Video Overview
Lumo Tsering from Chuma village in Repgong tells the story of how a young tantric master tamed a flesh-eating demon.
བརྙན་ཐུང་འདིར་སྔགས་ཕྲུག་ཅིག་གིས་སྲིན་པོ་བཏུལ་བ་བརྗོད་ནས་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་བ་རྙེད་པ་བརྗོད་ཡོད།
སྟོད་ཉི་མ་ལྷ་ས་ནི་བོད་མི་རིགས་ཀྱི་སེམས་ཁོང་གི་ཉི་མ་ལྟ་བུ་ཡིན་ལ། བོད་པ་ཞིག་ཡིན་ཕྱིན་མི་ཚེ་གང་གི་ནང་དེ་ལ་ཐེངས་གཅིག་ཐོན་དགོས་ཀྱི་ཡོད། བརྙན་འདིའི་ནང་གི་སྔགས་པ་དེ་ཚོའང་སྟོད་ཉི་མ་ལྷ་སར་གནས་མཇལ་དུ་སོང་བ་དང་། སྟབས་མ་ལེགས་པར་ལམ་ཁ་རུ་སྲིན་པོ་ཞིག་དང་འཕྲད། རྗེས་ནས་སྲིན་པོ་དེ་སྔགས་པ་དེ་ཚོའི་དཀྱིལ་གྱི་སྔགས་ཕྲུག་ཆུང་ཆུང་ཞིག་ཡོད་པ་དེས་བཏུལ་ནས། ཁོ་ཚོས་བསམ་པར་སྲིན་པོ་དེ་བཏུལ་ཐུབ་པ་ལ་བལྟས་ན་མི་སྤྱིར་བཏང་བ་ཞིག་མིན་པས་སྔགས་ཕྲུག་ཆུང་ཆུང་དེ་ནི་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་བ་རེད་ཟེར་ནས་དེ་ལ་ཞབས་གུས་མང་པོ་བྱས་ནས་ལྷ་སར་སོང་བ་བརྗོད་ཡོད།
短片简述了一些禅师在朝圣拉萨的路上遇到妖魔,却被他们其中的一位小禅师打败了妖魔,因此也得知了小禅师是奥尖大师的化身的故事。
拉萨是每个藏族人民心目中的神圣之地,在有生之年都会去朝拜。故事中的这些禅师也带着自己信仰去拉萨朝圣,不幸在路上遇到妖魔,之后被他们其中的一位小禅师把妖魔打败了,因此他们也得知了小阐释就是奥尖大师的化身。是一段如何找到奥尖大师的化身的民间传说。
- Repgong
- Lhasa
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན།
- ས་ཆ་དེ་ན་སྔགས་པ་ངར་བ་དེའི་གྲལ་ན་སྔགས་པ་ཆུང་ཆུང་།
- རྔ་འཁུར་ནས་རྟ་ཞོན་ནས་ཁོ་ཚོ་སྟོད་ཉི་མ་ལྷ་ས་མཇལ་དུ་སོང་།
- ལྷ་ས་མཇལ་དུ་སོང་ནས་ཐག་རིང་ལ་ཉི་མ་མང་པོར་སོང་ནས།
- ཕ་རོལ་ཐག་རིང་ཞིག་ལ་སོང་ནས།
- ཉིན་ཞིག་ཁོ་ཚོ་ས་སྟོང་ཞིག་ནས་འདུག་དགོས་བྱུང་།
- ཕ་རོལ་ཞིག་ལ་སོང་ནས།
- བྲག་ཁུང་འདྲ་བའམ་ཁང་པ་འདྲ་བ་ཆེན་པོ་ཞིག་ཡོད།
- དེའི་ནང་ནས་དགོང་མོ་བསྡད།
- ཕྱི་དྲོ་ཉི་མ་ནུབ་དུས་ཤིག་ལ་ཅིག་གིས་ཤ་ཤིས་ཟེར་བ་དང་ལྟུག་སྒྲ་གྲགས་ནས།
- མི་འདྲ་བ་ཆེན་པོ་ཞིག་གིས་ར་མ་འགའ་དེད་ནས་བྲག་ཁུང་ནང་ལ་ཐོན།
- བྲག་ཁུང་དེ་ཁང་བ་འདྲ་བ་ཆེན་པོ་ཞིག་ཡིན།
- ཁོ་ཚོ་འགྲམ་དུ་གཞའ་བསྡད།
- དེའི་ནང་དུ་དགོང་མོ་ཁོ་ཚོ་ཉལ་མ་ཐུབ་པར།
- ནམ་གང་བོར་ཞང་སྒྲ་འུར་སྒྲ་གྲགས་ནས་བསྡད།
- དེ་ནས་ཡང་ནམ་ལངས་ནས་ཡོང་དུས་དང་ཉི་མ་རི་མགོར་ཤར་ནས་ཡོང་དུས།
- དེ་ཡིས་ཤ་ཤིས་ཟེར་ནས་ར་མ་འགའ་དེད་དེ་རི་མགོར་བུད་འགྲོ།
- དེའི་ཤུལ་ནས་སྲིན་པོ་ཁོ་བསྡད་སའི་གནས་དེར་སོང་ནས་བལྟས་དུས།
- མི་བསད་ནས་གོན་པ་ལ་སོགས་ག་ས་གང་དུ་འཕངས་ནས།
