེ་འོངམ་ད་ ཡག་ཐང་ཟེར་ ང་བཅས་རའི་ལགཔ་ འ་ནཱི་ལགཔ་ཡ་གཅིག་ འ་ཕར་ཆད་ལུས་སོང་པའི་ལོ་ལགས་ དེ་ལས་ ཕར་ལས་འོངམ་ད་ སྐྱག་པ་ཐང་ཟེར་ ཨ་ནཱི་ ད་ལྟོ་ ཕུན་ཚོགས་སྡོད་མི་ ས་འ་ནཱི་སྐྱག་པ་སྟང་ཟེར་ སླབ་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཁར་ལྷོདཔ་ད་ ཕགཔ་ཨ་བ་ཤོར་ཤོརཝ་ཨིན་ལོ་ལགས་ དེ་ལས་ འདི་ཁར་ལས་འགྱོཝ་ད་ ད་རུང་ཕར་ ཞིང་ཅིག་ཡོད་ལགས་ ཏར་མ་ལེང་ཟེར་སླབ་ཨིན་ ཏེ་ ཏར་མ་ལེང་ཟེར་ སླབ་མི་འདི་ ནོར་ཤི་སྟེ༌ ཤ་དྲཝ་ད་ ཏར་ཏར་མ་ཟེར་ ཐོན་ནི་ཡོད་མེན་ན་ལགས་ ཚི་ལུ་ འ་ནཱི་ཨ་ཕར་ཤང་གཅིག་ ཐོན་ལུས་སོཔ་ཨིན་ལོ་ ཏར་མ་ལེང་ཟེར་ སླབ་དགོཔ་འ་ནཱི་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨ་ཕར་ལས་འགྱོཝ་ད་ ཚོང་ཁང་ཡོད་སའི༌ཕར༌ལུ༌ སའི༌མིང༌ བཟི་ཝང་ཁ་ཟེར་ བཟི་ཝང་ཁ་ཟེར་ སླབ་འོང་ལགས། འ་ཕར་ལྷོདཔ་ད༌ ཕགཔ་དུག་གིས་ བཟི་བཟིཝ་ཨིན་ཟེར་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཕགཔ་དུག་གིས་ བཟི་ནུག་ལོ། བཟི་ཝང་ཁ་ཟེར་ སླབ་མི་དེ་ འདི་ཁར་ལས་འགྱོཝ་ད་ དེ་ལས་ ཕར་རྒྱབ་ཁར་ ཕག་དར་ཝང་ཟེར་ ཧོག་ཀ་ཅིག་ཡོད་ལགས། འ་ཕར་ ཕགཔ་ཤི་བར་ ལྷོད་ལྷོདཔ་ཨིན་ལོ་ འ་ཕར་ཤི་སྟེ་ ལུས་ནི་དེ་གིས་ ཕགཔ་དར་ཝང་ཟེར་ འ་ཕར་སའི་མིང་འ་ནེ་སྦེ་ཡོད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མོ་གི་ནུ་གཅུང་གསུམ་ མཚོ་སྨན་རྒྱལ་མོ་གི་ ནུ་གཅུང་གསུམ་ནཱ་ཕེབས་ཏེ་ འ་ནེ་སྦེ་བཞུགས་ནུག་ དེ་ལས་ ང་བཅས་ཀྱི་གཡུས་ཁར་ མཚོ་ཕེབས་དགོ་པའི་ ལུང་བསྟན་འ་ནེ་སྦེ་ཨིན་པས་ལགས། དེ་ལས་ ཁོ་ཡོང་ སློབ་དཔོན་ དུར་སྨིན་གསུམ་འབདཝ་ད་ ཁོ་ཡོང་འདི་ ཕོ་རྒནམ་སྦོམ་ཤོས་རང་ ཁོ་ཡོང་ཨིན་པས། སློབ་དཔོན་ཟེར་མི་ བར་ན་སྐོརམ་ཨིན་པས་ ཆུང་ཀུ་རང་དུར་སྨིན་ཟེར་མི་དེ་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་སྤུན་གསུམ་ དེ་ལས་ འ་ནཱི་སྤུན་གསུམ་གྱི་བརྒྱུད་པ་འདི་ བུ་ལི་དཔོན་པོ་ཨིན་པས་ལགས་ བུ་ལི་དཔོན་པོ་ཟེར་ ཤུགས་ཐོན་དགོ་པའི་ ཁུངས་དང་དོན་དག་འ་ནཱི་ཨིན་པས་ལགས་ བུ་ལི་དཔོན་པོ་ཧེ་མ་ གཉའ་རྒོད་སྦེ་ ཐོན་མི་འདི་ ཨ༌ནཱི་ཨིན་པས་ལགས་ དེ་ལས་ད་ ཁོ་གི་མི་བརྒྱུད་འདི་ཨིན་ཟེརཝ་ཡང་མེད་པར་ ཁོ་རང་ལུ་ སྲས་སྲས་མོ་མེདཔ་ལས་བརྟེན་ཏེ་ ད་ལྟོ་ ཁོ་གི་ཚབ་མ་སྦེ་ ཁོ་གི་ མི་གིས་འབད་མེད་མི་འདི་ འ་ནཱི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་ཀྱི་ གཡུས་ཀྱི་རིམ་བརྒྱུད་ འ་ནེམ་ཅིག་ཡོད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འ་ནཱི་གི་ཧེ་མ་ར་ ད་རུང་ ཕར་རི་དི་པོང་ལུ་ གསོལ་མི་གི་ལྷ་གསོལ་དང་ མར་སྨནམོ་སྦྲང་ན་ གསོལ་མི་གཅིག་ཨིན་ན་ལགས? གསོལ་ཐངས་འདི་ཚུ?
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་གཅིག་རང་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལྷ་གཅིག་དེ་ལས་གསོལ་ཐངས་ཡང་གཅིག
  • མགོན་པོ་དབང་འདུས་ Goembo Wangdi
    གསོལ་ཐངས་ཡང་གཅིག་རང་ཨིན་ལགས་ མ་པ་ཚོགས་བཀང་ཐངས་འདི་ མ་འདྲཝ་མ་གཏོགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཚོགས་བཀང་ཐངས་ཀྱི་ ཁྱད་པར་ག་དེ་སྦེ་ཡོད་གོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ཚོགས་བཀང་ཐངས་མི་འདྲ་ལགས་ ནཱ་གི་འདི་ མར་ཆང་ཧོད་གུ་ ཡར་སྒྲོན་བཀལ་མི་འདི་ ག་ར་ཡར་རྡོ་གུ་ལུ་ བཀྲམ་དགོ་ལགས་ རྡོ་གི་སྟེགས་རྩིགཔ་འཐུ་སྟེ་ བ་ཐེམས་(བཏེགས)བཏོན་ཏེ་ཡོད་སྦ་ ཕུད་ཀྱི་རིགས་ཚུ་ ཆ་མཉམ་ བ་ཐེམས་(བཏེགས)ཀྱི་གུ་ལུ་བཀང་དགོ་ དེ་ལས་ ཚོགས་ཀྱི་རིགས་སུ་ག་ར་ ང་བཅས་རའི་ ཤོམ་འདབ་ཐིང་སྟེ་ འདབ་མ་གུ་འབད་ ས་ཁར་ལས་མར་བཀྲམ་ཏེ་ བསྐང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    མ་པ་ཚོགས་གཅིག་རང་ཨིན་ལགས་ ལྟོ་ཀོག་ཏོ་ཨིན་མར་ལུ་ཡང་ མར་སྨན་མོ་སྦྲང་ལུ་ཡང་ ཅོག་གཅིག་རང་ བྲང་བྱ་བཟོ་ བྲང་བྱ་གུ་ དར་ཚིལ་དང་ མར་ཕུད་བཀལ་ཏེ་ འ་ནེ་སྦེ་ ཤ་གི་རིགས་རྣམས་ ནཱ་ལུ་ཡང་ རེག་མི་བཏུབ་ མར་ཡང་རེག་མི་བཏུབ་ ལྷ་ཡང་གཅིག་རང་ཨིན་ མར་སྨན་མོ་སྦྲང་ལུ་ཡང་ ལྷ་རིའི་རྒྱལ་པོ་ རི་རབ་རྩེ་ལས་མར་ ཞུ་འབག་སྟེ་ དེ་ལས་ ལོག་སྟེ་ ཚར་གཅིག་ མར་ལས་གྲོལཝ་ད་ ལོག་སྟེ་ཡར་རང་ཤུལ(་བཀལ)་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ད་རུང་ མར་ཤུ་སྦང་ལྷོདཔ་ད་ཡང་ ལོག་སྟེ་ ད་ཅི་བཟུམ་ཅིག་རང་ ཡར་གནམ་རིམ་པ་བཅུ་གསུམ་ལས་ ཞུ་འབག་སྟེ་ འདི་ན་ཡང་ ལྷ་འ་ནེ་སྦེ་རང་གནང་དགོ་ལགས་ གནམ་རིམ་པ་བཅུ་གསུམ་ལས་རང་ཞུ་དགོ་ ད་རུང་ ལོག་སྟེ་རང་ ཡར་ལུ་ གནམ་རིམ་པ་བཅུ་གསུམ་ལུ་ ཤུལ་(བཀལ)དགོ་ལགས་ལྷ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ང་བཅས་རའི་ གཞི་བདག་ཚུ་བསྐོར་ཏེ་འབད་མི་འདི་ མར་དང་ནཱ་ གཅིག་རང་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    མར་གྱི་འདི་ ད་ ཁྲལ་པ་འདི་ཚུ་གིས་འབད།
  • མགོན་པོ་དབང་འདུས་ Goembo Wangdi
    འོང་མར་གྱི་འདི་ ཁྲལ་པ་མེན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    རྟ་འཚོཔ་འབད་དེ་ཨིན་ཡ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    རྟ་འཚོཔ་འབད་མི་འདི་ དང་ཕུ་བུ་ལི་དཔོན་པོ་དང་ བོན་པོ་གི་ གཡོགཔ་འདི་ རྟ་འཚོཔ་འབད་མི་ དང་ཕུ་ང་བཅས་ཀྱི་ གཞལམ་སྒང་རྫོང་ནང་ དཔོན་གྱི་ཆིབས་གསོ་མི་ཨིན་པས་ལགས་ ཁོང་ཁྲལ་པ་ ཁྲལ་པ་ཁྲལ་ཆེན་ ཁོང་གུང་ ༤ སྡོད་ནུག་ལགས་ གུང་པ་གཅིག་ ཡར་བར་པ་ ཨའི་དཔལ་འཛོམས་ཟེར་སྡོད་ནུག་ མོ་ཁྲལ་པ་ ངོ་མ་གཅིག་ དེ་ལས་ སྤང་སྨད་ལུ་འབད་བ་ཅིན་ ཁོ་གི་ཨའི་གི་ ཨའི་ཨམ་རྫོགས་ཆེན་ དེ་ལས་ ཁོང་གིས་ རྐྱབ་དགོ་ལགས་གཡོག།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ གཅིག་ཀྲོང་སྟོད་ལས་ ཡར་ཀྲོང་སྟོད་ལས་སྡོད་ནུག་ ཁྲལ་པ་གཅིག་ གཅིག་བར་ཡོངས་ལས་སྡོད་ནུག་ ཁོང་ཁྲལ་པ་ཁྲལ་ཆེན་ གུང་བཞི་རང་ འ་ནཱི་གིས་ཏེ་ དང་ཕུ་སྐུ་མགྲོན་གཙོ་བོ་ བུ་ལི་དཔོན་པོ་བཞུགས་ཡོད་པ་ལས་ དེ་ལས་ བུ་ལི་དཔོན་པོ་དང་ བོན་པོ་འདི་ གྱལ་གཅིག་གུ་སྡོད་དེ་ དེ་ལས་ སྐུ་མགྲོན་གཙོ་བོ་ ཁོ་འབད་སྡོདཔ་ད་ ཁྲལ་པ་ཚུ་ དྲང་བཞག་རྐྱབ་མི་ ཕུད་བཙོ་སྟེ་ དྲངས་མི་ཡང་ བཙོ་མི་ཡང་ ཁྲལ་པ་ ༤ གིས་ གཡོག་རྐྱབ་སྡོད་ནི་དེ་གིས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ལྟོ་ རྟ་འཚོ་ཟེར་ རྟ་འཚོ་གིས་ ངེའི་གདོང་ཁར་ འ་ནཱི་སྦེ་དགོ་པའི་ཁུངས་ འ་ནཱི་ཨིན་ལགས་ རྟ་འཚོ་པ་གིས་ ངེའི་གཡོག་ག་ར་ རྟ་འཚོ་གིས་རྐྱབ་དགོ་ལགས་ ངེའི་གདོང་ཁར་ དེ་ལས་ ཆང་ཕུད་འབག་རུང་ ད་དྲོ་པ་ ང་ཉི་མའི་རྩེ་དང་སྦྲགས་ཏེ་ ང་འ་ནཱ་ལས་མར་ ལྷ་ཁང་ནང་ན་འགྱོ་དགོ་ལགས་ ལྷ་ཁང་ནང་ན་ ཉི་མའི་རྩེ་དང་སྦྲགས་ཏེ་འགྱོཝ་ད་ དེ་ལས་ ནཱ་ལས་མར་ མཆོད་པའི་ལྷ་མོ་འདི་ཚུ་གིས་ ནཱ་ མཆོད་རྟེན་ཡོད་སར་ཚུན་འཐོན་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་གིས་ ང་མར་ལས་ ལེགས་པས་འཐེན་ཏེ་འཁྱིད་དགོ་ དེ་ལས་ ཁོང་གིས་ ལེགས་པས་འཐེན་ནི་ འགོ་བཙུགསཔ་ཅིག་ ང་བཀབ་ནེ་བཀབ་དགོ་ལགས་ བཀབ་ནེ་ཁ་དམར་ དང་ཕུ་ལས་རང་བཀབ་ནེ་ཁ་དམར་བཀབ་སྟེ་ཨིན་པས་ དེ་ལས་ ནཱ་ལས་འགྱོ་སྟེ་ ལྷ་ཁང་གི་འོག་ལུ་ མར་དར་ཤིང་གི་རྩ་བ་ལྷོདཔ་ད་ དེ་ལས་ཡར་ ཆོསཔ་འདི་ཚུ་ ཧེ་མ་འབད་བ་ཅིན་ དུང་རྒྱ་གླིང་རྔ་དང་བཅསཔ་སྦེ་རང་ སེར་སྦྲེང་འབད་དགོ་ལགས་ ཆོསཔ་འདི་ཚུ་ཡར།
