Video Overview
བོད་ཀྱི་བུད་མེད་སྙན་ངག་པ་གྲགས་ཅན་པད་མ་འཚོ་འམ་འཆི་མེད་ལགས་ནི་སྤྱི་ལོ ༡༩༦༧ ལོར་མདོ་སྨད་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་པ་དང་། སྤྱི་ལོ ༡༩༨༧ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། རེབ་གོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་བྱས་པ་དང་། སློབ་ཁྲིད་ཀྱི་ཞོར་གྱི་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་དུ་སྙན་རྩོམ་མི་ཉུང་བ་ཞིག་སྤེལ་ཞིང་། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། སྔ་རྗེས་སུ་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ཐོབ་སྟེ་སྙན་པའི་གྲགས་པ་བོད་ཁམས་ཡོངས་ལ་ཁྱབ། ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། བརྩམས་ཆོས་ལ། ཟླ་ངོགས་ཀྱི་དབྱངས་རྟ་དང་། བརྩེ་དུངས་དང་ལས་དབང་། ཁྱེད་ཀྱི་རྐང་རྗེས་སུ་འཁྱིལ་བའི་བདག་གི་རྨི་ལམ། དྲན་ཤེས་དམར་པོ་ཞིག་གི་གསང་བ། སྲོད་དུས་ཀྱི་དྲན་གཞིགས། རྒྱང་རིང་གི་ཁུ་བྱུག ཁྱེད་རང་ཕེབས་པར་དེ་འདྲའི་བྲེལ་དོན་ཅི། ངའི་སེམས་ཀྱི་བདེ་ཆེན་ཉི་ཟླ་རྫོང་། འབྲོག་ཁྱི། ང་ལ་ཁྱེད་རང་ཡོད་པས། མིང་མེད། གཙང་འགྲམ་དུ་ལུས་པའི་ཁེར་རྐྱང་གི་སེམས་པ། སེམས་ཁོང་ནས་ཡལ་བའི་བདག་གི་མེ་ཏོག རྨི་ལམ་ལྟ་བུའི་ལས་འཕྲོ། ང་དང་ངའི་ལས་དབང་། རྒྱང་རིང་གི་སྐར་མ་འོད་ཆེན། དེ་ཁྱེད་རང་ཡིན་ནམ། སྒྲོལ་མ། སྨོན་ལམ། སེམས་ཁོང་གི་ཤམ་བྷ་ལ། ཁྱེད་ད་ལྟ་གང་དུ་མཆིས། གཉོམ་ཞིང་སྙན་པའི་མཇུག་མཐའི་རོལ་དབྱངས། སྤུན་ཆུང་མ་ཞིག་གི་སེམས་གཞས་ཕྲ་མོ། འ་ཇོ་ལགས། ཁྱེད་རང་ལ་མྱུར་མོར་ཕེབས་ཤོག རྒན་གྱའི་ཐང་གི་ཉིན་ཐོ། ཆར་གྱིས་བརླན་པའི་བདག་གི་དྲན་གཞིགས། ཨ་ཅེ་སྣང་ས། དཔྱིད་ཟླ་ཐ་མར། ངས་འདི་ལྟར་དྲན། ངའི་མེ་ཏོག་ཆུང་ཆུང་ཚོ། བཅོ་ལྔའི་དུང་ཟླ། མེ་ཏོག་གངས་ལྷ། རྒྱང་རིང་ལ་བཅངས་པའི་རེ་སྒུག འབྲི་མོ། ཁྱེད་རང་བཞུད་པའི་ལོ་ཟླའི་ནང་། མཐོ་སྒང་གི་རྣམ་ཤེས་སོགས་སྙན་རྩོམ་མི་ཉུང་བ་ཞིག