Skip to main content Skip to search
01 Sep 2018
5 min 22 sec
Video Overview
Creators: 
Monika Subba, Kencho Wangmo

ཨཔ་ནོར་བུ་འདི་ གཡུས་ངོ་མ་ཀུར་སྟོད་ལྷུན་རྩེ་ལས་ཨིནམ་ད་ ད་རིས་སྐབས་ཅིག་གཞི་གསརཔ་སྤོར་དེ་ བདེ་སྐྱིད་གླིང་ གསར་སྤང་ནང་སྡོད་དོ་ཡོདཔ་ཨིན་མས། ཁོ་གིས་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཡོད་པའི་ འབོད་སྒྲའི་ཀླུ་གཞས་རང་སེམས་ལ་དཀར་ག་མི་དཀར་ཟེར་མི་འདི་འཐོན་ནུག། ཀླུ་གཞས་འདི་གི་ འཐེན་མི་གྱི་སེམས་ག་དེ་སྦེ་དཀརཔོ་སྦེ་ཡོདཔ་ཨིན་ན་ ཟེར་སེམས་ཀྱི་འགྲེལ་བཤད་རྐྱབ་དོ་ཡོདཔ་ཨིན་མས། ཀླུ་གཞས་འདི་ གཡུས་ཁ་ལས་ཕར་ཆོ་ག་ཚུ་ནང་ལུ་ སྒོར་གོམ་འབད་གྲོ་ཁྲབ་ནི་འདི་ཡོངས་གྲགས་འབད་འདུག། 

 

Rinzin Norbu, originally from Kurtoe in Lhuntse Dzongkhag (district) but resettled in Dekiling in Sarpang Dzongkhag, sings a popular Boedra song called "Rang Sem La Kar Ga Mi Kar". The song describes the quality of the heart of a singer. It is sung and danced to mostly during rituals in the village.

Transcript search
No results found for this search
0 of 0
 • རིན་འཛིན་ནོར་བུ་
  རང་སེམས་ལ་དཀར་ག་མི་དཀར་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་དཀར་ཡོལ་ནང་གི་འོ་མ་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  དཀར་ཡོལ་ལ་དཀྲོག་དཀྲོག་བྱས་རུང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་འོ་མ་འབོ་ས་མིན་འདུག་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་འབྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  རང་སེམས་ལ་ཁྲུས་ག་མི་ཁྲུས་ཡར་ལ་སོ། ཨ་མ་ལས་ཨོ། ངེའི་བུམ་པ་ནང་གི་ཁྲུས་ཆུ་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  བུམ་པ་ལ་དཀྲོག་དཀྲོག་བྱས་རུང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་བུམ་པ་ནང་གི་ཁྲུས་ཆུ་ཡ་ལ་སོ། (ངེའི་ཁྲུས་ཆུ་འབོ་ས་མིན་འདུག) ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  རང་སེམས་ལ་ཕྲང་དང་མི་ཕྲང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་སོ་རས་ནང་གི་མདའ་མོ་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  སོ་རས་ལ་དཀྲོག་དཀྲོག་བྱུས་རུང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་མདའ་མོ་གཡོ་ས་མིན་འདུག་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  རང་སེམས་ལ་ལྕང་དང་མི་ལྕང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་ཨ་རིང་ནང་གི་ལྕང་མོ་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  ཨ་རིང་ལ་དཀྲོག་དཀྲོག་བྱས་རུང་ཡ་ལ་སོ། ཨ་མ་ལས་ཨོ། ངེའི་ལྕང་མོ་གཡོ་ས་མིན་འདུག་ཡ་ལ་སོ། ཞལ་ཀ་བྲུ་ཞི་ཀ་ལ། ཞལ་ཀ་བྲུ་ཞི་ཀ་ལ།
 • རིན་འཛིན་ནོར་བུ་
  ལགས་སོ་ལགས།