  • མགོན་པོ་དབང་འདུས་ Goembo Wangdi
    ཆོ་ག་མཚམས་ཁར་ལྷོད་རུང་ལྷོད་ མ་ལྷོད་རུང་མ་ལྷོད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    བོན་པོ་བྱོནམ་ད་ཡ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས། ཆོ་ག་མཚམས་ཁར་ལྷོད་རུང་ལྷོད་ མ་ལྷོད་རུང་མ་ལྷོད་ ང་ནཱ་ལས་འགྱོཝ་ད་ ཏེ་ ཨ་ཡར་བཙན་དར་ཤིང་ཅིག་ཡོད་ ཙན་དན་ཤིང་ཡོད་མེན་ན་ལགས། འ་ནཱི་རྩེ་གུ་ ཉིམ་རྩེ་རེ་རེ་ཕོགཔ་ད་ ང་ནཱ་ལས་མར་འགྱོ་དགོ་ལགས། ང་ནཱ་ལས་མར་འགྱོཝ་ད་ དེ་བསྒང་ཆོསཔ་ཚུ་ མར་ལྷ་ཁང་གི་ རྡོ་གཅལ་ནང་བབས་ དེ་ལས་ ཡར་ལས་ དུང་ རྒྱ་གླིང་ རོལ་མོ་བརྡུང་ རྔ་རོལ་མོ་བརྡུངས་ཏེ་ དུང་ རྒྱ་གླིང་ སེར་སྦྲེང་ག་ར་འབད་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ལྟོ་འབདཝ་ད་ ཁོང་གིས་བསྡུ་སྟེ་ བཟོ་ཨིན་ཟེར་ ཁོང་གིས་ རྒྱ་གླིང་གཅིག་རྐྱངམ་ཅིག་ གནང་མས་ལགས་ དུས་ཅི་ཡང་ སེར་སྦྲེང་རྒྱ་གླིང་རྐྱངམ་གཅིག་རང་ཨིན་ དེ་ལས་ མཆོད་པའི་ལྷ་མོ་འདི་ ལེགས་པས་འཐེན་པར་འདི་འོང་མས་ དང་ཕུ་བུ་ལི་དཔོན་པོ་ གདན་འདྲེན་འ་ནེ་སྦེ་ ཞུ་སྟེ་སྡོད་ནུག་ལགས་ བུ་ལི་དཔོན་པོ་ མར་ལྷ་ཁང་ནང་ ཉི་མའི་རྩེ་དང་སྦྲགས་ཏེ་མར་བྱོནམ་ད་ དེ་ལས་ དྲོ་པ་ཡར་དཔོན་པོ་ཡར་ཕེབས་ བོན་པོ་དང་ དཔོན་པོ་མར་ཕེབས་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    དང་པ་རང་ དང་ཕུ་འབད་བ་ཅིན་ ཁྲོ་ནང་སྦེ་ མར་ཆང་ཁྲོ་གུ་ ཡར་སྒྲོན་བཀལ་ཏེ་ ལྷ་ཁང་གི་ སྦུག་ལུ་བཀང་དགོ་ལགས་ དེ་ལས་ དང་པ་རང་ དཔོན་པོ་མར་ཕེབས་ཅིག་ དེ་ལས་ ཆོསཔ་འདི་ཚུ་ ས་ཁར་མ་བཞུགསཔ་ལས་རང་ ཆང་མཆོད་རྒྱསཔ་གནང་དགོ་ལགས་ བཞེངས་བཞེངསམ་ས་རང་ ཆང་མཆོད་རྒྱསཔ་གནང་སྟེ་ དེ་ལས་ མར་ཆང་ཕུད་གཏོར་ཚར་ཞིནམ་ལས་ དེ་ལས་ དཔོན་པོ་ཡར་ ཁོ་རའི་བཞུགས་གདན་གུ་བཞུགས་ འ་ནེ་སྦེ་ ཁྲལ་པ་འདི་ཚུ་གིས་ དང་ཕུ་ང་བཅས་རའི་གདན།
  • མགོན་པོ་དབང་འདུས་ Goembo Wangdi
    ཚར་གི་གདན་ཡོད་སྦ་ལགས་ འ་ནཱི་ཐིང་ འ་ནཱི་གི་གུ་ བཞུགས་གདན་ཐིང་འབད་ཏེ་ གདོང་ཁར་ཅོག་ཙེ་བཀལ་སྦེ་ ཅོག་ཙེ་གུ་ འཛརཝ་ཏིང་གང་བཀང་སྦེ་ བཞག་དགོ་ལགས་ ཏེ་ འ་ནེ་སྦེ་ བཞག་ཞིནམ་ལས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འཛརཝ་འདི་ ག་ཅི་འབད་རུང་བཏུབ་ག་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ག་ཅི་འབད་རུང་བཏུབ་ལགས་ རེད་ཀྱི་འབད་རུང་ གེ་ཟའི་སྲིབ་འབད་རུང་ ང་བཅས་རའི་ ཆུམ་གྱི་འཛརཝ་འབད་རུང་བཏུབ་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནེ་སྦེ་ བཀང་བཞག་དགོ་ འ་ནཱི་རྟ་འཚོཔ་གིས་ བཅའ་སྒྲིག་རྐྱབ་དགོ་ལགས་ དེ་ལས་ ང་མར་ས་ཁར་སྡོད་ཞིནམ་ལས་ དེ་ལས་ མར་ཆང་ཕུད་གཏོར་ ཕུད་དང་པ་ མར་ཆང་འཐུང་དགོ་ལགས་ དམངས་ལུ་རང་ དྲངས་དགོ་མར་ཆང་ལགས་ དེ་ལས་ དམངས་ལུ་དྲངས་ཏེ་ ང་ཡང་འཐུང་ ཆོསཔ་ཚུ་ལུ་ཡང་ བཞེས་མི་ཚུ་ལུ་དྲངས་ དེ་ལས་ ང་ ཡར་ས་ཁར་སྡོད་སར་ སྦང་ཆང་ཏོག་ཤིང་གསུམ་འཐུང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    སྦང་ཆང་ཏོག་ཤིང་གསུམ་ སོར་དགོ་མར་ལུ་ སྦང་ཆང་ཏོག་ཤིང་རེ་ལུ་ མཆོད་ཚར་རེ་འབད་དགོ་ལགས། མཆོད་ཚར་རེ་འབད་དེ་ སྦང་ཆང་ཏོག་ཤིང་གསུམ་ཚངམ་ད་རྐྱངམ་ཅིག་ དེ་ལས་ ངེའི་གདོང་ཁར་གྱི་ ཅོག་ཙེ་འདི་ཚུ་ ཁོང་རྟ་འཚོ་ཚུ་གིས་བསྡུ་སྟེ་ འབག་དགོ་ལགས་ དེ་ལས་ རོགས་ཆོསཔ་དང་ ང་སྟབས་གཅིག་ཁར་ མར་ལུ་ དྲོ་པའི་ གསོལ་ཇ་ ཇ་མར་འཐུང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་ ཆོསཔ་ཚུ་ལུ་ གསོལ་ཇ་དྲངསམ་ད་ ང་ཡང་ མར་རང་འཐུང་ འ་ནཱི་ མཆོད་པའི་ཉིན་མར་ ཉིནམ་གཅིག་ག་ར་ ང་ཡང་ཆོསཔ་དང་འདྲན་འདྲ་ཐོབ་ ཆོསཔ་ཚུ་ལུ་ ག་ཅི་དྲངསམ་ཅིག་ ང་ལུ་ཡང་ འབག་དགོ་ལགས། ད་ལྟོ་ བོན་པོ་འབད་རུང་ དཔོན་པོ་འབད་རུང་ ང་གཅིག་རང་ཨིན། དཔོན་པོ་མེད་ དཔོན་པོ་དེ་འབདཝ་ད་ ང་ བོན་པའི་ ལྷ་གསོལ་བའི་ཟེར་ དཔོན་པོའི་ས་སྒོ་ ཁོ་ར་ས་སྟོང་འབད་དེ་རང་ ཁོ་རའི་སྲས་སྲསམོ་མེད་ བརྒྱུད་པ་མེད་འབདཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ ཁོ་གི་ ས་སྒོ་ སྟོངམ་བཞག་སྦེ་ དེ་ལས་ བོན་པོ་སྡོད་སར་ ང་རང་སྡོད་དེ་ ང་གིས་ བོན་པོ་གིས་ ལྷ་གསོལ་བའི འ་ནེ་སྦེ་ཨིན་ང་བཅས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ང་རང་གིས་ ཤེས་དོ་བཟུམ་ཅིག་འབད་བ་ཅིན་ ནཱ་བོན་པོ་ལུ་འདི་ གསོལཝ་ཚོགས་འདི་ཚུ་ ནཱ་གི་ རྟ་འཚོཔ་གིས་འབད་དེ་ དྲངས་དོ་བཟུམ་སྦེ་ དེ་ལས་ ད་ ནཱ་གི་ཆོསཔ་འདི་ཚུ་ལུ་འདི་ལགས་ དམངས་ཀྱིས་ འབད་དྲངས་དོ་བཟུམ་མཐོང་མས་ལགས་ འ་ནེ་སྦེ་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ཨིན་ལགས་ ད་ཆོསཔ་ལུ་ ལྟོ་དྲངམ་ད་ ང་ལུ་འདི་ བཞེས་བང་བཞེས་ཆ་ཟེར་ ཁོང་གིས་ འབག་དགོ་ལགས་ ཡར་བླ་མ་ལུ་དྲངམ་ཅིག་ ང་ལུ་ཡང་ ལྟོ་བཅད་དེ་ འདྲན་འདྲ་བཀལ་དགོ་ ང་འདི་ ལྟོ་རས་ནང་འབད་དེ་ བཟེད་ཞིནམ་ལས་ ཐ་ལི་ལྟོ་རས་ནང་བཟེད་དེ་ བཟའ་ནི་མེད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་ལུ་ བཞེས་བང་བཞེས་ཆང་བསྒྲིགས་ཏེ་ ཁོང་གིས་ འབག་དགོ་ལགས། རྟ་འཚོཔ་འདི་ཚུ་གིས་ འ་ནཱི་སྦེ་ཨིན་ དང་ཕུ་གི་རིམ་པ་ དེ་ལས་ སྐུ་མགྲོན་གཙོ་བོ་སྦེ་ བུ་ལི་དཔོན་པོ་བཞུགས་ཡོད་པ་ལས་བརྟེན་ཏེ་ ད་ལྟོ་དཔོན་པོ་དང་ འུན་མ་ལུ་ བཞེས་བང་ བཞེས་ཆང་ནང་རང་ དྲངས་དགོ་ལགས་ཧེ་མ།
  • མགོན་པོ་དབང་འདུས་ Goembo Wangdi
