Skip to main content Skip to search
06 Jul 2018
16 min 13 sec
Video Overview
Creators: 
Rinchen Dorji

Kinley Wangmo and Namkha Dem of Tsangkha village sing Choe Gi Gyalpoi Mani (The Mantra of the Lord of Death).  Though this mani, people seek the Lord of Death's blessings that upon their deminse they will meet with the Buddha and be born in a heaven realm. This mani consists of three verses and three steps; each step corresponds to mani verses (Om Mani Padmi Hung Re).  After singing the three steps of mani they pray to the Lord of Death using the same tune. The tune of this mani is long and complicated.

༉  ཀྲོང་གསར་ སྟང་སི་སྦྱིས་རྒེད་འོག་ ཚངས་ཁ་གཡུས་ཚན་ལས་ཀུན་ལེགས་དབང་མོ་དང་ནམ་མཁའ་སྒྲོལམ་གཉིས་ཀྱིས་ གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མ་ཎི་འདི་ གདངས་སྦེ་འཐེནམ་ཨིནམ་ད་ མ་ནི་འདི་ཡང་ མི་ཤི་བའི་སྐབས་སུ་ གཤིནཔོ་འདི་ ཐར་པ་དང་ཐམས་ཅད་མཁྱེན་པའི་འགོ་འཕང་ཐོབ་ནིའི་དོན་ལུ་ འཕགསཔ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལུ་གསོལཝ་བཏབ་ཨིན་མས། མ་ནི་འདི་ གདངས་རིང་སུ་ཅིག་དང་ཐུང་སུ་ཅིག་སྦེ་ ཁག་གཉིས་དེ་ཅིག་ཡོདཔ་ད་ ཧེ་མ་ ང་བཅས་ར་ཕམ་རྒས་ཤོས་ཚུའི་སྐབས་འབད་བ་ཅིན་ མི་ཤི་བའི་སྐབས་མ་ནིའི་གདངས་འཐེན་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ མ་ཎིའི་གདངས་འཐེན་སྲོལ་དེ་ཡང་ཉམས་ཏེ་ཡོདཔ་ཨིན། དེ་ཡང་ ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ཏེ་ མི་ཚུ་ནཝ་ཅིག་ ཁྲོམ་ཁའི་སྨན་ཁང་སྦོམ་ཚུ་ནང་སྐྱེལ་བའི་བསྒང་ལས་ བརྒྱ་ཆ་དྲུག་ཅུ་དང་བདུན་ཅུ་དེ་ཅིག་དྲག་ཚུགས་དོ་ཡོད་རུང་ བརྒྱ་ཆ་སུམ་ཅུ་བཞི་བཅུ་དེ་ཅིག་མི་རྟག་འཆི་བའི་ལམ་དུ་ཐལ་བའི་བསྒང་ལས་ དུར་ཁྲོད་ཚུ་ཡང་ཁྲོམ་ཁ་ལས་ཕར་ སྟབས་བདེ་ཏོག་ཏོ་ཡོད་ནི་དེ་གིས་ ལ་ལུ་གིས་ ཉི་ཤུ་རྩ་གཅིག་ཚུན་ཚོད་ཀྱི་དགེ་རྩ་ཚུ་ཡང་དུར་ཁྲོད་ནང་རང་བཏང་དོ་ཡོདཔ་ལས་ ཧེ་མ་གཡུས་ཁ་ལས་ཕར་བཏང་དོ་བཟུམ་སྦེ་ བཏང་སྲོལ་གནམ་མེད་ས་མེད་ཅིག་མེདཔ་ལས་ གཡུས་ཁ་ལས་ཕར་ཡོད་པའི་ལམ་སྲོལ་ཚུ་ཉམས་དང་ཉམས་བཞིན་དུ་ཡོདཔ་ཨིན།

Transcript search
No results found for this search
0 of 0
 • ཀུན་ལེགས་དབང་མོ་/ Kinley Wangmo:
  ཧ་ལོ་་་་ང་བཅས་ཚང་ཁ་ལས་ཨིན། ད་རེས་མང་འདུས་ཚང་ཁ་ལས།
 • ཀུན་ལེགས་དབང་མོ་/ Kinley Wangmo:
  ང་བཅས་ཨང་རྒས་ཀུན་ལེགས་དབངམོ་དང་ཨང་རྒས་ནམ་མཁའ་སྒྲོལམ་གིས་ མ་ཎི་ང་བཅས་ར་གི་མ༌ཎི་གི་ལས་རིམ་འདི་ཨ་ཙི་རེ་གཏང་དོ་ད་རེས་ དང་པ་གཉིས་པ་འབད་གཏང་དོ། འཐེན་ད་ག?
 • རིན་ཆེན་རྡོེ་/ Rinchen Dorji:
  འཐེན་ད་ལགས།
 • ཀུན་ལེགས་དབངམོ་དང་ནམ་མཁའ་སྒྲོལམ་/ Kinley Wangmo & Namkha Dem:
  ཨོ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ
 • ཀུན་ལེགས་དབང་མོ་/ Kinley Wangmo:
  དང་པ་ཟེར་མི་འདི་འ་ནཱི་ཨིན་ནོ་ལགས།
 • ཀུན་ལེགས་དབངམོ་དང་ནམ་མཁའ་སྒྲོལམ་/ Kinley Wangmo & Namkha Dem:
  ཨོ་མ་ཎི་པདྨེ་ཧཱུཾ་་ཧྲཱིཿ ཨོ་མོ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ
 • ཀུན་ལེགས་དབང་མོ་/ Kinley Wangmo:
  གཉིས་པ་འདི་འ་ནཱི་ཨིན་གོ། མ་ནི་ཧེ་ཧེ་ཧེ་ཧེ་།
 • ཀུན་ལེགས་དབངམོ་དང་ནམ་མཁའ་སྒྲོལམ་/ Kinley Wangmo & Namkha Dem:
  ཨོ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོ་མོ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ
 • ཀུན་ལེགས་དབང་མོ་/ Kinley Wangmo:
  འ་ནཱི་གསུམ་[ནམས་?]ཨིན་ནོ། །
 • ཀུན་ལེགས་དབངམོ་དང་ནམ་མཁའ་སྒྲོལམ་/ Kinley Wangmo & Namkha Dem:
  ཨོ༌མོ༌མ༌ཎི༌པདྨེ༌ཧཱུྃ༌ཧྲཱིཿ ཐུགས༌རྗེ་ཆེན་པོ་ཆོས་ཀྱི་རྒྱལ་པོ་མཁྱེན། །བདག་སོགས་[མེད་འོང༌མ་བདག་?]ཐུགས་རྗེས་ཟུངས། །ངན་སོང་གསུམ་གྱི་སྡུག་བསྔལ་མ་མྱོང་བར། །བདེ་བ་ཅན་གྱི༌ཞིང༌དུ༌སྐྱེ༌བར༌ཤོག །
 • ཀུན་ལེགས་དབངམོ་དང་ནམ་མཁའ་སྒྲོལམ་/ Kinley Wangmo & Namkha Dem:
  བླ་མ་སངས་རྒྱས་རྣམས་དང་མཇལ་བར་ཤོག །ཨོ༌མོ༌མ༌ཎི༌པདྨེ་ཧཱུྃ༌ཧྲཱིཿ
 • ཀུན་ལེགས་དབང་མོ་/ Kinley Wangmo:
  གཤིན༌རྗེ༌ཆོས༌ཀྱི༌རྒྱལ༌པོའི༌མ༌ཎི༌ཟེར༌མི༌འདི༌ འ༌ནཱི༌ཨིན༌ནོ།། །།