- མི་འཆོས་ནས་བལྟས་ན་སྐྲག་པ་ཞིག་རེད།
- དེ་ནས་ཁོ་ཚོས་འདི་འདུག་ས་ཞིག་མ་རེད་ཟེར་ནས།
- སྐྲག་ནས་བྲོས་ཏེ་ཕ་རོལ་ཞིག་ལ་སོང་ནས།
- སོང་དུས་ནང་གི་སྔགས་པ་ཆུང་ཆུང་དེས།
- ང་ཚོ་འདི་ལྟར་འགྲོ་ཉན་རྒྱུ་མ་རེད།
- གན་སྲིན་པོ་ཞིག་རེད།
- གན་ངེས་པར་དུ་བཏུལ་དགོས་རྒྱུ་རེད་ཅེས་བཤད་དེ།
- ཁོ་ཚོ་ཕ་རོལ་ལ་སོང་ནས་སྡེ་བ་ཞིག་གི་ནང་ལ་སོང་སྟེ།
- མི་འགའ་ཞིག་ཁྲིད་ནས།
- དེ་ལྟར་སོང་ནས་སྔགས་པ་ཚོ་ཕྱིར་ཁྲིད་དེ།
- རྒྱང་སྐོར་ནས་སོང་སྟེ་སྔགས་པ་མང་པོ་ཁྲིད་ནས།
- སོང་ནས་སྔགས་པ་ཚོས་ཆོས་བཏོན་ནས་བསྡད།
- ཡང་སྔགས་པ་ཆུང་ཆུང་དེས།
- འགྲམས་ནས་ཁོ་ཚོས་བལྟས་ནས་བསྡད་དུས།
- ཡང་ཕྱི་དྲོ་ཉི་མ་ནུབ་དུས་ར་མ་ཚོ་དེད་ནས་བྲག་ཁུང་ནང་ལ་སོང་།
- ནམ་གང་བོར་ཞང་སྒྲ་འུར་སྒྲ་གྲགས།
- ཕྱི་ཉིན་སྔ་མོར་ཡང་ཉི་མ་ཤར་དུས་རི་མགོར་དེད་ནས་བུད་སོང་།
- ཤུལ་ལ་བལྟས་དུས་ཡང་མི་ཚང་མ་བསད་ནས་བཞག་ཡོད།
- དེ་ནས་ཉིན་ཞིག་སྔགས་པ་ཆུང་ཆུང་དེས་ཁྱོད་ཚོ་སོང་།
- གན་ངས་ངེས་པར་དུ་བཏུལ་རྒྱུ་ཟེར།
- ཁོ་བྲག་ཁུང་ནང་ནས་འཚམ་ལ་བསྡད་ནས།
- བཏོན་པ་དང་རྔ་རྡུང་ནས་དེ་ལྟར་བསྡད།
- རོགས་པ་ཚོས་ང་ཚོས་ཀྱང་ཁྱོད་བསྐྱུར་ནས་མི་འགྲོ།
- སྒོ་ནས་བལྟ་ལ་འདུག་ཟེར་ནས་རོགས་པ་ཚོས་བལྟས་ནས་བསྡད།
- དེའི་དགོང་མོ་དེར།
- སང་ཉིན་ནངས་མོར་རི་མགོར་ཉི་མ་ཤར་ནས་ང་སྒོར་ལ་མ་བུད་ན།
- ཁོ་ཡིས་ར་མ་དེད་ནས་སྒོར་ཡོང་རྒྱུ་མེད་སོང་ན།
- ཁྱོད་ཚོ་བུད་ལ་སོང་།
- དེ་མིན་ན་ཁྱོད་ཚོ་ནང་ལ་མ་ཡོང་ཟེར།
- ཁྱོད་ཚོས་ང་བསྐྱུར་ནས་བུད་ལ་སོང་ཟེར།
- ཕྱི་དྲོ་སྲིན་པོ་དེའི་ར་མ་དེད་ནས་བྲག་ཁུང་ནང་ལ་བུད་སོང་།
- ནམ་གང་བོར་རྔ་སྐད་མ་ཆད་པ་རེད།
- དེའི་དགོང་མོར་ཞང་སྒྲ་འུར་སྒྲ་གྲགས་རྒྱུ་མེད་གི
- ནམ་གང་བོར་རྔ་རྡུང་བའི་རྔ་སྐད་མ་ཆད་ཐལ།
- ནམ་ལངས་ནས་རི་མགོར་ཉི་རྩེ་རྒྱབ་ནས་ཉི་མ་ལུང་ལ་ཤར་དུས།
- སྲིན་པོ་དེ་ར་མ་ཚོ་དེད་ནས་སྒོ་ལ་ཡོང་རྒྱུ་མེད་སོང་ནི་རེད།
- དེ་ནས་ཁོ་ཚོ་ནང་ལ་སོང་ནས་བལྟས་དུས།
- སྔགས་པ་ཆུང་ཆུང་དེས་སྲིན་པོ་བཏུལ་ནས་བཞག་ཡོད།
- སྔགས་པ་ཆུང་ཆུང་དེ་ཨོ་རྒྱན་རིན་པོ་ཆེ་ཡི་སྤྲུལ་བ་རེད་ཟེར་ནས།
- སྔགས་པ་ཚོས་སྲིན་པོ་དེ་བཏུལ་ཐུབ་ནི་ཞིག་མ་རེད།
- སྲིན་པོ་ཡི་སྲིན་ཕྲུག་ཅིག་ཤོར་སོང་ཟེར།
- སྔགས་པ་ཆུང་ཆུང་ཁྱོད་ཀྱིས་དེ་བཏུལ་ཐུབ་བཏང་ན།
- ཁྱོད་ཀྱིས་སྲིན་པོ་བཏུལ་ན་ཨོ་རྒྱན་རིན་པོ་ཆེ་ཡི་སྤྲུལ་བ་རེད་ཅེས།
- ཁོ་རྟ་ཞིག་ལ་ཞོན་ནས་གདུགས་མགོར་སྐོར་ནས།
- ཁོ་ཚོ་དེ་ལྟར་སྟོད་ཉི་མ་ལྷ་ས་ལ་མཇལ་དུ་སོང་།