    ཧེ་མ་ལས་རང་ དང་ཕུའི་ ཕ་མའི་སྐབས་ལས་རང་ འ་ནེ་སྦེ་འབད་ནི་དེ་གིས་ ད་ལྟོ་ང་བཅས་ གཡུས་ཁའི་ མི་འདི་ཚུ་གིས་ རྒྱུན་མ་ཉམས་པར་ ཏེ་ ད་ལྟོ་ཡང་ འ་ནེ་འབད་རང་རྟེན་འབྲེལ་བརྩི་ཏེ་ཡོད་ལགས། ལོ་བསྟར་བཞིན་དུ་ བྱཱར་ཟླཝ་ ༥ པའི་ནང་ དགུན་ཟླཝ་ ༡༠ པའི་ནང་ ཟླཝ ༥ པའི་ཚེས་ ༡༥ ལུ་ ཚར་གཅིག་གསོལ་ནི་ཡོད་ དེ་བསྒང་འདི་ ཉིནམ་གཅིག་རང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཟླཝ་ ༥ པ་ལུ་འདི་ ཉིནམ་གཅིག་རྐྱངམ་ཅིག་བརྩི་འོང་ དེ་ལས་ ཟླཝ་ ༡༠ པ་ལུ་འབད་བ་ཅིན་ ཚེས་ ༡༤ གི་ཕྱི་རུ་ལས་ འགོ་བཙུགས་ཏེ་ རྟེན་འབྲེལ་མར་ བརྩི་དགོ་ལགས་ ང་ འ་མར་ལྷ་ཁང་གི་ རྡོ་གཅལ་ནང་ ཕྱི་རུ་ ང་ལྷ་ཁང་ནང་ གཏོར་སྒྲུབ་གནང་པར་འགྱོ་དགོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཏེ་ ཡར་འབད་བ་ཅིན་ སྦང་ཆང་ཏོག་ཤིང་གསུམ་ཨིན་པས་སྨོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དེ་ལས་ གཏོརམ་ཞུ་བའི་ ཉིན་མར་འབད་བ་ཅིན་ སྦང་ཆང་ཏོག་ཤིང་ ༩ ཡ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    དགུ་ལགས། ཏོག་ཤིང་ ༩ ཏོག་ཤིང་དགུ་འབདཝ་ད་ ཏོག་ཤིང་རེ་རེ་ལས་ཕོརཔ་ གང་གང་རེ་འཐུང་ དེ་འབདཝ་ད་ ཁོང་ང་ལུ་ དྲངས་བཞག་རྐྱབ་མི་འདི་ མར་ཁར་སྡོད་ཞིནམ་ལས་ ལོང་ནི་རང་མེད་ ད་ལྟོ་འབདཝ་ད་ ཁོང་ ས་ཁར་སྡོད་མས་སྦ་ ས་ཁར་སྡོད་ནི་མེན་པར་ པུས་མོ་གཉིས་ས་ཁར་བཙུགས་ཏེ་ འ་ནཱི་སྦེ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་སྦེ་དྲང་སྟེ་སྡོད་ནུག་ དེ་ལས་འ་མར་སྡོད་ཚར་ཞིནམ་ལས་ ཏོག་ཤིང་དགུ་མ་ཚང་ཚུན་ཚོད་ མར་ལས་ལོང་ནི་རང་མེད་ལགས་ ཏོག་ཤིང་རེ་ལུ་ རྒྱབ་སོར་ཏེ་ ཁོང་རྟ་འཚོཔ་བཞི་འབདཝ་ད་ ཏེ་ གཉིས་ཀྱིས་མར་ དམངས་ལུ་དྲང་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    གཅིག་གིས་ང་ལུ་དྲང་འོང་ གཅིགཔོ་གིས་རྒྱབ་སྐྱེལ་དགོ་ལགས་མར་ ཏོག་ཤིང་གཅིག་འཐུང་ཚརཝ་ད་ ད་རུང་གཅིག་སྐྱེལ་ དེ་ལས་མར་སྡོད་མི་ལོང་ནི་མེད་ ཏོག་ཤིང་གཅིག་ཕར་འཐུ་འབགཔ་ད་ གསརཔ་གཅིག་སྐྱེལ་དགོ་ འ་ནཱི་རྒྱབ་སྐྱེལ་དགོ་ ཁོང་ ༤ འབདཝ་ད་ དེ་ལས་ གཉིསཔོ་གིས་འདི་ དམངས་ལུ་དྲང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ རོགས་རྟ་འཚོཔ་ལུ་ཡང་ ཏེ་ དར་བཏགས་དགོ་ལགས་ མཆོད་པའི་ལྷ་མོ་ལུ་ཡང་ དར་དེ་བསྒང་བཏགས་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ དམངས་ལུ་ཡང་ རྟ་འཚོ་ལུ་ཡང་དར་འགྱོ་འོང་ ཏེ་ དེ་སྦེ་འབདཝ་ད་ ཨ་ནཱི་མཆོད་པའི་ལྷ་མོ་དང་ཕྱེདཔ་ད་ རྟ་འཚོ་ལུ་མང་དགོ་ལགས་དར་ ཏེ་ ད་ལྟོ་ལམ་ལུགས་ཤེས་མི་ ཤེས་མི་གིས་ རོགས་རྟ་འཚོ་ལུ་མངམ་སྦེ་བཏགསཔ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མཆོད་པའི་ལྷ་མོ་ལུ་ཉུང་སུ་བཏགསཔ་མས་ དེ་ལས་ མ་ཤེས་མི་གིས་ ཡར་མཆོད་པའི་ལྷ་མོ་དང་ རྟ་འཚོ་ལུ་ འདྲན་འདྲ་རང་བཏགསཔ་མས་ ཕར་གཅིག་བརྒྱ་ ནཱ་ཡང་གཅིག་བརྒྱ་ ལ་ལུ་ཅིག་གིས་ ལྔ་བརྒྱ་རང་བཏགསཔ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་སྦེ་དར་ དང་ཕུ་ལས་རང་དར་བཏགས་ཏེ་ སྡོད་ནུག་ལགས་ ཁོང་ལུ་ གཡོག་རང་འབད་རུང་ ཨ་ནཱི་རྟ་འཚོཔ་འདི་ཚུ་ སོར་ནི་མེད་ལགས་ཁོང་ ཁོང་རའི་རྟ་འཚོ་གི་ ཁོང་ར་གིས་རང་འབད་དགོ་ མཆོད་པའི་ལྷ་མོ་འདི་ཚུ་འདི་ ལོ་གཅིག་དང་ ལོ་གཅིག་གི་བར་ན་སོར་ཡི་སོར་ཡི་འགྱོཝ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཧེ་མ་ཧེ་མ་འབད་བ་ཅིན་ སོར་ནི་མེད་ ཁོང་ཨང་རྒས་ལྔ་སྡོད་ཅི་ལགས་ མཆོད་པའི་ལྷ་མོ་ ཨང་རྒས་བསོད་ནམས་བདེ་སྐྱིད་ ཨང་རྒས་སངས་རྒྱས་དབྱངས་འཛོམས་ ཨང་རྒས་བསོད་ནམས་ ཨང་རྒས་ཆོས་སྒྲོན་དང་ ཨང་རྒས་རྟ་མགྲིན་བུ་དར་ཟེར་ ཁོང་ལྔ་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཁོང་ལྔཔོ་འདི་ ཧེ་མ་ང་བཅས་ཀྱིས་ མཐོངམ་ཅིག་གི་བར་ན་ མེ་མེ་སློབ་དཔོན་རིན་ཆེན་ཟེར་སྡོད་ཅི་ལགས་ ཁོ་གུ་རུ་གི་སྤྲུལ་པ་ཨིན་ཟེར་ཨིན་པས་ ཏེ་ སྒྲིག་གནམ་མེད་ས་མེད་སྒྲིག་ཚ་དྲགས་སྡོད་ཅི་ལགས་ སློབ་དཔོན་མེ་མེ་སློབ་དཔོན་རིན་ཆེན་ར་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོ་ཡོད་པའི་དུས་ཚོད་ལུ་ ཡར་ཁྲི་གུ་ཁོ་བཞུགས་ཞིནམ་ལས་ མི་འདི་ཚུ་ མི་ག་དེམ་ཅིག་རང་མང་རུང་སྐད་རྐྱབ་མི་བཅུག་ཏེ་ ཁུ་སིམ་སི་སྡོད་དགོ་ དེ་སྦེ་མེན་པ་ཅིན་ ཡར་ལས་མར་ག་ཅི་འབད་རུང་ རེ་ཚེ་སྐབས་ རྔས་ཏོག་ རྔ་བརྡུང་མི་གི་དྲང་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    འཕྲལ་འཕྲལ་ཁོ་གི་གདོང་ཁར་དྲིལ་བུ་ཚུད་པ་ཅིན་ དྲིལ་བུ་འཐུ་ཞིནམ་ལས་བཀོ་བཏང་འོང་ཡར་ལས་མར་སྐད་རྐྱབ་མི་ག་ཨིནམ་ཅིག་ དེ་ལས་མཆོད་བཤམ་པ་གིས་ མཆོད་བཤམ་ཚགས་ཁར་མ་ཚུད་པ་ཅིན་ རྡོ་རྗེ་འཐུ་ཞིནམ་ལས་ བཀོ་བཏང་འོང་ཏེ་ འ་ནེ་སྦེ་གནང་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ སློབ་དཔོན་རིན་ཆེན་ར་ཟེར་ གནམ་མེད་ས་མེད་སྒྲིག་ཚ་དྲགས་ དེ་ལས་ ཨིན་ཡང་ཁོ་གུ་རུའི་སྤྲུལ་པ་འབད་དེ་ ཡར་ཁྲི་གུ་ཁོ་བཞུགས་ཞིནམ་ལས་ ལྷ་ཁང་རང་གཟི་བརྗིད་ཆེ་ཏོག་ཏོ་སྦེ་འགྱོ་འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལོག་སྟེ་རང་ ཨ་ནཱི་སྦང་ཆང་གི་སྐོར་ལས་ཞུ་དགོ་པས་ད་རུང་ ཨ་ནཱི་སྦང་ཆང་འདི་ ད་ དྲང་རེ་དྲང་ཚེ་བོག་མ་སྦང་ཆང་ཟེར་ སླབ་མས་སྦ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་འ་ནཱི་གི་ཁུངས་ག་དེ་སྦེ་སྨོ་ བོག་མ་སྦང་ཆང་ཟེར་འདི་ ག་ཅི་སྨོ་ལགས་འདི་མ་པ?
  • མགོན་པོ་དབང་འདུས་ Goembo Wangdi
    དང་ཕུ་འབད་བ་ཅིན་ བོག་མ་སྦང་ཆང་ དང་ཕུ་ལས་རང་དེ་སྦེ་བཟོ་སྟེ་སྡོད་ནུག་ལགས་ ཧེ་མ་རང་ང་བཅས་ར་ ཀོང་པོ་བསྡུཝ་ད་ལགས་ ཀོང་པོ་བརྔཝ་ད་ དེ་ལས་ བོག་མ་བརྔོ་ནི་ཟེར་ ཀོང་པོ་ཧེ་མ་བརྔ་སྟེ་ ཨེབ་ཞིན་ན་རུལ་བཅུག་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ལཱ་ཁག་སྦེ་རང་གནགཔོ་བཟོ་དགོ་ དེ་ལས་ ཀོང་པོ་རུལཝ་ད་ གནགཔོ་འགྱོ་འོང་སྦ་ལགས་ དེ་ལས་ གནགཔོ་འགྱོ་མི་ གནགཔོ་འགྱོ་ཞིནམ་ལས་ རུལ་ཞིནམ་ལས་གནགཔོ་འགྱོ་ཞིནམ་ལས་ དེ་ལས་ ལོག་བཏོན་སྦེ་ དེ་ལས་ སྐམ་ཞིནམ་ལས་ དེ་ལས་ ལྷིའུ་ནང་སྦེ་བརྡུང་ཞིནམ་ལས་ ནང་རྫས་གནགཔོ་བཏོན་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཀོང་པོ་བརྔོ་ཞིན་ན་མེ་ཏོག་གས་བཅུག་དགོ་ལགས་ བོག་མ་(ཁེངས་ཁའི་ནང་གེ་ཟ་དང་ ཀོང་པོ་ལ་སོགས་པ་བརྔོ་བའི་སྐབས་ མེ་ཏོག་གས་གསཔ་ཅིག་ལུ་ བོག་མ) སྦང་ཆང་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    སྦང་ཆང་གནགཔོ་བཟོ་མི་དེ་འདི་ཨིན་ དང་ཕུ་རང་དེ་སྦེ་བཟོ་སྟེ་སྡོད་ནུག་ འ་ནཱི་གཡོག་འདི་ རྟ་འཚོཔ་ཚུ་གིས་རྐྱབ་དགོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    གཉེར་ཚང་འབད་བ་ཅིན་ག་གི?
  • མགོན་པོ་དབང་འདུས་ Goembo Wangdi
    གཉེར་ཚང་དམངས་ལས་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དམངས་ལས་བསྡུ་སྟེ་ཡ?
