Skip to main content Skip to search
05 Sep 2018
3 min 44 sec
Video Overview
Creators: 
Sonam Tobgye

"Rayla Raychung Ma" is an old Boedra song commonly performed during every special event or occasion all over the country. The lyrics described a precious twisted sea shell. It is believed that this particular shell is a sacred treasure, emerging from the golden and silver lake of Padmai village in China. The shell was brought by a popular merchant named Norbu Zangpo and its cost is equivalent to 108 kilograms of gold. The shell rests on the altar and was blown by a spiritual master known as Namkhai Nyingpo, a great Bhutanese saint of the Nyingpa sect of Buddhism, hailing from Bumthang district. After blowing the shell, its spiritual sound was propelled all over heaven.

 

༉  རྙིང་ཤོས་ཅིག་ཨིན་མི་ རས་ལ་རས་ཆུང་མ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ དུས་སྟོན་ག་ཅི་བཟུམ་ཅིག་ནང་ཨིན་རུང་ ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་མི་ཅིག་ཨིནམ་ད་ གླུ་གཞས་འདི་ནང་འབད་བ་ཅིན་ དུང་དཀར་གཡས་འཁྱིལ་གྱི་སྐོར་ལས་བཤད་པ་རྐྱབ་ཨིན་མས། ཏེ་གླུ་གཞས་འདི་དང་འཁྲིལ་བ་ཅིན་ དུང་དཀར་གཡས་འཁྱིལ་དེ་ རྒྱ་ནག་རྒྱལ་ཁབ་ཀྱི་གཡུས་པདྨ་ཟེར་མི་ཅིག་ནང་ཡོད་པའི་མཚོ་ནང་ལས་ ཚོང་དཔོན་ནོར་བུ་བཟང་པོ་གིས་གདན་འདྲེན་ཞུ་ཡོདཔ་ད་ དུང་དཀར་འདི་གི་རིན་གོང་འབད་བ་ཅིན་ གསེར་སྲང་བརྒྱ་དང་རྩ་བརྒྱད་ཨིནམ་སྦེ་བཤད་ནི་འདུག དུང་དཀར་བཞུགས་ས་འདི་མཆོད་གཤམ་ཁྲ་མོའི་ནང་ འཕུ་མི་བླམ་གནམ་མཁའི་སྙིང་པོ་ཨིནམ་སྦེ་འཐོན་ནི་འདུག འ་ནཱི་དུང་དཀར་འཕུ་བའི་བསྒང་ལས་ ཞིང་ཁམས་ནང་ཡང་ ཆོས་སྒྲ་གིས་ཁྱབ་ཚུགས་པའི་ནུས་པ་ཡོད་ཟེར་ མདོར་བསྡུ་བ་ཅིན་ དུང་དཀར་འདི་ རྩ་ཅན་ བྱིན་རླབས་ཅན་ཅིག་སྦེ་བརྩིཝ་ཨིན་མས།

Transcript search
No results found for this search
0 of 0
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །རྒྱ་ནག་པདྨའི་ཡུལ་ལ། །མཚོ་ལ་གསེར་མཚོ་གཡུ་མཚོ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །འདི་གི་ནང་ལས་འཐོན་པའི། །ནོར་བུ་དུང་དཀར་གཡས་འཁྱིལ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །དུང་དཀར་ང་རའི་(རང་)ཞུ་མཁན། །ཚོང་དཔོན་ནོར་བུ་བཟང་པོ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །དུང་དཀར་ང་ཡི་གོང་ཐང། །གསེར་སྲང་བརྒྱ་དང་རྩ་བརྒྱད། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །དུང་དཀར་ང་རའི་གདན་ས། །མཆོད་བཤམ་ཁྲ་མོའི་སྟེང་དུ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །དུང་དཀར་ང་རའི་(རང་)འཕུ་མཁན། །དགེ་སློང་ནམ་མཁའི་སྙིང་པོ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །དུང་དཀར་ང་ཡི་གསུང་སྐད། །སྟེང་ཕྱོགས་ལྷ་ལ་གོ་ཡོད། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  རས་ལ་རས་ཆུང་མ། །ལྷ་ཡི་བུ་དང་བུ་མོ། །ཁམས་གསང་འབྱོན་པའི་འབྱོན་གླུ། །རས་ལ་རས་ཆུང་མ། །རས་ཆུང་ཚེ་རིང་མ། །
 • གསང་བསྔགས་ཆོས་འཛོམས། Sanga Chozom
  ལགས་སོ། བཀའ་དྲིན་ཆེ་ལགས། ཧ་ཧ་ཧ་་་་།། །།