06 May 2011
8 min 42 sec
Video Overview
Creators:
Unknown
This song compares the love shared by the lovers to a number of precious objects and to the shining of the sun.
བརྙན་ཐུང་འདིའི་ལ་གཞས་དག་ཏུ་རོགས་མཐུན་པའི་སྐོར་བརྗོད་བྱར་བཟུང་ནས་ན་གཞོན་ཕོ་མོ་ཟུང་གི་དུངས་བའི་འདུན་པ་མཐའ་དག་སྙན་མོ་ངག་གི་དབྱངས་སུ་བཀུགས་ཡོད
短片体现了草原儿女歌颂美好生活,表达圣洁爱情,以及男女之间交流思想感情的生活状态和情感世界。
- Mangra
- China
- India
- དགུང་ཉི་མ་གན་གྱི་སྐྱིད་ལངས་ཀོ
- སྐོ་ལོ་གི་མ་ལོ་རེ་བཟས།
- འ་ལ་གན་འཆར་ས་དགུང་སྔོན་གནམ་ཡོད་ཀི
- སྐོ་ལོ་གི་མ་ལོ་གོ
- འོད་རྒྱག་ས་དོག་མོ་ས་ཡོད་ཀི
- སྐོ་ལོ་གི་མ་ལོ་གོ་བཟས།
- འབྲུག་ཕོ་ཁྱུང་ཕོ་ཉུག་སྡུག་ག་གོ
- སྐོ་ལོ་གི་མ་ལོ་གོ
- སྤྲིན་ནག་པོའི་སྲ་སྲིབ་ཟིག་ནས་གོ
- སྐོ་ལོ་གི་མ་ལོ་རེ་བཟས།
- འ་ལ་རོགས་ཀེ་ཁྱོ་ཐུག་ནོ་ད་མ་ཡུལ་རེད་ཀོ
- སྐོ་ལོ་གི་མ་ལོ་གོ
- ནང་རོགས་བརྒྱ་གན་གི་སྐྱི་ལངས་ཀོ
- སྐོ་ལོ་གི་མ་ལོ་གོ་རེ་བཟས།
- འ་ལ་གན་རྩེད་ས་སྡེ་ཆེན་གྲོང་ཡོད་ཀི
- སྐོ་ལོ་གི་མ་ལོ་གོ
- རོགས་ཆུང་ང་འུ་གཉི་གའི་སྡུག་ག་གོ
- སྐོ་ལོ་གི་མ་ལོ་རེ་བཟས།
- ནང་ན་ཟླའི་སྲ་སྲིབ་ཟིག་ནས་ཀོ
- སྐོ་ལོ་གི་མ་ལོ་གོ
- གཅིག་ཐུག་ནོ་ད་མ་ཡུལ་རེད་ཀོ་བཟས།
- ཡ་ལ་རོགས་ལོ་་་་
- ཡ་ལ་དགོ་ཨ་རིག་ཡོ་ལོ་ལོ།
- ཡ་འགྲོག་ཞི་མོ་ལོ་ལོ་ལོ་རུས་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ད་དགོང་ཉི་མ་ཨ་ཡང་ལོ་ཁོ་རྒྱ།
- ཨ་རིག་ཡོ་ལོ་ལོ།
- ད་ཁྱོད་མ་ཤར་ཚང་ན་ཡོད་དུས་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ང་འེ་ཤར་རེ་བ་ཆེ་ནི་རེད།
- ཨ་རིག་ཡོ་ལོ་ལོ་བཟས།
- འ་ལ་ཡ་འདི་ཤར་ནས་དྲོད་ཁོལ་འཛོམས་ན་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ངས་འགྱའ་རྒྱུ་མེད་ན་འདོད་ནི་རེད།
- ཨ་རིག་ཡོ་ལོ་ལོ།
- འ་ལ་ད་དགུང་ཉི་མ་མི་འགྱའ་གང་ན་ཡོད།
- ཨ་རིག་ཡོ་ལོ་ལོ།
- ད་ངའི་རང་ང་སེམས་མ་ཤར་ནི་རེད།
- ཨ་རིག་ཡོ་ལོ་ལོ།
- ཡ་ལ་རོགས་ལོ་་་་ཡ་ལ་དགོ་ཨ་རིག་ཡོ་ལོ་ལོ།
- ངའི་རོགས་ཆུང་ལོ་བྱུ་རུའི་སྐེ་རྒྱན་ཅན།
- ཨ་རིག་ཡོ་ལོ་ལོ།
- ད་ཁྱོད་དམར་སེ་སྡེ་ན་ཡོད་དུས་དགོ
- ཨ་རིག་ཡོ་ལོ་ལོ།
- འ་ལ་ད་ང་འེ་རྩེད་རེ་བ་ཆེ་ནི་རེད།
- ཨ་རིག་ཡོ་ལོ་ལོ།