  • མགོན་པོ་དབང་འདུས་ Goembo Wangdi
    ད་ དམངས་ལས་ ཧེ་མ་འབད་བ་ཅིན་ ཏེ་ ང་བཅས་ར་ཁྱིམ་དགུང་པ་རེ་རེ་ལུ་ མི་གྱངས་ཁ་ག་དེམ་ཅིག་ཡོད་ག་ མི་རེ་རེ་གི་སྐལཝ་ མི་རེ་རེ་གི་བྲེ་གང་གང་གི་རྩི་བརྩིས་རྐྱབ་སྟེ་ འཇལ་དགོ་ལགས་དམངས་ལས་ དེ་ལས་ དམངས་ལས་ཀོང་པོ་བསྡུ་ཞིནམ་ལས་ རང་གིས་རང་སྐྱེལ་བར་འབག་དགོ་རོགས་རྟ་འཚོ་འབད་སར།
  • མགོན་པོ་དབང་འདུས་ Goembo Wangdi
    རྟ་འཚོ་འབད་སར་བསྐྱེལ་བར་འབག་ཞིནམ་ལས་ བཙོ་ནི་འབད་བ་ཅིན་སྦང་ཆང་ རྟ་འཚོཔ་གིས་བཙོ་དགོ་ ཏེ་ རྟ་འཚོཔ་གིས་བཙོ་སྟེ་ ཧེ་མ་འབད་བ་ཅིན་ ང་བཅས་རའི་མར་ ལྷ་ཁང་ཨ་མི་ཐོག་གཅིགམ་འབད་སྡོད་ཅི་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཧེན་ཡང་ལྷ་ཁང་ནང་ར་ཧེན་བཞག་འོང་ ང་བཅས་རའི་ངང་ལག་ཡོད་མེན་ན་ལགས་འདབ་མ་ འ་ནཱི་ངང་ལག་འདབ་མ་བཏོག་པར་འགྱོ་ཞིནམ་ལས་ ངང་ལག་འདབ་མ་འབག་ཞིན་ན་ དེ་ལས་ འོག་ལུ་ཡང་ངང་ལག་ཐིང་འ་ནཱ་ལྷ་ཁང་སྦུག་ན་ངང་ལག་ཐིང་ དེ་ལས་ ངང་ལག་འདབ་མ་གུ་བོག་མ་སྦང་ཆང་ཕབས་བཏབ་སྟེ་ དེ་ཁར་ཨེབ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཐོག་ཁར་ལས་ཡང་འདབ་མ་བཀབ་ འདབ་མ་གི་ཐོག་ཁར་ལས་སོག་མ་སྤུངས་ཞིནམ་ལས་ འ་ནཱི་སྦེ་ཧེན་ས་མཐོང་མས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    མཆོད་པ་གི་ཧེ་མ?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས་ མཆོད་པ་མ་རནམ་ལས་ མཆོད་པ་དགུན་ཟླཝ་བཅུ་པའི་ ཚེས་ ༧ ལུ་བཙོ་དགོ་ལགས་ ཟླཝ་ ༡༠ པའི་ཚེས་ ༧ ལུ་བཙོ་དགོ་ཕུད་ དེ་ལས་ ཚེས་ ༧ ལས་བཙོ་ཞིནམ་ལས་ དེ་ལས་ ཞག་ ༢ འགྱོཝ་ད་ དེ་ལས་ བོག་མ་སྦང་ཆང་འཐུཝ་ཨིན་ཟེར་ མར་ལས་དབོག་དགོ་ལགས་ འ་མར་ལས་དབོག་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཧོད་ནང་བཀང་ཞིནམ་ལས་བཞག་དགོ་ མར་ལས་ཧོད་ནང་བཀང་བཞག་ཞིནམ་ལས་ དེ་ལས་ མཆོད་པ་འགོ་བཙུགསཔ་ཅིག་ དེ་ལས་ ཁྲལ་པ་རྟ་འཚོཔ་བཞི་འགྱོ་ཞིནམ་ལས་ སྦང་ཆང་ཟངས་ནང་སྦང་སྟེ་ དེ་ལས་ སྦང་ཆང་ཕུད་འདི་ ཡར་ལྷ་ཁང་ནང་ཡང་བཀང་འོང་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཕུད་འདི་ཕུལ་མི་ང་ར་རང་ཨིན་ ང་གིས་ཕུལ་དགོ་ཏེ་ དེ་ལས་ ང་གིས་ ཕུལ་ཞིནམ་ལས་ དམངས་ལུ་དྲང་དགོ་ བོག་མ་སྦང་ཆང་ཟེར་ སྦང་ཆང་གི་སྦངམ་ར་གནག་ཏང་ཏ་བཟོ་སྟེ་ ཨ་ནཱི་བོག་མ་སྦང་ཆང་ཟེར་ དེ་འབདཝ་ད་ མ་ལེགསཔ་ད་ལུ་ ག་ནི་ཡང་མི་ཞིམ་ལགས་ མ་ལེགསཔ་ད་ལུནི།
  • མགོན་པོ་དབང་འདུས་ Goembo Wangdi
    ལེགས་པ་ཅིན་འཐུང་ཡི་འཐུང་ཡི་གནམ་མེད་ས་མེད་ཞིམ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ཨ་ནཱི་སྦང་དྲངམ་ད་ལུ་ལགས་ ད་ལེགས་པ་ཅིན་ ད་ གཡུས་སྒོ་ནང་ ལེགས་ཤོམ་ ལེགས་པའི་རྟགས་དང་རྟེན་འབྲེལ་ དང་ མ་ལེགས་པ་ཅིན་འདི་ག་དེ་སྦོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    མ་ལེགས་པ་ཅིན་ དུམ་གྲ་ཅིག་ང་བཅས་རའི་གཡུས་ཁར་ ཡང་ན་མི་ལུ་ན་ན་ཚ་ཚ་ཅིག་འོང་ ཡང་ན་ ལོ་མ་ལོ་དུས་ཨ་ནཱི་ ལོ་ཐོག་འདི་ཚུ་ལུ་ ནད་རིགས་མུ་གེ་འོང་ནི་ དེ་ལས་ ནོར་འདི་ཚུ་ལུ་ རྐང་ཞརཝ་རྒུད་ཤོ་(?)ཟེར་ ནོར་འདི་ཚུ་ལུ་ སེམས་ཅན་འདྲཝ་འོང་སྟེ་ ནོར་གསད་ནི་གིས་ སེམས་ཅན་ཚུ་འོང་ཟེར་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་སེམས་ཅན་གྱིས་ གནོད་པ་མང་ནི་ དེ་ལས་ གཡུས་སྒོ་ནང་ལུ་ཡང་རིམས་ཚད་འོང་ནི་ རིམས་ཚད་འོང་སྟེ་ མི་ན་ནི་ཚ་ནི་མི་ཆད་ཟེར་ ཨིན་པས་ལགས་ དེ་ལས་ འ་ནཱི་ཕུད་འདི་མ་ལེགས་པ་ཅིན་ དེ་ལས་ ཕུད་ལེགས་ཏེ་འབད་བ་ཅིན་ དེ་ལས་ གཡུས་ཁར་གནམ་མེད་ས་མེད་ལེགས་པའི་རྟེན་འབྲེལ་ཨིན་པས་ལགས་ དེ་ལས།
  • འ་ནཱི་ཕུད་ མ་ལེགས་པ་ཅིན་ འཕྲལ་འཕྲལ་སྐྱུར་ནི་ཡོད་ལགས་ སྐྱུརཔོ་འགྱོ་སྟེ་ དེ་ལས་ དེ་འབདཝ་ད་ ག་ར་སྐྱུརཔོ་མི་འགྱོ་ལགས་ རོགས་རིམ་པ་རིམ་པ་འབད་དེ་ དེ་ལས་ སྟབས་གཅིག་ཁར་སྤུངས་ཏེ་བཞག་པ་ཅིན་འདི་ སྟབས་ཅིག་ཁར་སྐྱུརཔོ་འགྱོ་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་འབདཝ་ད་ ད་ ལ་ལུ་ཅིག་སྐྱུར་ ལ་ལུ་ཅིག་མ་སྐྱུར་འབད་བ་ཅིན་ སྐྱུརཔོ་འདི་བཞག་ཞིནམ་ལས་ མ་སྐྱུར་མི་ལེགས་མི་འདི་ དྲང་དགོ་ལགས་ དེ་ལས་ ཕུད་ཡང་འདི་རང་ཕུལ་དགོ་ འཐུང་ཚུགས་མི་ཡོད་པ་ཅིན་རོགས་ མ་ལེགས་མི་ཡང་འཐུང་བཅུག་འོང་ དེ་ལས་ མ་ལེགས་མི་འདི་ འཐུང་རང་མ་བཏུབ་ཨིན་པ་ཅིན་ དེ་ལས་ ཁོང་ར་ཕུད་ཀྱི་གཡོག་རྐྱབ་མི་ཁོང་རའི་ནོར་ལུ་འབག་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་རའི་གཡོག་རྐྱབ་མི་གི་ནོར་ལུ་འབག་སྟེ་ དེ་ལས་ ཕུད་མ་ལེགས་པ་ཅིན་ དེ་ལས་ ཕུད་མ་ལེགས་པས་སྨ་རེད་ཟེར་ སྐྱེས་ལྷ་ཡུལ་ལྷ་ཚུ་ལུ་ གསོལཝ་བཏབ་དགོ་ དཀོན་མཆོག་ལུ་གསོལཝ་བཏབ་དགོ་ལགས་ ལོག་སྟེ་ད་རུང་ཕུལ་དགོ་ལགས་ དེ་ལས་ ཕུལཝ་ད་ལུ་ བླམ་ཆོསཔ་གིས་འབད་བ་ཅིན་ ལྷམོ་ཚོགས་བརྒྱ་ཟེར་ རིམ་འགྲོ་གཏང་ནི་ཡོད་ དམངས་ཀྱི་ལྷ་ཁང་ནང་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ དེ་འབདཝ་ད་ང་གིས་ བཏང་མི་དགོ་ལགས་ ངེད་ཀྱི་འདི་དུས་གཅིག་གུ་རྐྱངམ་གཅིག་ཨིན་ དགུན་ཟླཝ་ ༡༠ པ་དང་ བྱཱར་ཟླཝ་ ༥ པའི་ནང་རྐྱངམ་གཅིག་མ་གཏོགས་ དེ་ལས་ ཐོག་གསར་ཟེར་ ཐོག་གསར་ཕུད་ཟེར་ ཟླཝ་ ༤ པའི་གནམ་སྒང་ལུ་ ཕར་གྷྲམ་ན་གསོལ་བའི་ཟེར་ ཕར་ལུ་ཡང་དེ་སྦེ་རང་གསོལ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་དེ་སྦེ་ཞུ་སྟེ་ ལྷ་འ་ནཱི་ཞུ་སྟེ་རང་གསོལ་དགོ་ གྷྲམ་ན་གསོལ་ཏེ་ ཕར་ལུ་ཡང་ ལྟོ་ཀོག་ཏོ་བཟོ་སྟེ་ སྦྲང་བྱ་བཟོ་སྟེ་ དར་ཚིལ་དང་མར་ཕུད་བཀལ་ཏེ་རང་ཨིན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ནམ་ཨིན་ན་འདི་ ཟླཝ་ ༤ པ་་་།
  • མགོན་པོ་དབང་འདུས་ Goembo Wangdi
    ཟླཝ་ ༤ པའི་གནམ་སྒང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཅི་སླབ་འོང་འདི་ལུ་འབད་བ་ཅིན་ ག་ཅི་གསོལཝ་ཨིན་ཟེར་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ཨ་ནཱི་ཐོག་གསར་ཕུད་ཕུལཝ་ཨིན་ཟེར་ འོང་ཐོག་གསར་ཕུད་སྦེ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    བོན་པོ་ཞུ་དགོཔ་ཨིན་པས་སྨོ་དེ་ཁར?