སྦྲང་ཆར་དང་། གངས་རྒྱན་མེ་ཏོག བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། གངས་རིའི་བུ་མོ། ཟླ་ཟེར་སོགས་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་སྤེལ་མྱོང་ཞིང་། དེའི་ཁྲོད་ཀྱི་བརྩམས་ཆོས་འགའ་རེ་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་འདུག བརྙན་ཐུང་འདི་ནི་བོད་ཀྱི་བུད་མེད་སྙན་ངག་པ་གྲགས་ཅན་རྒན་པད་མ་འཚོ་ལགས་ཀྱིས་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་གནང་བའི་འཆད་ཁྲིད་ཞིག་ཡིན་ལ། འདི་ལ་ཁྱོན་བསྡོམས་བརྙན་ཐུང་བདུན་ཡོད་པ་དང་། འཆད་ཁྲིད་འདིར་གཙོ་བོར༼ ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དང་མྱོང་ཚོར ༽ཞེས་པ་བརྗོད་སྙིང་དུ་བཟུང་སྟེ། དང་པོ། ཅི་ཞིག་ལ་གསར་རྩོམ་ཟེར་བ་དང་གསར་རྩོམ་ལ་ཞུགས་པའི་གོ་རིམ། གཉིས་པ། གསར་རྩོམ་ལ་ཞུགས་པའི་མྱོང་ཚོར། གསུམ་པ། དེང་དུས་ཀྱི་བོད་མོ་ཚོའི་རྩོམ་རིག་གི་གནས་བབས་ཀྱི་སྐོར། བཞི་པ། ཐུན་མོང་གི་བགྲོ་གླེང་བཅས་ཏེ་ཕྱོགས་གསུམ་དང་བྱ་འགུལ་གཅིག་བཅས་ཀྱིས་མཇུག་བསྡུས་ཡོད། དེ་ཡང་བརྙན་ཐུང་ཁག་གཉིས་པ་འདིར་རྩོམ་པ་པོ་རང་ཉིད་ཀྱིས་ཆེས་ཐོག་མར་དུས་དེབ་སྟེང་སྤེལ་བའི་སྙན་ངག༼བརྩེ་དུངས་དང་ལས་དབང༽ཞེས་པ་བྲིས་པའི་བརྒྱུད་རིམ་དང་ཀུན་སློང་། བྱ་དགའ་ཐོབ་ཚུལ་སོགས་བརྗོད་པ་ཡོད་པ་དང་། དེ་ནས་བཟུང་རང་ཉིད་རྩོམ་དགའ་ཞིག་ཏུ་གྱུར་ཚུལ་དང་བཟའ་ཟླའི་བཀག་རྒྱ་བྱས་ཚུལ། ཐེངས་གཉིས་ལ་བཟའ་ཐོར་བྱས་ཚུལ་སོགས་ཞིབ་པར་སྨྲས་ཏེ་རང་ཉིད་ཉམས་མྱོང་དངོས་སྦ་གསང་མེད་པར་གསོང་བོར་བརྗོད་པ་དང་། བཟའ་ཐོར་བྱས་རྗེས་ཡང་བསྐྱར་རྩོམ་རིག་གི་ལས་ལ་ཞུགས་ཚུལ་སོགས་ཞིབ་མོར་བརྗོད་ཡོད།
This is the second part of a lecture on literature by Pematso at the First Young Tibetan Women's Literature Training. It takes place in Trika, Qinghai Province.