- ཡང་ཅིག་རྩེད་ནས་སྣང་བ་མཐུན་ན་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ངས་འགལ་རྒྱུ་མེད་ན་འདོད་ནི་རེད།
- ཨ་རིག་ཡོ་ལོ་ལོ་བཟས།
- ད་ངའི་རང་ང་སེམས་ལ་ཡོང་ནི་རེད།
- ཨ་རིག་ཡོ་ལོ་ལོ།
- རོགས་ལོ་འགལ་རྒྱུ་མེད་རྒྱུ་གང་ན་ཡོད།
- ཨ་རིག་ཡོ་ལོ་ལོ།
- འ་ལ་རོགས་ཀེ་ཡ་ལ་དགོ
- ཨ་རིག་ཡོ་ལོ་ལོ།
- ཡ་འགྲོག་དགའ་ལོ་ལོ་ལོ་རུས་དགོ
- ཨ་རིག་ཡོ་ལོ་ལོ།
- ཡ་ང་དུང་ལུང་ཁོག་པ་མིན་ར་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ཡེ་དུང་འབུད་གྲངས་ཟིག་ག་གླེང་ང་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ང་སྐྱེས་ལྡན་རིལ་བུ་མིན་ར་དགོ
- ཨ་རིག་ཡོ་ལོ་ལོ།
- ང་ཁྱོ་སྐྱེས་བ་བདུན་ན་མི་འགལ་དགོ
- ཨ་རིག་ཡོ་ལོ་ལོ།
- ཡ་ལ་རོགས་ལ་་་་ཡ་ལ་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ངའི་དཀྱིལ་མཛུབ་སྟེང་གི་དངུལ་མཛུབ་འདི
- ཨ་རིག་ཡོ་ལོ་ལོ།
- འ་ལ་ད་ང་རང་གི་བསམ་པ་ཟིག་ག་དགོ
- ཨ་རིག་ཡོ་ལོ་ལོ།
- ད་གསེར་སེར་པོས་ཤན་ན་འདོད་ཡོད་དྲ།
- ཨ་རིག་ཡོ་ལོ་ལོ།
- ད་རྒྱ་མཁས་བའི་བསམ་པ་ཟིག་ག་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ཅིག་གསིལ་ནས་ཟོར་ན་འདོད་ཡོད་དྲེ།
- ཨ་རིག་ཡོ་ལོ་ལོ་བཟས།
- འ་ལ་ད་ངའི་དཀྱིལ་མཛུབ་སྟེང་གི་དངུལ་མཛུབ་རེ།
- ཨ་རིག་ཡོ་ལོ་ལོ།
- ད་དངུལ་མགར་ཁའི་བརྗེ་ནི་དགོ་གོ
- ཨ་རིག་ཡོ་ལོ་ལོ།
- ངའི་ཡིད་ཟིག་ན་འཕུད་ན་འདོད་མེད་དྲེ།
- ཨ་རིག་ཡོ་ལོ་ལོ་བཟས།
- ཡ་ལ་རོགས་ལ་་་་ཡ་ལ་དགོ་ཨ་རིག་ཡོ་ལོ་ལོ།
- ད་རོགས་ཆུང་ལོ་བྱུ་རུའི་སྐེ་རྒྱན་ཅན།
- ཨ་རིག་ཡོ་ལོ་ལོ།
- ད་ང་རང་གི་བསམ་པ་ཟིག་ག་རེ།
- ཨ་རིག་ཡོ་ལོ་ལོ་བཟས།
- འ་ལ་ད་མགོ་དཀར་པོའི་སོ་བ་ཕུལ་ཡོད་དྲེ།
- ཨ་རིག་ཡོ་ལོ་ལོ་བཟས།
- འ་ལ་་་་ཡ་ལ་དགོ་ཨ་རིག་ཡོ་ལོ་ལོ།
- ད་མདའ་ལི་མའི་ཁོག་སྟར་རྣོ་རེད་ཀོ
- ཨ་རིག་ཡོ་ལོ་ལོ།
- ཁྱོ་སྒྲོ་སྨིག་པོས་རང་ཚུགས་ཟུངས་ར་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ང་མདའ་མཐེབ་བ་བསྐྲི་རྒྱོ་ད་ཡིན་གོ
- ཨ་རིག་ཡོ་ལོ་ལོ།
- ད་ཕྱི་སྡེ་བས་ཆི་བཤད་མཁའ་ཡིན་དགོ
- ཨ་རིག་ཡོ་ལོ་ལོ།
- ད་རང་གཉི་གའི་གླེང་ཚིག་མནའ་ཡིན་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ཡེ་རོགས་ཁྱོད་ཀྱིས་རང་ཚུགས་ཟུངས་ར་དགོ