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་ཀྱི་ ཐོག་གསར་ཕུད་ཟེར་ ང་བཅས་རའི་ ཨ་ནཱི་ཧེ་མ་འབད་བ་ཅིན་ ཨ་ནཱི་ཞིང་ཁར་དཀར་དང་ནག་བཏབ་བཙུགས་འོང་སྦ་ འ་ནཱི་ཐོག་གསརཔ་འཐོབ་སྟེ་ འ་ནཱི་གི་ཕུད་ཨིན་ཟེར་ ཕུལཝ་ཨིན།
  • འ་ནཱི་ཐོག་གསར་ཕུད་ཟེར་ ཟླཝ་ ༤ པའི་གནམ་སྒང་་ལུ་ གྷྲམ་ན་གསོལཝ་ཨིན་ཟེར་ དེ་ལས་ ཨ་ནཱི་ད་ཅི་ཞུ་མི་ ཕར་ཤར་སྒོ་སྲུང་མི་ གྷྲམ་ན་དཔའ་བོ་ཟེར་ཁོ་ལུ་ གསོལ་ཁ་ཁོ་ལུ་ཕུལ་ཏེ་སྡོད་ནུག་ ཤར་སྒོ་སྲུང་མི་ཁོ་འབད་ནི་དེ་གིས་ དེ་འབདཝ་ད་གསོལ་ནི་འདི་ མིང་འདི་དེ་སྦེ་གྷྲམ་ན་གསོལཝ་ཨིན་ཟེར་ གཞི་བདག་ཨ་ནཱི་འདི་ ད་ཅི་ལྷ་ཡི་རྒྱལ་པོ་འོད་དེ་གུང་རྒྱལ་ཞུ་སྟེ་རང་གསོལ་དགོ་ཕར་ལུ་ཡང་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    བཙན་ སྨན་མོ་ ང་བཅས་རའི་གཞི་བདག་ག་ར་གསོལ་དགོ་ལགས་དེ་བསྒང་ཡང་ དེ་སྦེ་རང་ཨིན་ ཉིནམ་གཅིག་ཨིན་དེ་འབདཝ་ད་ དེ་ལས་ དྲོ་པ་རང་བཙན་གསོལཝ་ཨིན་ཟེར་ ཨ་ཡར་བཙན་དར་ཤིང་གི་རྩ་བར་ ཡར་ལུ་གསོལ་དགོ་ལགས་དྲོ་པ།
  • མགོན་པོ་དབང་འདུས་ Goembo Wangdi
    ཡར་ལུ་བཙན་གསོལ་ཏེ་ ཡར་ལས་གྲོལ་ཞིནམ་ལས་ གྷྲམ་ན་ཁ་ཐུག་ལུ་འགྱོ་དགོ་ལགས་ ཕར་གྷྲམ་ན་ཟེར་ ཕར་ལུ་ལྷ་གསོལ་ས་ད་རུང་སོ་སོ་ཅིག་ཡོད་ ཡར་ཕྱི་སྐོར་ལུ་འགྱོ་སའི་ལམ་གྱི་འོག་ལུ་ ལྷ་གསོལ་ས་ཅིག་ཡོད་དེ་ཁར་ཨིན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དེ་ལས་ད་ ཨ་ནཱི་ལོག་སྟེ་རང་ད་རུང་ ཡར་གནསམོ་གི་ཡར་ལུ་སྦེ་གསོལཝ་ད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨ་་་དཀོན་གཉེར་དེ་ལས་དཔོན་པོ་ བོན་པོ་གསུམ་ཆ་རང་ལུ་སྦེ་ དེ་སྦེ་དྲང་ནི་ཅིག་འདུག་སྦ་ལགས་ རང་སོའི་གདོང་ཁར་རྡོ་རེ་ཡང་འདུག་སྦ་ རང་རང་ས་ལུ་ འ་ནཱི་གི་ཁུངས་ག་དེ་སྦེ་སྨོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    རྡོ་འདི་འབད་བ་ཅིན་ དཔོན་པོ་གི་གདོང་ཁར་ཡོད་མི་འདི་ ད་ང་བཅས་རའི་རྫོང་ཁ་ནང་འབད་བ་ཅིན་ ཅན་སྟེགས་ཟེར་སླབ་མས་མེན་ན་ལགས་ འ་ནཱི་གི་ཚུལ་ཨིན་པས་ལགས་ རྡོ་འདི་ ཅན་སྟེགས་ འ་ནཱི་ཅན་སྟེགས་གུ་ལུ་ དཔོན་པོའི་བཞུགས་འ་ནཱ་འབད་ བོན་པོའི་བཞུགས་གནས་འོག་ལུ་འབད་ དེ་ལས་ དཀོན་གཉེར་འདི་ དཔོན་པོ་གི་ལྟག་ལུ་སྡོད་དགོ་ དེ་ལས་ཁོང་གསུམ་ ཡར་ལུ་ལྷོད་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་ཤུལ་ཚར་ཞིནམ་ལས་ ལྷ་ཡར་ཤུལ་ཚར་ཞིནམ་ལས་ གཞི་བདག་ག་ར་གསོལ་འབད་ཞིནམ་ལས་ དེ་ལས་ ཨ་ཡར་གྱལ་ཁར་སྡོདཔ་ད་ སྦང་ཆང་ཨ་ཡར་འཐུང་དགོ་ལགས་ སྦང་ཏོག་ཤིང་དགུ་རང་འཐུང་དགོ་འ་ཡར་ལུ་ཡང་ དེ་ལས་ དྲང་མི་ད་ཅི་ཞུ་དོ་བཟུམ་ པུས་མོ་ས་ཁར་བཙུགས་ཏེ་རང་ ཡར་ལུ་འདི་རོགས་ཆོས་ཉིད་བཟང་མོ་གིས་དྲང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    རྟ་འཚོཔ་འགྱོ་མི་དགོ་ཡར་ལུ་ ཡར་ལུ་རྟ་འཚོཔ་མེན་ ཕུད་བཙོ་མི་ཡང་ཆོས་ཉིད་བཟང་མོ་འབད་ནི་དེ་གིས་ ཆོས་ཉིད་བཟང་མོ་་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དྲང་ནི་འདི་ག་གིས་དྲང་རུང་བཏུབ་ཡ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    དྲང་ནི་འདི་ག་གིས་དྲང་རུང་ཡར་ལུ་ ཧེ་མ་འདི་མི་བཏུབ་ལགས་ ཁོང་རང་ཀྲོང་སྨད་ཀྱི་ནང་ཚན་ངོ་མོ་གིས་རང་དྲང་དགོ་ ད་འབདཝ་གཡོག་རྐྱབ་མི་མེད་པར་ ཏེ་ ཁྱབ་མ་ཚུགས་པར་ དེ་སྦེ་ག་ལྷོད་ལྷོད་དྲང་བཅུགཔ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཧེ་མ་འབད་བ་ཅིན་ ཁོང་ར་ཀྲོང་སྨད་ཀྱི་ངོ་མ་གིས་སྦེ་དྲང་དགོ་ གཉིས་འབད་ རྒྱབ་སྐྱེལ་ནི་འདི་ ག་གིས་སྐྱེལ་རུང་བཏུབ་ ཁོང་ར་གིས་འཚོལ་འོང་ དེ་ལས་ དྲང་ནི་འདི་ཁོང་ར་མི་ངོ་བོ་གིས་སྦེ་དྲང་དགོ་ ཧེ་མ་འབད་བ་ཅིན་ ཨ་ནཱི་ཆོས་ཉིད་བཟང་མོ་གི་ཨ་ཞེམོ་གཡུ་སྒྲོན་མོ་ཟེར་སྡོད་ཅི།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨའི་སྡོད་པའི་སྐབས་ལུ་ ཨ་མ་གིས་དྲང་འོང་ དེ་ལས་ གཅིག་ཨ་ནཱི་ སྨིན་དྲུག་མོ་གི་ཨའི་ ཨྱོན་སྒྲོལ་མ་ གཅིག་མོ་གིས་དྲང་འོང་ལགས་ འ་ནཱི་ཁོང་ར་གིས་སྦེ་རང་དྲང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    མི་གཞན་གྱིས་དྲང་མི་ཆོག་ དེ་ལས་ ད་རྒྱབ་སྐྱེལ་ནི་འདི་འབད་བ་ཅིན་ གཡུས་ཁའི་མི་ག་གིས་ སྐྱེལ་རུང་བཏུབ་ རྟིང་བདའ་རྒྱབ་སྐྱེལ་ནི་འདི་ དེ་ལས་ དམངས་ལུ་དྲང་ནི་ཡང་ ཁོང་རའི་མི་ཡོད་པ་ཅིན་ ཁོང་རའི་མི་གིས་ དམངས་ལུ་ཡང་དྲང་འོང་ ཡར་ང་བཅས་ལུ་ གྱལ་ཁར་སྡོད་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་ཡར་གྱལ་ཁར་མ་སྡོད་ཚུན་ཚོད་དམངས་ལུ་དྲང་ནི་མེད་ལགས་ ཡར་ད་ལྷ་ཤུལ་ཚར་ཏེ་ ག་ར་མཇུག་བསྡུཝ་ད་ལུ་ དེ་ལས་ ཡར་གྱལ་ཁར་འགྱོ་སྦེ་ ཡར་ལུ་སྡོད་སྦེ་ དཔོན་པོ་གི་སྡོད་སར་དཔོན་པོ་སྡོད་ བོན་པོ་འབད་སར་བོན་པོ་སྡོད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ དཀོན་གཉེར་གྱི་སྡོད་སར་དཀོན་གཉེར་སྡོད་ཞིནམ་ལས་ དེ་ལས་ འ་ནཱི་འོག་ལས་མར་ ང་བཅས་ར་ཕོ་རྒྱ་ ཨམ་སྲུ་ཚུ་སྡོད་མི་ཆོག་ལགས་ ང་བཅས་ར་ཕོ་རྒྱ་གྱལ་སྒྲིག་སྟེ་སྡོད་ནི་ལགས་ ཡར་ལས་མར་ འ་ནཱི་གི་འོག་ལས་མར་འདི་ ཕོ་རྒྱ་ག་སྡོད་རུང་སྡོད་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    ཆོག་ལགས་ དེ་ལས་ འ་ནཱ་ལས་མར་ཕུད་གཞན་ལུ་འདི་ ག་གིས་དྲང་རུང་བཏུབ་ཨིན་ལགས་ ང་བཅས་ལུ་འདི་ དཔོན་པོ་དང་ བོན་པོ་ལུ་འབད་བ་ཅིན་ ཁོང་རའི་མི་རྒྱུད་ངོ་མ་རང་དགོཔ་ཨིན་ དྲང་མི་ ད་འབདཝ་ད་ ཆོས་ཉིད་བཟང་མོ་མོ་ར་རྐྱངམ་གཅིག་འབད་ དེ་ལས་ རུབ་མི་ག་ཡང་མེད་སྦེ་ དེ་ལས་ ག་གིས་ཡང་ ག་ལྷོད་ལྷོད་དྲང་མས་ལགས་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ཁ་ཉིནམ་ང་ལུ་འདི་ ཆོས་ཉིད་བཟང་མོ་མོ་ར་གིས་རང་དྲང་ཡི།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འུན་མོ་ཟེར་འདི?
  • མགོན་པོ་དབང་འདུས་ Goembo Wangdi
    འུན་མོ་ཟེར་མི་འདི་བོན་པོ་ལགས་ དང་ཕུ་འབད་བ་ཅིན་ བོན་པོ་ལུ་འུན་མོ་ཟེར་སླབ་འོང་ང་བཅས་གཡུས་ཁར་ བོན་པོ་འུན་མ་ཟེར་ དེ་སྦེ་སླབ་སྟེ་སྡོད་ནུག་ མ་པ་ཨིན་རྒྱུ་བོན་པོ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨེ་ཁུག་དཔག་སྟེ་འདུག་མེན་ན་ འ་ནཱི་ཁར་མི་འཛེགས་མི་ཆོག་ལོ་མེན་ན?
  • མགོན་པོ་དབང་འདུས་ Goembo Wangdi
    མོ་ར་ཆོས་ཉིད་བཟང་མོ་གཅིག་ ཕུད་བཙོ་མི་ ཁོང་ར་གཅིག་མ་གཏོགས་ མི་གཞན་ཡར་ལུ་འཛེགས་མི་ཆོག་ལགས་ ད་ཤུ་སྦང་གི་ཕུད་འདི་འ་མར་ མར་ལུ་བཙོ་དགོ་ལགས་ མར་རང་བཙོ་དགོ
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འ་ནཱ་རང་བཞགཔ་ཨིན་ན?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ འ་མར་རང་བཙོ་དགོ་ བཙོ་ཡང་ཆོས་ཉིད་བཟང་མོ་ མོ་ར་གིས་བཙོ་དགོ་ གཉེར་ཚང་འདི་འབད་བ་ཅིན་ ཕུད་འདི་དམངས་ལས་བསྡུ་དགོ་ལགས་མར་ལུ་ དམངས་ཁྱིམ་བསྐོར་ར་རྐྱབ་སྟེ་ ཧེ་མ་འབད་བ་ཅིན་ བྲེ་གང་གང་རེ་ ཆུམ་བྲེ་གང་རེ་ མར་ལུ་འདི་ ཆུམ་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
  • མགོན་པོ་དབང་འདུས་ Goembo Wangdi
    ཆུམ་བྲེ་གང་གང་བྱིན་དགོ་ ད་ འབདཝ་ད་ཕུད་ཏ་ གཉིས་གཉིས་བྱིན་མས་ཟེརཝ་མས་ ང་གིས་བལྟཝ་ད་ ཕུད་ཏ་གང་གང་ དེ་ལས་ བཙོ་ནི་འདི་ ཆོས་ཉིད་བཟང་མོ་གིས་བཙོ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་འ་མར་ང་བཅས་ར་མ་ཆོག་པའི་མི་ འ་མར་འཛེགས་པ་ཅིན་ རྐངམ་བཅག་འོང་ཟེར་ སླབ་མས་ལགས་ རྐྱེན་འོང་ཟེར་ མི་ཆོག་ཏེ་ རོགས་ ད་ལྟོ་ཡང་ཆོས་ཉིད་བཟང་མོ་མོ་ར་རྐྱངམ་གཅིག་གིས་གཡོག་རྐྱབ་ན་མ་གཏོགས་ མར་གུ་ལུ་འཛེགས་ཆོག་མི་ མོ་གཅིག་རང་ཨིན་ གཞན་ཚུ་མི་ཆོག་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཁྱིམ་ནང་གི་མི་གིས་ཡང་མ་ཆོགཔ་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས་མི་ཆོག་ལགས་ ཁྱིམ་ནང་གི་མི་ཆོག་ ཁོང་རའི་གུང་གཅིག་གི་མི་འདི་ཆོག་ལགས་འཛེགས་ དེ་འབདཝ་ད་ གཡུས་ཁའི་མི་གཞན་ཚུ་མ་ཆོགཔ་ཨིན་ད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དེ་ལས་ གཞན་ད་རུང་ང་བཅས་རའི་ མཆོད་པའི་ནང་མ་ཚུད་མི་ བོན་པོ་གིས་འབད་དགོཔ་ག་ནི་ཡང་མ་ལུས་ག་ལགས་ད་རུང་?
  • མགོན་པོ་དབང་འདུས་ Goembo Wangdi
    མ་ལུས་ལགས་ད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་འ་ནེམ་ཅིག?