- Triga
- ངས་ཀྱང་འབྲི་ཁ་བྱས་ནས།
- ང་མོ་ལ་ཧ་ཅང་དགའ་བ་རེད།
- ང་རྒྱ་ཡིས་བཤད་ན་མོའི་忠诚粉丝རེད།
- ངས་ཁྱོད་ཚོར་རྒྱ་ཡི་སྐད་ཆ་བཤད།
- རྒྱ་ཡི་སྐད་ཆ་འདི།
- ངས་ཀུ་རེ་བཤད།
- རྒྱ་ཡི་སྐད་ཆ་འདི་འཛིང་རེ་བྱེད་སྤྱད་ལ་བཟང་གི
- འཛིང་རེ་བྱེད་སྤྱད་ལ་ཅི་ལྟར་བཟང་ཟེར་ན།
- གནད་འགག་ལ་སྐད་ཆ་གཅིག་བཤད་ན།
- རྒྱ་ཡིས་བཤད་ན་点བྱེད་པ་རེད།
- དེ་འདྲ་ཞིག་ཨེ་རེད།
- ང་ཚོའི་སྐད་ཆ་ཅུང་ཙམ་སྙོམ་པ་འདྲ།
- ཅུང་ཙམ་སྙོམ་ཤེད་ཆེ་བ་ཨེ་རེད།
- དེ་འདྲ་ཞིག་རེད་ལ།
- རྒྱ་ཡི་སྐད་ཆ་འདི་མིའི་སེམས་ལ་འཇོག་སྤྱད་ལ་ཧ་ཅང་བཟང་གི
- དེ་འདྲ་ཞིག་རེད།
- དེ་ནས།
- འབྲི་ཁ་བྱས་ནས་ཐེངས་དང་པོར་རྩོམ་གཅིག་བྲིས་པ་ཡིན།
- རྩོམ་གཅིག་པུ་དེ།
- རང་ཉིད་ཀྱིས་དང་པོ་བརྩེ་དུང་གི་སྟེང་ནས་ཕམ་ཁ་ཉོས་ཡོད་པས།
- སྐབས་དེར་ཧ་ཅང་གིས་སེམས་ཀྱི་ནང་ལ་གནག་ནས་བསྡད་ཡོད་པ་རེད།
- ངས་བརྩེ་དུང་དང་ལས་དབང་ཞེས་པ་ཞིག་བྲིས་པ་ཡིན།
- རྩོམ་དང་པོ།
- ངའི་མི་ཚེའི་ཁྲོད་ཀྱི་རྩོམ་དང་པོ་ནི་བརྩེ་དུང་དང་ལས་དབང་།
- དེ་བྲིས་རྗེས་ཡར་མར་ལ་སྐུར་རྒྱུའི་སྤོབས་པ་མེད་ཀི
- བསྡད་བསྡད་རྗེས་གཞན་ཁ་ཤས་ལ་གང་དུ་སྐུར་དགོས་ཞེས་དྲིས་དུས།
- གཞན་ཤེས་མཁན་རྣམས་ཀྱིས།
- གངས་རྒྱན་མེ་ཏོག་ཅན་པོ།
- སྦྲང་ཆར་ཅན་པོ།
- ལྷ་ས་ཡི་བོད་ཀྱི་རྩོམ་རིག་རྒྱུ་རྩལ་ལ་སོགས་པའི་ཁ་བྱང་སྟེར།
- ཁ་བྱང་བྱིན་རྗེས།
- དང་པོ་གངས་རྒྱན་མེ་ཏོག་གི་ནང་དུ་སྐུར་བ་ཡིན།
- སྦྲང་ཆར་དང་རྩོམ་རིག་རྒྱུ་རྩལ་ལ་སྐུར་རྒྱུར་སྐྲག་པ་རེད།
- རྒྱལ་ཁབ་རིམ་པ་ཡི་རྩོམ་སྒྲིག་ཁང་དང་དུས་དེབ་ཁང་རེད་ལ།
- གངས་རྒྱན་མེ་ཏོག་ལ་མཚོན་ན་ས་གནས་ན་གཉེར་བཞིན་ཡོད།
- ཅུང་ཙམ་རིམ་པ་དམའ་བ་རེད།
- བླུན་པོ་ཨེ་རེད།
- དེ་རིང་སྐུར་ཚར་ན་སང་ཉིན་གནངས་ཉིན་ཞིག་ལ་གོ་རྒྱུ་རེད་དེ་འདྲ་འདོད།
