Video Overview
The song “Missing Home” (Yüla Drenjung) is performed in this video by Leki Tshomo from Daagsa village in Mongar District. It describes Guru Rinpoche and his realized consort, Khandro Yeshe Tsogyel, who assisted him in spreading his teachings. The final verse says that a person can be totally liberated from suffering if he or she dedicates his or her life to the practice of his teachings. At the beginning of each verse there is a line that says “missing home.” This probably indicates the practitioner's efforts to practice Guru Rinpoche’s teachings away from home, despite the feeling of homesickness.
གཡུས་ལ་དྲན་འབྱུང་ཟེར་བའི་གླུ་གཞས་འདི་ གུ་རུ་རིན་པོ་ཆེ་་ སློབ་དཔོན་དང་ གསང་ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འདི་ ཁོ་གི་ ཆོས་དར་ཁྱབ་གནང་མི་ ཆ་རོགས་་སྦེ་ འགྲེལ་བཤད་རྐྱབ་ཨིན་པས། གླུ་གཞས་ཀྱི་མཇུག་གི་ཚིག་བཅད་ནང་ གུ་རུ་རིན་པོ་ཆེའི་ཆོས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ དར་ཁྱབ་གནང་མི་ཆོས་འདི་ལུ་ རང་གིས་བརྩོན་འགྲུས་བསྐྱེད་དེ་ ཉམས་སུ་བླངས་ཚུགས་པ་ཅིན་ ཐར་པ་སངས་རྒྱས་ཀྱི་ འགོ་འཕང་ཐོབ་ཚུགས་པའི་ ལམ་ཨིན་གསེས་མས། ད་རུང་ གླུ་གཞས་ཀྱི་ཚིགས་བཅད་ཆ་མཉམ་གྱི་མགུ་ལུ་ གཡུས་ལ་དྲན་འབྱུང་ཟེར་ཡོད་ད་ འདི་ཡང་ ཆོས་ལུ་བརྩོན་འགྲུལ་བསྐྱེད་པའི་ བརྡ་མཚོན་སྟོནམ་ཨིནམ་ད་ ཆོས་འབད་བའི་སྐབས་ གཡུས་དྲན་པའི་ལོ་རྒྱུས་བཤདཔ་ཨིན་པས།
- Mongar
- Gungdue
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །ཡར་ལུ་གང་ལུ་བཞུགས་པའི། །ཨོ་རྒྱན་གུ་རུ་བཞུགས་ཡོད་སྭོ། །སྭོ་ཡ་ལ། ཨོ་རྒྱན་གུ་རུ་བཞུགས་ཡོད་སྭོ། །
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །ཨོ་རྒྱན་གུ་རུ་བཞུགས་ཏེ། །ཆོས་ལ་རབ་གནང་ཡོད་སྭོ། །སྭོ་ཡ་ལ། ཆོས་ལ་རབ་གནང་ཡོད་སྭོ། །
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །གཡས་སུ་གཡས་ལ་བཞུགས་པའི། །མནྜ་ར་བ་བཞུགས་ཡོད་སྭོ། །སྭོ་ཡ་ལ། མནྜ་ར་བ་བཞུགས་ཡོད་སྭོ། །
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །གཡོན་སུ་(དུ་)གཡོན་ལ་བཞུགས་པའི། །ཡེ་ཤེས་མཚོ་རྒྱལ་བཞུགས་ཡོད་སྭོ། །སྭོ་ཡ་ལ། ཡེ་ཤེས་མཚོ་རྒྱལ་བཞུགས་ཡོད་སྭོ། །
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །ཡེ་ཤེས་མཚོ་རྒྱལ་བཞུགས་ཏེ། །ཆོས་ལ་(ཆོས་ཀྱི་)བསྟན་པ་དར་ཡོད་སྭོ། །སྭོ་ཡ་ལ། ཆོས་ལ་(ཆོས་ཀྱི་)བསྟན་པ་དར་ཡོད་སྭོ། །
- ལས་སྐྱིད་མཚོ་མོ་ Leki Tshomoཡིད་ལ་དྲན་འབྱུང་ལ། །ཆོས་ལ་དད་པ་བསྐྱེད་ན། །ངན་སོང་གསུམ་ལས་འགྲོལ་སོང་སྭོ། །སྭོ་ཡ་ལ། ངན་སོང་གསུམ་ལས་འགྲོལ་སོང་སྭོ།། །།