- ཨ་རིག་ཡོ་ལོ་ལོ།
- ཡ་ཁ་བགད་ནས་འགྲོག་རྒྱོ་ད་ཡིན་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ཡ་ལ་རོགས་ལོ་་་་་ཡ་ལ་ཡ་ལ་དགོ
- ཡ་འགྲོག་ཞི་མོ་ཟིག་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡ་བྱ་ཁུ་ལོ་ཟིག་འཇོལ་མོ་གཉི་ག་རེ།
- ད་ང་ཁུ་ལོ་བཟོ་རྒྱ་གར་ཡུལ་གྱི་ཡིན།
- ད་བྱེའུ་འཇོལ་མོ་བཟོི་རྒྱ་རྫོང་ནགས་ཀི་ཡིན་བཟས།
- འ་ལ་ད་འདང་རྒྱབ་བཟོ་ཐུགས་འཕྲད་མེད་དྲ་རེ།
- ད་ཤིང་ལོ་མ་བཟོ་ཡག་གི་རྩེད་མོ་ནས།
- ད་བྱ་འུ་གཉིས་བཟོ་མཉམ་གྱིས་གྲགས་ཀེ་རེ་བཟས།
- འ་ལ་ང་བྱེའུ་འཇོལ་མོ་བཟོ་མྱི་གཉིས་ལོབས་སོང་ཟིག
- ད་བྱེའུ་འཇོལ་མོ་བཟོ་སྙིང་ལ་རྗེ་ཁོ་རེ།
- ང་བྱ་ཁུ་ལོ་བཟོ་བྲལ་ནས་འགོར་རུང་བཟས།
- ཁྱོའུ་སེམས་མ་འགྱུར་བཟོ་ཁ་མའི་སྡོད་དྲ་རེ།
- ང་བྱ་ཁུ་ལོ་བཟི་ཕྱིར་ར་ཐོན་ན་རེ།
- ད་ལ་དེ་དུས་བཟོ་མཉམ་གྱིས་གྲགས་ཀ་རེ་བཟས།
- ཡ་ལ་རོགས་ལོ་་་་་ཡ་ལ་ཡ་ལ་དགོ
- ད་ས་སྡེ་ཆེན་བཟོ་རྩེད་རའི་ནང་ནས་དགོ་བཟས།
- འ་ལ་ད་ངའི་རོགས་ལོ་བཟོ་སྐྱེས་ལུས་དྲང་ཤ་ཅན།
- ང་ཁ་བགད་ལེ་བཟོ་སྡེ་ནས་རྩེ་ཡེ་རེ་བཟས།།
- འ་ལ་ད་ང་ཞི་ལི་བཟོ་སྡེ་ཆེན་ད་གི་རེད།
- ད་ཁྱོད་ཞི་མོ་བཟོ་སྡེ་ཉུང་དཀྱིལ་གྱི་རེད།
- ད་འདང་རྒབ་ན་བཟོ་ཐུག་འཕྲད་མེད་དྲ་ར་བཟས།
- འ་ལ་ད་ཁ་བགད་ལེ་བཟོ་སྡེ་ཆེན་ད་ནས་དགོ
- ད་ཁ་ལ་ལ་བཟོ་བླངས་ནས་མཐུན་སོང་ཟིག་བཟས།
- ཡང་ཡ་ལ་་་་ཡ་ལ་ཡ་ལ་དགོ་ཨ་རིག་ཡོ་ལོ་ལོ།
- ད་སྨད་རྒྱ་ནག་གོས་ར་ནང་ནས་གོ
- ཨ་རིག་ཡོ་ལོ་ལོ།
- ད་གོས་ལྗང་སྨུག་འཇམ་ཤ་མ་བོ་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ངས་དངུལ་ཞོ་གང་བྱིན་པའི་ཐོག་ག་དགོ
- ཨ་རིག་ཡོ་ལོ་ལོ།
- ད་གསེར་ཞོ་གང་སྣོན་དགོ་བཟས་ན་དགོ
- ཨ་རིག་ཡོ་ལོ་ལོ།
- ང་ཡ་མིན་ནས་ཡིད་ན་ཅང་མེད་ཀོ
- ཨ་རིག་ཡོ་ལོ་ལོ།
- ང་དགའི་རང་བློར་འབབ་པའི་གོས་ཡིན་ཁྱོད།
- ཨ་རིག་ཡོ་ལོ་ལོ་བཟས།
- ཡེ་ས་སྡེ་ཆེན་རྩེད་ར་ནང་ནས་དགོ
- ཨ་རིག་ཡོ་ལོ་ལོ།
- ད་ཞེ་རང་མཐུན་རོགས་ལོར་ཤོད་ལ་དགོ
- ཨ་རིག་ཡོ་ལོ་ལོ།
- ཁྱོ་མནའ་སྲིད་པ་བསྐྱལ་ནའི་ལ་ཁ་དགོ
- ཨ་རིག་ཡོ་ལོ་ལོ།
- ལ་ཚིག་དོན་ཆེན་བཤད་དགོ་བཟས་ན་དགོ
- ཨ་རིག་ཡོ་ལོ་ལོ་བཟས།
- ཡ་ཡ་མིན་ནས་ཡིད་ན་ཅང་མེད་གོ
- ཨ་རིག་ཡོ་ལོ་ལོ།
- ང་དགའི་རང་བློར་འབབ་པའི་རོགས་ཡིན་གོ
- ཨ་རིག་ཡོ་ལོ་ལོ་བཟས།