  • མགོན་པོ་དབང་འདུས་ Goembo Wangdi
    ད་བོན་པོ་གིས་འབད་དགོཔ་ར་ཟེར་ ད་ཨ་ནཱི་ སོ་སོ་འབད་དགོཔ་ར་ཟེར་ ཨ་ནཱི་ དགུན་ང་བཅས་རའི་ ཐོག་གསར་ཕུད་ཅིག་ཨིན་ དེ་ལས་ད་འབད་དགོཔ་ བོན་པོ་གིས་འབད་དགོཔ་ར་ཟེར་ ང་བཅས་རའི་ལོ་ཐོག་ས་ཁར་བཙུགས་ཞིན་ན་ ཨ་རིང་ལྕང་ལཱ་འདི་ཚུ་རྐྱབ་ཚར་ ཐོག་ས་ཁར་བཙུགས་ཚར་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    ཚར་ཞིནམ་ལས་ ཤུལ་ལས་ལོ་ཐོག་འདི་ཚུ་ ཧ་ལམ་འཚོ་ཁམས་ལུ་ ས་དོན་ཟེར་ གསོལ་མཆོད་ཅིག་འབད་ནི་ཡོད་ འ་ནཱི་གསོལ་མཆོད་འབདཝ་ད་ལུ་འདི་ ལྷ་ཡར་ལས་ཞུ་མི་དགོ་ལགས་ ང་བཅས་རའི་ནཱ་གི་གནས་བདག་གཞི་བདག་ཅིག་བསྐོར་ནི་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨ་ནཱི་ག་ཏེ་འབད་རུང་ ག་ཏེ་ལས་འབད་རུང་བཏུབ་ དེ་བསྒང་ལྷ་གསོལ་ས་ལུ་རང་འབག་མི་དགོ་ དེ་ལས་ ཀ་བ་འ་ནེམ་རེ་འབད་མི་བཞི་བརྡབས་ འདི་གུ་ལྟག་ཤིང་བཀལ་འབད་ ཤིང་འ་ནཱི་སྦེ་ཞིབ་སྟེ་ ཤིང་འ་ནེམ་རེ་འབད་མི་བཏོག་ འ་ནཱི་ཤིང་ཐིང་ཚོགས་འ་ནཱ་བསྐང་སྟེ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱ་བསྐང་སྟེ་ ཐོག་གི་ས་དོན་ཟེར་ འ་ནཱི་ཁར་འབད་ནི་ཡོད་ འ་ནཱི་འདི་ག་ཏེ་ལས་འབད་རུང་བཏུབ་ལགས་ འ་ནཱི་འདི་དུས་ཚོད་འ་ནཱི་ཅིག་ཁར་ཟེར་ཡང་མེད་ དུས་ཚོད་ཡང་ ནམ་འབད་རུང་ད་ ཁོང་ར་ལོ་ཐོག་ལུ་ མུ་གེ་ཨ་ནཱི་ ང་བཅས་རའི་ཨ་རིང་ མོན་བྱཱ་འདྲཝ་ ཨ་རིང་འ་ནེམ་རེ་འགྱོཝ་ད་ བྱི་ཙི་གི་ཟ་ནི་ཡོད་མེད་ན་ འ་ནཱི་བསྒང་ ད་རེད་འབུབཔ་གིས་ མེདཔ་བཏང་མས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ད་གསོལ་མཆོད་འབད་དགོ་པས་ཟེར་ དེ་ལས་ དམངས་ཀྱིས་ ག་འབད་རུང་གཅིག་གིས་ ཚོགས་པ་ལུ་སླབ་འབད་ དེ་ལས་ སྤྱི་དཔོན་གྱིས་ གཡུས་མི་ཚུ་ལུ་བསྐོར་ཏེ་ སླབ་དགོ་ལགས་ ད་འ་ནེམ་ཅིག་ཁར་གསོལ་མཆོད་འབད་དགོ་པས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ང་བཅས་རའི་ཁྱིམ་རེ་རེ་ལས་ ཚོགས་བང་ཅུང་གང་གང་ལྟོ་བཟོ་སྟེ་ དེ་ལས་ ཚོགས་སྤགས་སྒོང་རྡོག་བཙོ་སྟེ་ བཀལ་ཏེ་འབག་འོང་ གསོལ་མཆོད་ལུ་འདི་ ཚོགས་སྤགས་སྒོང་རྡོག་བཀལ་འོང་ལགས་ སྒོང་རྡོག་འབག་འོང་ ལ་ལུ་ཅིག་གིས་ དར་ཚིལ་འབག་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    ལ་ལུ་ཅིག་གིས་ དར་ཚིལ་གྱི་ཕུད་དང་ མར་གྱི་ཕུད་ཀྱི་ཕུད་འབག་ཐོན་འོང་ སྒོང་རྡོག་བཙོ་ཞིན་ན་བཀལ་འབག་འོང་ ཤ་འདི་མ་པ་རེག་ས་རང་མེད་འདི་ལུ་ཡང་ མ་པ་ལས་ཤ་གི་རིགས་རེད་ནི་རང་མེད་ ས་དོན་འབད་གསོལ་མཆོད་འབདཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ཕུད་ ཆང་སྦང་ཆང་ཡང་ ཁྱིམ་རེ་ལས་ བོ་ཏལ་(དམ་སྦྱིས་) གང་གང་ ཚོགས་བང་ཅུང་གང་གང་དང་ སྦང་ཆང་བོ་ཏལ་གང་གང་འབག་སྟེ་ དེ་ལས་ ཨ་ནཱི་ཤིང་གི་ཐོག་ཁར་བཀལ་ཏེ་ དེ་ལས་ ཧོད་གུ་ཁ་མར་ ཁ་ཙ་བསྐང་དོ་བཟུམ་སྦེ་རང་ བསྐང་སྟེ་རང་བཏང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཚོགས་རེ་རེ་ལུ་འདི་ དེ་འབདཝ་ད་ཚོགས་འདི་ འདབ་མ་ཐིང་སྟེ་ འ་ནེམ་རེ་སྐང་ནི་གྱལ་སྦེ་ གསོལ་མཆོད་འབདཝ་ཨིན་ཟེར་ དེ་འབདཝ་ད་ ཕོར་གོ་ལ་ཟེར་ མར་འོག་ལུ་ཤིང་འཐུང་ཀུ་ཅིག་ཐིང་སྟེ་ ཤིང་འ་ནེམ་རེ་ཐིང་སྟེ་ འ་ནཱི་ཕོར་གོ་ལ་ཟེར་ ཨ་མ་ཕོར་གོ་ བུམོ་ཡར་གོ་ཟེར་ ཏེ་ ཁོང་ས་བདག་བཟུམ་ཅིག་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    སེམས་ཅན་འདི་ཚུ་གི་མིང་ག་ར་ ང་བཅས་ར་ཤ་རོགསཔ་ན་ཝཱན་གསོལ་ནི་ཡོད་མེན་ན་ འ་ནཱི་བཟུམ་སྦེ་རང་ ཚིག་ག་ར་འདི་ཐོན་དགོ་ལགས་ ཤ་པོ་ཤའི་བདག་པོ་ ཉ་པོ་ཉའི་བདག་པོ་ཟེར་ དེ་ལས་ ཤ་ཚང་རྒན་རྒས་བདག་པོ་ཟེར་ དེ་ལས་ སེམས་ཅན་སྤྱི་རིག་སྣ་ཚང་ལོ་ཐོག་ལུ་གནོད་པ་བཀལ་རེ་བཀལ་ཚེ་ སེམས་ཅན་གྱི་མིང་ག་ར་བཏོན་ཏེ་སྨྲང་དགོ་ཁོ་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཕོར་གོ་ལུ་སྨྲངམ་ད་ལགས་ ད་ བྱི་རི་(བྲག་གུ་སྡོད་མི་སེམས་ཅན་ཞིག་) གཞི་དཀར་བདག་པོ་ བ་ཤ་གམ་ག་བདག་པོ་ ཤ་བ་གཡུ་མའི་བདག་པོ་ ཕགས་པ་བློ་དཀར་བདག་པོ་ ཝཱམ་(དོམ་) སྣར་འཛོམས་བདག་པོ་ སྤྲ་པོ་ན་རིན་བདག་པོ་ བྱ་མོ་འཕུར་པོ་གླིང་ཟེར་ དེ་སྦེ་སེམས་ཅན་ཡོད་རིགས་རྣམས་ཀྱི་ མི་བཏོན་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    སྨྲང་དགོ་ལགས་ འ་ནཱི་ཕོར་གོ་ལུ་འབད་བ་ཅིན་ ཁོ་གཙོ་བོ་ར་ཁོ་ཨིན་ཟེར་ ཁོ་ལུ་མ་སྨྲང་པ་ཅིན་ དེ་ལས་ ཐོག་ལུ་སེམས་ཅན་གནམ་མེད་ས་མེད་འོང་ ཁོ་ལུ་སྨྲང་པ་ཅིན་ སེམས་ཅན་ཁ་ཞི་ལགས་ ཐོག་ལུ་གནམ་མེད་ས་མེད་གནོད་པ་མི་བཀལ་ ཁོ་ལུ་རང་བཏང་དགོ
  • མགོན་པོ་དབང་འདུས་ Goembo Wangdi
    མ་པ་ཨ་ནཱི་གཙོ་བོ་གཞི་བདག་འདི་ཚུ་ བཙན་སྨན་མོ་འདི་ཚུ་འདི་ སྐུ་མགྲོན་གཙོ་བོ་བཟུམ་ཅིག་ཨིན་པས་མེན་ན་ ད་ལྟོ་འབདཝ་ད་ འདི་བཟུམ་ཅིག་ དེ་ལས་ མ་པ་ཐོག་གི་དོན་འདི་ ཁོ་ལུ་སྨྲང་དགོ་ཏེ་ ཕོར་གོ་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཁོང་གཉིསཔོ་འདི་ ཡིད་ཙམ་རྩེ་ལས་བསྐོར་མི་ཟེར་ བཅུ་གསུམ་མཇུག་ལས་བསྐོར་མི་ཟེར་ དེ་ལས་ རི་བདའ་ཡི་བདའ་ཡི་ ཆུ་གི་མགོ་བདའ་སྟེ་བསྐོར་མི་ བྲག་གི་རྩེ་ལུ་བསྐོར་མི་ཟེར་རང་སྨྲང་དགོ་ལགས་ ཁོ་ག་ར་སའི་མིང་ག་ར་བསྐོར་ཏེ་ ཁོ་ལུ་བཏང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཨ་ནཱི་ཕོར་གོ་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    ཉ་མོ་གསེར་བཱན་བདག་པོ་ ཨུ་ཚའི་(བྱི་ཐུར་)སེ་ལས་བདག་པོ་ ཝམ་(དོམ་) ཉར་འཛོམས་བདག་པོ་ཟེར་ ཁཱང་ཁུ་ཡེ་(བྱ་ཅིག)སྤུན་ཅུང་བདག་པོ་ རི་ཝ་སྔུན་མའི་བདག་པོ་ཟེར་ ཞ་མོ་སིར་མིན་བདག་པོ་ ཞ་མོ་སིར་མིན་ཟེར་མི་འདི་ ང་བཅས་རའི་ལེ་ཀོ་ཡོད་མེན་ན་ འ་ནཱི་ལེ་ཀོ་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    ཞ་མོ་སིར་མིན་ དེ་ལས་ ཁང་ཁུའི་སྤུན་ཅུང་བདག་པོ་ཟེར་ ཨ་ནཱི་བྱ་ སེམས་ཅན་སྤྱི་རིག་སྣ་ཚོགས་ཀྱི་མིང་བཏོན་ཏེ་ སྨྲང་དགོ་ལགས་ ཤ་ཤོང་ཡ་མའི་བདག་པོ་ཟེར་ འབུཔ་ང་བཅས་རའི་རེད་འབད་རུང་ མོན་བྱཱ་འབད་རུང་ནང་ན་འབུཔ་འཛུལ་ཏེ་ ཟ་ནི་ཡོད་མེན་ན་ འབུཔ་ཆུང་ཀུ་འཛུལ་ཏེ་ འ་ནཱི་ ཤ་ཤོང་ཡ་མའི་བདག་པོ་ཟེར་ འ་ནཱི་འབིཔ་གི་མིང་ འ་ནཱི་སླབ་འོང་།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་སྦེ་སྨྲང་དགོ་ལགས་ ད་ཕོར་གོ་ལུ་འབད་བ་ཅིན་ འ་ནཱི་སྦེ་ དེ་ལས་ ང་བཅས་རའི་ནོར་འབྱང་སྟེ་ ག་འགྱོ་གུ་འགྱོ་མེད་པར་ ནོར་ཁམས་སང་ས་འབྱང་ནི་ཡོད་ལགས་ འ་ནཱི་བསྒང་ལུ་ཡང་རོགས་ཕོར་གོ་མཆོད་དགོ
  • མགོན་པོ་དབང་འདུས་ Goembo Wangdi
    ཁོ་སྨྲང་དགོ་ ཁོ་ལུ་སྒོང་རྡོག་རློནམ་གཅིག་ རློནམ་གཅིག་བཀལ་འབད་ དར་གཅིག་བཙུགས་འབད་ དར་བཙུགས་ཏེ་ དར་ཁ་ཤ་དཔྱང་ནི་མེད་ ཀ་བལ་དཔྱང་དགོ་ཁོ་ལུ་ ཀ་བལ་དཔྱང་སྟེ་ དེ་ལས་ ཨ་ནཱི་སྒོང་རྡོག་རློནམ་གཅིག་དེ་སྦེ་ ཐགཔ་གིས་སྒོང་རྡོག་བཏགས་འབད།
  • མགོན་པོ་དབང་འདུས་ Goembo Wangdi
    མེན་ཐགཔ་བཏགས་ཏེ་ དཔྱང་སྟེ་ ཤིང་ཨ་ནཱི་འབདཝ་ད་ དར་ཤིང་ལས་མར་སྒོང་རྡོག་ཨ་ནཱི་སྦེ་དཔྱང་དགོ་ དེ་ལས་ ཁོ་སྒོང་རྡོག་ལུ་ཡེངས་ཏེ་སྡོདཔ་ད་ དེ་ལས་ ང་བཅས་རའི་ནོར་འཚོལ་ཐོབ་ཟེར་ཨིན་པས་ དེ་སྦེ་མེན་པ་ཅིན་ཁོ་ མ་ཡེངས་པ་ཅིན་ ཁོ་གིས་ མིག་ཏོ་གིས་མཐོང་མི་བཅུག་ཟེར་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ང་བཅས་ར་ནོར་ཨ་ནཱ་ཡོད་རུང་ ང་བཅས་ནཱ་ལས་འགྱོ་ ཨ་ནཱ་ལས་ཕར་ཡོད་པའི་ནོར་རང་མིག་གིས་མི་མཐོང་ལགས་ ཁོ་གིས་མིག་ཏོ་འཕྲུལ་བཅུག་བཅུགཔ་འབད་བ་ཅིན་ ཁོ་གིས་ ཤིང་གི་འདབ་མ་གཅིག་གི་རྒྱབ་ཁར་ཡང་ གཡིབ་ཚུགས་ཟེར་ཨིན་པས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
  • མགོན་པོ་དབང་འདུས་ Goembo Wangdi
    ཕོར་གོ་གིས་ འ་ནཱི་གིས་སྦེ་ ཕོར་གོ་མཆོད་པ་ཅིན་ ཁོ་ལུ་སྨྲང་པ་ཅིན་ དེ་ལས་ ནོར་འཚོལ་ཐོབ་ཏེ་ དེ་འབདཝ་ད་ འཚོལ་ཐོབ་ད་ལུ་ ཁོ་གིས་ མིག་འཕྲུལ་བཅུག་བཅུགཔ་འབད་བ་ཅིན་ ང་བཅས་ར་ཟད་ཟད་རང་ ལོག་ཅི་ལོག་ཅི་ལྷོད་སར་རང་སྡོད་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ རྩྭ་ཟ་མ་བཅུག་པར་ ཁོ་གཡིབ་བཞག་བཞགཔ་འབད་ནི་དེ་གིས་ རྩྭ་ཟ་མ་བཅུག་ ཆུ་འཐུང་མ་བཅུག་པར་ སྐམ་ཏེ་ ཕོཝ་ལེབ་ཏེག་ཏེ་འགྱོ་སྟེ་སྡོད་འོང་ལགས་ ཁོ་གིས་གཡིབ་བཞག་བཞགཔ་འབད་བ་ཅིན་ མིག་ཏོ་འཕྲུལ་བཅུག་བཅུགཔ་འབད་བ་ཅིན་ དེ་ལས་ ཁོ་གིས་མིག་ཏོ་འཕྲུལ་བཅུག་བཅུགཔ་མེན་པ་ཅིན།
  • མགོན་པོ་དབང་འདུས་ Goembo Wangdi
    ནོར་འདི་ཚུ་རྩྭ་ཟ་ཆུ་འཐུང་སྟེ་ སྡོད་སྡོདཔ་འབད་བ་ཅིན་ ཉམས་ཨ་རྟག་བཟུམ་སྦེ་ར་སྡོད་འོང་ ག་ནི་ཡང་མི་འབད་ དེ་ལས་ ཁོ་གིས་མིག་འཕྲུལ་བཅུག་བཅུགཔ་འབད་བ་ཅིན་ འ་ནཱི་སྦེ་སྡོད་འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ལྟོ་བར་ཡང་ གསོལ་ནི་ཡོདཔ་འདྲས་སྨོ་ལགས་ཡོད་ནི་འདི་?
