20 Aug 2016
1 min 51 sec
Video Overview
Creators:
Jamyang Gyamtso
གླུ་འདི་ནི་བོད་ཀྱི་དམངས་ཁྲོད་འབྲོག་གླུ་ཞིག་ཡིན་ཏེ། འདིའི་ནང་དུ་འབྲོག་པའི་རྟ་ནོར་ལུག་གསུམ་གྱི་གནས་ཚུལ་སྒྱུ་རྩལ་གྱི་ལམ་ནས་ལེགས་པར་བརྗོད་ཡོད།
བོད་ཀྱི་དམངས་གླུ་ནི་བོད་རིགས་ཀྱི་འཚོ་བ་དངོས་དང་དེ་དག་གི་འཚོ་སྡོད་ཀྱི་འཁོར་ཡུག་མཚོན་པའི་མེ་ལོང་ཞིག་ཡིན་པ་རེད།གླུ་དབྱངས་འདི་ནི་བོད་ཀྱི་འཚོ་སྡོད་བྱེད་སྟངས་གཉིས་སུ་ཕྱེ་བའི་རོང་འབྲོག་གཉིས་ལས་འབྲོག་པའི་འཚོ་བ་མཚོན་པའི་གླུ་དབྱངས་ཤིག་རེད་དེ།འབྲོག་པའི་རྟ་ནོར་ལུག་གསུམ་དང་དེ་དག་འཚོ་ཞིང་གནས་བའི་ཡུལ་ལྗོངས་ཀྱི་བཀོད་པ་གསལ་བོར་བརྗོད་འདུག
This Tibetan pastoral folk song describes the condition of a nomad's horses, yak and sheep.
这是一首藏族牧民之歌,歌曲通过艺术手法来描述马、牦牛和牧羊等家畜的生活状况。
藏族民歌是反映藏族现实生活和生活环境的一面镜子。游牧和耕作是藏族的两种主要生活方式。这首歌展示了游牧生活,描述了马、牦牛、羊以及让这些牲畜得以生存的草原。
- སྟོབས་ལྡན།ལུག་དཀར་ཆུང་ནམ་མཁའི་སྐར་མ་རེད།།
- དེ་རྫི་བུ་བཅོ་ལྔའི་དུང་ཟླ་རེད།།
- ནོར་ནག་ཆུང་རྫ་མགོའི་ཟིལ་བ་རེད།།
- དེའི་ནོར་རྫི་འཛམ་གླིང་ཉི་མ་རེད།།
- རྟ་འདོ་ལུ་མཚོ་ཁའི་མེ་ཏོག་རེད།།
- དེའི་རྫི་བུ་མཚོ་ནང་ནོར་བུ་རེད།།