Skip to main content Skip to search
31 Aug 2018
6 min 59 sec
Video Overview
Creators: 
Sherig Dentshog, Penchela

Sempa sings “Request Denied, Request Accepted” (Zhuwa Mezhu Zhuwa Zhu). Parts of the song are very pleasing. The song was sung in their village since a very long time ago. They did not remember who had composed it, and learned the song from village elders.

 

སེམས་པ་ཀྱི་ གླུ་གཞས་ ཞུ་བ་མི་ཞུགས་ཞུ་བ་ཞུགས་ཟེར་མི་འཐེན་མས། གླུ་གཞས་འདི་ སེམས་དགའ་བའི་གླུ་གཞས་ཅིག་ཨིན་མས།  གླུ་གཞས་འདི་ ཁོ་རའི་གཡུས་ཚན་ནང་ལུ་ དུས་ཧེ་མ་ལས་རང་འཐེན་སྲོལ་ཡོད་པའི་གླུ་གཞས་ཅིག་ཨིན་མས། ཁོ་གི་ གླུ་གཞས་འདི་ གཡུས་ཁའི་རྒན་ཤོས་ཚུ་ལས་ལྷབ་སྟེ་ཡོདཔ་ཨིན་རུང་ གླུ་གཞས་རྩམ་མི་འདི་ བརྗེད་སོངམ་ཨིན་མས།

 

Transcript search
No results found for this search
0 of 0
  • སེམས་དཔའ་
    གཞིས་བ་(པ)མི་བཞུགས་གཞིས་བ་(པ)བཞུགས། །གཞིས་བ་(པ)དགུང་སྟོད་འཐོན་པོ་བཞུགས། །གཞུས་བ(པ)དགུང་སྟོད་འཐོན་པོ་བཞུགས། །
  • སེམས་དཔའ་
    མགྲིན་པ་མི་བཞུགས་མགྲིན་པ་བཞུགས། །མགྲིན་པ་ཁྲི་གདུགས་ཉི་མ་བཞུགས། །མགྲིན་པ་ཁྲི་དགུགས་ཉི་མ་བཞུགས། །
  • སེམས་དཔའ་
    ཕྱག་གཅིག་གཡས་པ་རྨ་བྱ་བསྣམས། །རྨ་བྱ་རྒྱ་གར་མདོངས་སྒྲོ་བཞུགས། །རྨ་བྱ་རྒྱ་གར་མདོངས་སྒྲོ་བཞུགས། །
  • སེམས་དཔའ་
    ཕྱག་གཅིག་གཡོན་པ་ནེ་ཙོ་བསྣམས། །ནེ་ཙོ་རྣམས་ཀྱི་དཔལ་འཛོམས་བཞུགས། །ནེཙོ་རྣམས་ཀྱི་དཔལ་འཛོམས་བཞུགས། །
  • སེམས་དཔའ་
    གཞིས་པ་མི་བཞུགས་གཞིས་པ་བཞུགས། །གཞིས་པ་གངས་སྟོད་འཐོན་པོ་བཞུགས། །གཞིས་པ་གངས་སྟོད་འཐོན་པོ་བཞུགས། །
  • སེམས་དཔའ་
    མགྲིན་པ་མི་བཞུགས་མགྲིན་པ་བཞུགས། །མགྲིན་པ་སེང་ཆེན་དཀར་མོ་བཞུགས། །མགྲིན་པ་སེང་ཆེན་དཀར་མོ་བཞུགས། །
  • སེམས་དཔའ་
    ཕྱག་གཅིག་གཡས་པ་རྨ་བྱའི་བསྣམས། །རྨ་བྱ་རྒྱ་གར་མདོངས་སྒྲོ་བཞུགས། །རྨ་བྱ་རྒྱ་གར་མདོངས་སྒྲོ་བཞུགས། །
  • སེམས་དཔའ་
    ཕྱག་གཅིག་གཡོན་པ་ནེ་ཙོ་བསྣམས། །ནེ་ཙོ་རྣམས་ཀྱི་དཔལ་འཛོམས་བཞུགས། །ནེ་ཙོ་རྣམས་ཀྱི་དཔལ་འཛོམས་བཞུགས། །
  • སེམས་དཔའ་
    བཀའ་དྲིན་ཆེ།