- རྩོམ་ཡིག་གཅིག་སྐུར་ན་ལོ་གཅིག་ལ་མི་གོ་དུས་ཀྱང་ཡོད་པ་རེད།
- དེ་ཉམས་མྱོང་མེད་ཀི
- གངས་རྒྱན་མེ་ཏོག་ནང་ལ་སྐུར་ནས་ཅུང་ཙམ་འགོར་སོང་མོད་གྲག་རྒྱུ་མེད་ཀི
- ཡ་ད་་་ངའི་འདི་མ་ཐུགས་པ་རེད།
- སྦྲང་ཆར་ལ་སྐུར་བ་ཡིན།
- སྦྲང་ཆར་ལ་སྐུར་རྗེས་ཡང་གྲག་རྒྱུ་མེད་ཀི
- མ་གཞི་ནས་གྲག་རྒྱུ་མེད་ཀི
- ཡ་ད་་་ངའི་འདི་མ་ཐུགས་པ་རེད།
- ལྷ་སར་སྐུར་བ་ཡིན།
- རྩོམ་རིག་རྒྱུ་རྩལ་ཁང་དུ།
- དེར་སྐུར་རུང་གྲག་རྒྱུ་མེད་ཀི
- དེར་སྐུར་རུང་གྲག་རྒྱུ་མེད་ཀི
- གྲག་རྒྱུ་མེད་པས་་་ཡ་ད་་་དེར་ཡང་མ་དགོས་པ་རེད།
- དེ་ནས་ངའི་རྩོམ་འདི་གང་ལ་ཡང་མི་ཐུགས་པས
- ང་ཚོའི་དགེ་རྒན་ཞིག་ལ་ཁྱོད་ཁ་བྱང་གཞན་ཨེ་ཡོད་ཅེས་དྲིས་པར།
- ཁྲིམས་ལུགས་ཚགས་པར་ལ་སྐུར་དང་ཟེར།
- ཁྲིམས་ལུགས་ཚགས་པར་ལ་སྐུར་བ་ཡིན།
- ཁྲིམས་ལུགས་ཚགས་པར་ལ་སྐུར་རྗེས་ཉིན་བཅུ་ལྷག་གི་རྗེས་ནས་ཐོན་བྱུང་།
- ཁྲིམས་ལུགས་ཚགས་པར་མང་པོ་དཔར་བཞིན་ཡོད་པ་རེད།
- ཐོན་པ་རེད།
- དགའ་ནས་གཉིད་མ་ཁུག་པ་རེད།
- ཚགས་པར་ཆུང་ཆུང་དེ་རེད།
- དགོང་མོ་ཉལ་དུས་སྔས་མགོ་ལ་བསྡུས་ཡོད་པ་རེད།
- བྱིས་པའི་ཨ་མ་རེད།
- བྱིས་པ་རུམ་ལ་བཟུང་ནས་ནུ་མ་བླུད་ནས་བསྡད་ཡོད་མོད།
- དེར་བལྟས་ནས།
- དྲང་མོར་བཤད་ན་ཁྱོད་ལ་ཐུག་ནའང་བཤད་ན་འདོད་པ་རེད།
- ངས་རྩོམ་ཡིག་བྲིས་ནས་སྤེལ་ཡོད་ཅེས།
- ཁྱོད་ལ་ཐུག་ན་ཡང་བཤད་ན་འདོད་པ་རེད།
- ང་བཤད་རྒྱུའི་གོ་སྐབས་དེ་མེད་པར།
- དེ་རིང་དཔེ་བཞག་ན་མི་འགའ་ཞིག་མཉམ་དུ་འདུས་སོང་ན།
- འདུས་ནས་རྩོམ་ཞིག་གླེང་ནས་ཁ་བརྡ་ཞིག་བྱས་ན།
- རང་གི་དེ་བླངས་ནས་སྟོན་རྒྱུ་རེད།
- ངས་བྲིས་ཡོད་པ་ཨེ་རིག་ཅེས།
- ཚགས་པར་ལྡུར་ནས་བར་མཚམས་ཤིག་ལ་དུམ་བུ་དྲུག་བདུན་དུ་གྱུར་འདུག