  • མགོན་པོ་དབང་འདུས་ Goembo Wangdi
    ཡོད་ཡོད་ ཡོད་ལགས་ ད་ཨ་ནཱི་ ཕོར་གོ་མཆོད་དགོ་པས་ཟེརཝ་ད་ སླབ་ད་ ཨ་ནཱི་བོན་པོ་གིས་རང་བཏང་དགོ་ལགས་ ང་གིས་རང་བཏང་དགོ་ ཕོར་གོ་ཡང་ང་གིས་རང་མཆོད་དགོ་ ཁོ་ལུ་འདི་ དུས་ཚོད་མེད་ ག་གིས་སེམས་ཅན་འབྱངམ་ཅིག་ ག་གིས་ནོར་འབྱངམ་ཅིག
  • མགོན་པོ་དབང་འདུས་ Goembo Wangdi
    མོ་བཏབ་ད་ཕོར་གོ་ལ་གིས་གཡིབ་ནུག་ཟེར་ ཐོན་པ་ཅིན་ཏེ་ ང་འབད་སར་ཐོན་འོང་ དེ་ལས་ ང་གིས་སྨྲང་དགོ་ ཁོ་འདི་ཡུདཔ་ཐེངས་ཅིག་སྨྲང་དགོ་ལགས་ ཆུ་ཚོད་གཅིག་རྐྱངམ་གཅིག་ལུས་འོང་ ཆུ་ཚོད་གཅིག་ཡང་མི་ལུས་ ཁོ་ལུ་ཡུདཔ་ཐེངས་ཅིག་སྨྲང་དགོ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    མི་ཁ་ཡང་ནཱ་ལས་ སྨྲང་ནི་ཡོད་ག་ལགས་ མི་ཁ་ཡང་བཏང་འོང་ག?
  • མགོན་པོ་དབང་འདུས་ Goembo Wangdi
    མི་ཁ་མི་བཏང་ལགས་ང་གིས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ལགས་སོ།
  • མགོན་པོ་དབང་འདུས་ Goembo Wangdi
    མི་ཁ་མི་བཏང་ལགས་ མི་ཁའི་ལུང་ར་མ་ཞུ་ ཧེ་མ་འདི་རོགས་ ངེའི་ཧེ་མའི་བོན་པོ་འདི་ཚུ་གིས་འདི་ རོགས་མི་ཁ་ཁ་རམ་ཟེར་ ཁ་རམ་བཀོ་ནི་ཡོད་ ཏེ་ ང་གིས་འདི་ཨ་ནཱི་ལུང་རང་མ་ཞུ་ ཏེ་ ང་གིས་ མི་ཁ་ཁ་རམ་མ་བཏང་ལགས་ བཏང་ནི་མེད་ ང་གིས་ང་བཅས་རའི་གཞུང་རྐྱང་གི་ལྷ་ཅིག་ འ་ནཱི་ཅིག་ཨིན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་མཇུག་ར་ད་ ནཱ་བོན་པོ་ ད་ ནཱ་གི་རྟིང་བདའ་སྟེ་ ད་རུང་ བོན་པོ་ལྷབ་མི་འདི་ཚུ་ ག་དེ་སྦེ་འདུག་གོ་དང་འདོད་ སྤྲོ་བ་བསྐྱེད་མི་འདུག་ག?
  • མགོན་པོ་དབང་འདུས་ Goembo Wangdi
    མེད་ལགས་ད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ནཱ་གཤགས་ཞིནམ་ལས་ ད་རུང་བོན་པོ་གི་ འཕྲོ་མཐུད་འབད་དེ་ བོན་པོ་འབད་མི་ ག་དེ་སྦེ་འོང་ནི་མས་གོ?
  • མགོན་པོ་དབང་འདུས་ Goembo Wangdi
    མེད་ལགས་ད་ ཁོང་བཅའ་མར་གཏོགས་མི་ དང་པར་དུ་ བཅའ་མར་གཏོགས་མི་ཡང་མེད་ གཉིས་པར་དུ་ལྷོདཔ་ད་ ཤ་རུས་ཀྱི་མི་བཏུབ་ཟེར་ མི་རུང་ཟེར་ བོན་པོ་བོན་རྒྱུད་དགོ་ཟེར་ དམངས་ཀྱིས་དེ་སྦེ་སླབ་ད་ ད་བོན་རྒྱུད་ག་ཡང་མེད་ ད་ ངེའི་འོག་ལས་འབད་མི་ག་ཡང་མེད་ལགས་ད།
  • ད་ ཨ་མར་དཀོན་གཉེར་འབད་མི་ ང་དང་ཁོ་བོན་པོ་ལྷབ་སྟེ་ ང་ནཱ་མ་སྡོད་ ང་སྤ་རོ་ལུ་སྡོད་དོ་ དེ་ལས་ ང་ཕར་སྡོདཔ་ད་འདི་ བོན་པོ་ཁོ་སྦེ་བཀལ་ཏེ་ དམངས་ཀྱིས་ཁོ་ལུ་བཀལ་སྦེ་ དེ་ལས་ ཁོ་བོན་པོ་ང་བཟུམ་ཅིག་འབད་མ་ཚུགས་པས་ དེ་ལས་ འབད་མ་ཚུགས་པ་ལས་བརྟེན་ཏེ་ དེ་ལས་ ཁོ་ད་ མར་སྤང་ལྷ་ཁང་གི་དཀོན་གཉེར་ཧེ་མ་འབད་བ་ཅིན་ ལྷུན་གྲུབ་ལ་ཟེར་སྡོད་ཅི་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    སྒོམ་ཆེན་གཅིག་ཨིན་ཁོ་ ལྷུན་གྲུབ་ལ་ཟེར་མི་ འ་ནཱི་རྒན་ཤོས་སོང་སྟེ་ དེ་ལས་ ཁོ་ལྕོགས་གྲུབ་མེད་འབད་ འདི་འབདཝ་ད་ ཚབ་མ་ཁོ་བཙུགས་ནུག་ དམངས་ཀྱིས་མར་ལུ་དཀོན་གཉེར་ དེ་ལས་ བོན་པོ་མེད་པར་ད་ལྟོ་ང་རིན་པོ་ཆེ་དང་ ཨོ་རྒྱན་ཉི་མ་གིས་སྦེ་ ང་འཁྱིད་འོང་ཡི་ནཱ་ ད་ཕར་ལས་ BBS (འབྲུག་རྒྱང་སྒྲགས་ལས་འཛིན)གྱི་མི་ཡང་ འ་ནཱི་ད་ལྟོ་ང་བཅས་རའི་ནཱ་ sir ནཱ་གི་གསུང་དོ་བཟུམ་སྦེ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ང་བཅས་རའི་གཡུས་ཁར་ཏེ་ སྲོལ་ཉམས་རང་ཉམས་དོ་ཟེར་ ཉམས་ཚར་ནུག་ཟེར་ ད་ བོན་པོ་བོན་ཆོས་ཀྱི་སྐོར་ལས་ ཏེ་ ཧ་གོ་མི་མིན་འདུག་ཟེར་ ང་བཅས་རའི་གཡུས་ཁར་ ད་ སྔར་ཕ་མའི་སྐབས་ལུ་འབད་མི་འདི་ ཉམས་རང་ཉམས་ནུག་ཟེར་ ད་ ཤེས་མི་མིན་འདུག་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ད་ ལས་རིམ་བཟོཝ་ད་ ང་དགོ་ནི་མས་ཟེར་ དེ་ལས་ད་ ལཱ་ཁག་སྦེ་ ང་སྤ་རོ་ལས་ ཁོང་གཉིས་ཀྱིས་འཁྱིད་འོང་འོངམ་ཨིན་ལཱ་ཁག་སྦེ་རང་ལགས་ རིན་པོ་ཆེ་དང་ ཨོ་རྒྱན་ཉི་མ་གིས་ ཏེ་ རིན་པོ་ཆེ་ཡང་ཁོ་ང་ལུ་ ཏེ་ ཁོ་གིས་ང་ལུ་ ཆ་བཞག་འོང་ལགས་ ཨ་ནཱི་བོན་པོ་གི་སྐོར་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨ་ནཱི་བོན་པོ་ ང་བཅས་ཀྱི་ ཆོསཔ་གིས་ཆོ་ག་གནང་རུང་ བོན་པོ་གི་བོན་མཆོད་མ་འབད་བ་ཅིན་ མ་བཏུབ་པར་བོན་པོ་བོན་མཆོད་ལོགས་སུ་སྦེ་རང་འབད་དགོ་ འ་ནཱི་ཡང་ ཏེ་ དང་པར་དུ་ ཤེས་མི་ཡང་མེད་ མཐོང་མི་ཡང་མེད་ གཉིས་པར་དུ་ལྷོདཔ་ད་ བོན་རྒྱུད་ཆོག་མི་མེད་འབད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ དམངས་ཀྱིས་ཡང་ང་ལུ་རང་དང་འདོད་བསྐྱེད་འབད་ ང་ལོག་ཅིག་ཁར་ལས་བོན་པོ་བོན་རྒྱུད་ཅིག་ཡང་ཨིན་པས་ ཧེ་མ་ངེའི་ཨ་རྒས་ ངེའི་ཨའི་གི་ཨ་པ་བོན་པོ་ཁོ་འབད་དེ་སྡོད་ནུག་ གེ་སར་ཨིན་པས་ལགས་ མེ་མེ་གེ་སར་ཟེར་མི་ཅིག་སྡོད་ནུག་ འ་ནཱི་གིས་འབད་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ ང་བཅས་རའི་གཡུས་ཁར་བོན་མཆོད་ ཁོ་གིས་རང་འབད་དེ་སྡོད་ནུག་དང་ཕུ་མེ་མེ་གེ་སར་ཟེར་མི་གིས་ འདི་གིས་སྦེ་ ང་རྒྱུད་པ་མེ་མེ་གེ་སར་གྱི་རྒྱུད་པ་འབད་བ་ལས་བརྟེན་ བོན་རྒྱུད་ལོག་ཅིག་ང་ལུ་ཚུད་དེ་ ང་གིས་འབདཝ་ད་ དམངས་ལུ་ཕན་ཐོགས་མས་ཟེར་ དམངས་ང་ལུ་དང་འདོད་བསྐྱེད་མི་འདི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    མེ་མེ་གེ་སར་གྱི་རྒྱུད་པ་འབད་ནི་དེ་གིས་ང་ཏེ་ བོན་པོ་ཁོ་བོན་རྒྱུད་ངོ་མ་ཁོ་ཨིན་པས་གཅིག་ལགས་མེ་མེ་གེ་སར་ འ་ནཱི་མེ་མེ་གེ་སར་གྱི་རྒྱུད་པ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ནཱ་གི་འདི་མེ་མེ་གེ་སར་ལས་ ལྷབ་ལྷབ་སྨོ?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ང་ ངེའི་ལུང་ཡ་ལགས?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འོང་ལུང་ག་ལས་ཞུ་ཡི་གོ་ཟེར?
  • མགོན་པོ་དབང་འདུས་ Goembo Wangdi
    ང་ལུང་མེ་མེ་གེ་སར་ལས་མེན་པར་ ཧེ་མ་ཧེ་མ་མེ་མེ་གེ་སར་གྱི་ཤུལ་ལས་ མེ་མེ་དབང་འདུས་ཟེར་སྡོད་ཅི་ལགས་ མེ་མེ་བོན་པོ་ ཁོ་ལས་ཞུ་ཡི་ང་ལུང་ལགས་ ལུང་ཁོ་གིས་བློས་ཕོག་ཅི་ མ་པ་ཚིག་འདི་ང་གིས་ ད་ ང་ཤུལ་ལས་ ཁོང་བོན་པོ་སྨྲང་མི་འབད་ ང་སྨྲང་མི་དགོ་ ང་དེ་སྦེ་སྡོད་པ་ལས་ དེ་ལས་ ཁོང་གི་ཚིག་ག་ར་ངེའི་ཁོངས་ལུ་འཛིན་ཏེ་ དེ་ལས་ང་གིས།
  • མགོན་པོ་དབང་འདུས་ Goembo Wangdi
    ཚིག་ག་ར་ང་གིས་ཤེས་ཤེསཔ་ འ་ནཱི་གིས་འབད་ དེ་ལས་ ཤུལ་ལས་ ཁོ་གི་ཨམ་སྲུ་ ཁོ་གི་ཨམ་སྲུ་གི་མིང་ ཨང་རྒས་བི་ལི་ཟེར་སླབ་འོང་ ཨམ་བི་ལི་གིས་ཏེ་ ངེའི་ཨམ་སྲུ་འདི་ཕར་བུ་ལི་དགོན་པ་ལུ་ལགས་ དེ་ལས་ ང་ཕར་སྡོདཔ་ད་ ཕར་ལས་འོངམ་ད་ ང་ཕར་ལས་འོང་ནི་ཕྱི་སྟེ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཁོང་གཉིས་ཀྱི་ཞིང་ ཕར་ལས་ང་བཅས་བུ་ལི་དགོན་པ་འགྱོ་སའི་ལམ་གྱི་འོག་ལུ་ མར་ལུ་ཞིང་མར་ སྐམ་ཞིང་བྱཱ་བཙུགས་ཏེ་ མར་ལུ་སྡོད་ནུག་ཁོང་གཉིས་ དེ་ལས་ ང་ཕར་དགོན་པ་ལས་འོངམ་ད་ ངེའི་རྒྱབ་ཁར་ཡང་ཆང་ཅིག་ཡོད་འབག་སྟེ་ དེ་བསྒང་ལུ་ ང་ར་ཡང་ཆང་འཐུང་མི་གཅིག་འབད་སྦེ།
  • མགོན་པོ་དབང་འདུས་ Goembo Wangdi
    ལམ་བདའ་སྟེ་འཐུང་ནི་སྦེ་ ཆང་འབག་སྟེ་འོང་ དེ་ལས་ ང་ཕར་ལས་འོང་ནི་ཕྱི་སྟེ་ ང་ཞག་ཁོང་གཉིས་ཀྱི་ཞིང་ཁར་ལུས་སོང་སོངམ་མར་ལུ་ལགས་ དེ་ལས་ ཁོང་གཉིས་འབད་སར་ལུསཝ་ད་ དེ་ལས་ ཁོང་གཉིས་འབད་སར་ཡང་ཆང་ཅིག་སྡོད་ནུག་ལགས་ ཁོང་གཉིས་འབད་སར་ཡང་ཆང་ཅིག་སྡོད་ནུག་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་ཡང་མར་ལུ་ ཞག་ལུས་ཏེ་ དེ་ལས་ ཨ་རྒས་དང་ཨང་རྒས་འ་ནཱི་ཆང་འཐུང་སྦེ་ ཁ་ཅིག་འཐོན་ཡི་ ཆང་གི་ཡུདཔ་ཅིག་ ཁ་ཐོན་དོ་ཡོདཔ་མས་ དེ་ལས་ ང་གིས་ ངེའི་ཆང་ཡང་བཏོན་ ཁོང་གཉིས་ཀྱི་ཁ་ཐུག་ལས་ཆང་བཏོན་ དེ་སྦེ་འཐུང་འབད་ དེ་ལས་ སེམས་དགའ་སྟེ་དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨང་རྒས་ཀྱིས་སླབ་ཨིན་ལགས་ ཨ་ནཱི་ཨ་རྒས་ལུ་ ཨ་རྒས་ཀྱི་མིང་དབང་འདུས་ལ་ཟེར་སླབ་འོང་ མེ་མེ་དབང་འདུས་ཟེར་ དེ་ལས་ ཨང་རྒས་ཀྱིས་ དབའི་དབང་འདུས་ལ་ཟེར་ ཨ་ནཱི་བསྐྱི་བསྐྱིཝ་ཡང་མེན་ བརྙྭ་བརྙཝ་ཡང་མེན་ ཨ་ནཱི་བོན་པོ་བོན་རྒྱུད་ངོ་མ་ཨ་ནཱི་ཨིན་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ཨ་ནཱི་གིས་འབད་བ་ཅིན་ དམངས་ལུ་ཕན་ཐོགས་ཟེར་ ཁྱོད་མ་ཤི་ཚེ་གང་ར་ཁྱོད་རྡོ་རྗེ་རྟག་བུའི་སྐུ་འབད་སྡོད་ནི་ཨིན་ཟེར་ བོན་པོ་ཁྱོད་འབད་ནི་ཨིན་ན་ཟེར་ ད་ཁྱོད་ལྕོགས་གྲུབ་མེད་ཟེར་ ཁྱོད་ཀྱིས་ཨ་ནཱི་ལུ་ ལུང་ཕོག་པ་ཅིན་ དམངས་ལུ་ཕན་ཐོགས་ཟེར་ ཨ་ནཱི་ལུ་ལུང་ཕོག་ནི་ཨིན་པས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    མོ་གིས་དེ་སྦེ་སླབ་པ་ལས་ མེ་མེ་གིས་ ཡ་ཡ་ཨིན་ བདེན་པ་རང་ཨིན་མོ་ཨ་མ་གིས་སླབ་ནི་བདེན་ཟེར་ དེ་ལས་ཁོ་གིས་ ལུང་བློས་ཕོག་ཕོགཔ་ཨིན་ལགས་ང་ལུ་ འ་མར་ དེ་ལས་ ཁོ་གིས་ང་ལུ་ལུང་བློས་ཕོག་སྦེ་ དེ་ལས་ ང་གིས་ ད་ལྟོ་ང་གིས་འབད་དགོ་མི་འདི་ འ་ནཱི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ལུང་མེད་པ་ཅིན་ད་རུང་ ཚིག་ཤེས་རུང་ཁོང་ལུ་ལུང་མེད་པ་ཅིན་ མི་ཆོག་པས་སྦ་ རོགས་ཀྱི་ཁ་ལུ་མ་ལྷོད་དོ་མས་ དཔེ་འབད་བ་ཅིན་ང་བཅས་ར་ ཆོས་ག་དེམ་ཅིག་ཤེས་རུང་ བླ་མ་རྩ་བ་ལས་བརྟེན་ཏེ་ རྩ་བ་བླ་མ་ལས་ལུང་མ་ཞུ་བ་ཅིན་ ཆོས་མི་བཏུབ་པས་མེན་ན་ཏེ་ ལུང་དགོ་རང་དགོ་པས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་བཟུམ་ཅིག་ བོན་པོ་ཡང་ལུང་ ཁོ་གིས་ང་ལུ་ ལུང་ཕོག་སྟེ་དེ་ལས་ ང་གིས་བོན་པོ་འབད་མི་འདི་ཨིན་ལགས་ བོན་མཆོད་འབད་མི་ དེ་ལས་ ང་འདི་ད་ ཕར་སྤ་རོ་ལས་ཕར་ ང་རའི་ཨམ་སྲུ་དང་མ་འཆམ་ནི་དེ་གིས་ ཕར་སྤ་རོ་ལས་ཕར་སྡོདཔ་མས་ དེ་ལས་ད་ནཱ་འོང་ནི་རང་མེད་ ད་ལྟོ་འབདཝ་ད་ ནཱ་རོགས་ཨོ་རྒྱན་ཉི་མ་དང་ མཁན་པོ་གིས་ རིན་པོ་ཆེ་གིས་ ཕར་ཐིམ་ཕུག་ལས་ ལཱ་ཁག་འབད་རང་ང་འཁྱིད་འོང་འོངམ་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་གིས་འབད་འོང་སྟེ་ འ་ནཱི་ལས་རིམ་བཟོ་གེ་ཟེར་འོང་སྟེ་ དེ་ལས་ ད་རེས་ང་གིས་འབད་མི་འདི་ ད་ ཁ་ཙ་འབདཝ་ད་ ད་རུང་རིན་པོ་ཆེ་དང་ དམངས་ཀྱིས་ད་ ང་འོང་དགོཔ་སྦེ་བཟོ་ཡི་ད་རུང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་རུང་ཁྱོད་ར་རང་ཡ?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ ད་རུང་རང་ང་འོང་དགོཔ་ འ་ནཱི་ལྷ་གསོལ་བའི་དུས་ཚོད་ལུ་ ང་འོང་དགོཔ་འབད་བཟོ་སྟེ་ དེ་ལས་ ང་ར་གིས་ཡང་ ཁ་བཟེད་ཅི་ལགས་ ལོ་རེ་ནང་ཚར་རེ་འོང་གེ་ཟེར་ ང་ར་གིས་ད་ ཁ་མ་བཟེད་པ་ཡར་རིན་པོ་ཆེ་གིས་གསུངསམ་ད་རང་ དེ་ལས་ ཁ་མ་བཟེད་པ་ཅིན།
  • མགོན་པོ་དབང་འདུས་ Goembo Wangdi
    རིན་པོ་ཆེ་ཡང་ཐུགས་མི་དགྱེས་ དེ་ལས་ དམངས་འདི་ཚུ་ཡང་ རེ་བ་རེ་འདོད་ང་ལུ་རང་ བསྐྱེད་སྡོདཔ་མས་ཟེར་ དེ་ལས་ མ་པ་ང་གིས་འབད་མི་འདི་གི་ ཁོང་ཕན་ཡང་ཕན་དོ་ག་མ་ཤེས་ མ་ཕནམ་ཨིན་ན་ང་ར་གིས་འདིནི་མི་ཤེས་པས་ དེ་ལས་མ་པ་དམངས་ཀྱིས་རེ་འདོད་འདི་ ང་ལུ་རང་བསྐྱེད་དེ་སྡོདཔ་མས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ གཡུས་སྒོ་ནང་ ནདཔ་ན་སྟེ་སྡོད་རུང་ བཙན་བདུད་འདི་ཚུ་མཆོད་ནི་ཐོནམ་ད་ ཏེ་ ང་གིས་རང་འབད་དོ་ལགས་ ང་གིས་རང་འབདཝ་ཨིན་ དེ་ལས་ ནདཔ་གི་དོན་ལུ་ཡང་ ག་ཏེ་གི་བདུད་ཨིན་ན་ མོ་བཏབ་མི་གིས་ བདུད་ཨིན་པས་ལོ་ཟེར་ བདུད་འཐོན་ནུག་ལོ་ཟེརཝ་ད་ ཨ་ནཱི་བདུད་འདི་ཚུ་ཡང་ ཁོང་ར་ན་མི་གི་ཁྱིམ་ནང་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཚོགས་བང་ཅུང་གང་ སྦང་ཆང་བོ་ཏལ་གང་འབད་ དེ་སྦེ་མཆོད་དགོ་ལགས་ དར་ཤིང་ཅིག་འབད་སྦེ་ འ་ནེམ་ཅིག་རང་ཨིན།