- དུམ་བུ་དུམ་བུ་བྱས་ནས་བླངས་ན་ཆོག་གི
- ཆད་དེ་རུམ་ལ་བསྡུས་ནས།
- དགུན་ཁར་བོད་ལྭ་ཞིག་གྱོན་ཡོད།
- བོད་ལྭ།
- སློབ་མ་ཁོ་ཚོར་ཡང་ང་ལ་ཆ་རྒྱུས་ཡོད་རྒྱུ་རེད།
- མོ་ཡང་ང་ཚོ་རོང་བོ་ནང་གི་ལུང་པ་གཅིག་རེད།
- མཁའ་བྱམས་རྒྱལ་ཡང་སྔོན་ལ་ང་ཚོའི་སློབ་གྲྭའི་ནང་གི་རེད།
- དགུན་ཁར་བོད་ལྭ་གྱོན་ཡོད་པ་རེད།
- རུམ་ལ་བསྡུས་ནས་བསྡད་པ་ཡིན།
- དབྱར་ཁར་རྒྱ་ལྭ་ཞིག་གྱོན་ནས་ཁུག་མའི་ནང་དུ་བསྡུས་ནས།
- བར་མཚམས་ཤིག་ལ་ངའི་ཚགས་པར་ལྟེབ་ཡོད་མོད།
- བླངས་ན་ལག་མཐིལ་འདྲ་བོ་འདོད་པ་བླངས་ན་ཆོག་གི
- ཆད་ནས།
- སུ་ལ་ཐུག་ནའང་སྟོན་ན་འདོད་པ་རེད།
- ཁོག་ནས་དགའ་ལྷང་ལྷང་།
- ངས་རྩོམ་ཞིག་བྲིས་ནས་སྤེལ་ཡོད་ཅེས།
- དེ་འདྲའི་དགའ་སྣང་ཞིག་ཡོད།
- དེ་ཡང་རང་ཉིད་རྩོམ་དགའ་ཞིག་ཡིན་པའི་ཁྱད་ཆོག་གཅིག་རེད།
- རྩོམ་ལ་མི་དགའ་མཁན་ཞིག་ཡིན་ན་རྩོམ་ཡིག་གཅིག་བྲིས་ཚེ།
- ཨོ་་་དེ་སྤེལ་ན་སྤེལ་དང་མ་སྤེལ་ན་མ་སྤེལ་ཅེས།
- རྒྱ་སྐད་ཀྱི་无所谓རེད།
- ང་དེར་རེ་སྒུག་ཆེ་བ་དེ།
- རྩོམ་དེ་ཡོང་རག་བར་དུ་སྒུག་སྒུག་ནས།
- ཡོང་རྗེས་གཅིག་ལ་བསྟན་ནས་ཡང་གཅིག་ལ་བསྟན་ཏེ།
- རྗེས་སུ་ཚགས་པར་ལ་བལྟ་ས་མི་འགྲོ།
- དུམ་བུ་འགའ་ཡིས་ལོག་སོང་།
- ཆད་ནས་ལྡུར་སོང་།
- དུམ་བུ་དྲུག་བདུན་ཙམ་གྱིས་ལོག་སོང་།
- བདུན་བརྒྱད་ཙམ་གྱིས་ལོག་སོང་།
- དེ་ནས།
- ཉིན་ཞིག་དུས་དེབ་འགའ་ཞིག་འབྱོར་ཡོང་།
- ངའི་རྩོམ་གཅིག་པུ་དེ་རྩོམ་སྒྲིག་ཁང་གསུམ་པོས་སྤེལ་ནས་ཐོན་ཐལ།
- ཧ་ཧ་ཧ་་་
- ང་ངོ་ཚ་བྱུང་།
- རྩོམ་གཅིག་ཡར་ལ་སྐུར་ཏེ་མར་ལ་སྐུར་ནས་ཞེས་བཤད་ངེས།
- དུས་མཉམ་དུ་སྤེལ་པ་རེད།
- ཁྲིམས་ལུགས་ཚགས་པར་གྱི་སྟེང་དུ་སྤེལ་པ།
- སྦྲང་ཆར་དང་བོད་ཀྱི་རྩོམ་རིག་རྒྱུ་རྩལ།
- གངས་རྒྱན་མེ་ཏོག་གསུམ་པོ་ཡིས་ཐོན་བྱུང་།
- ཨ་ཨ་་་ངས་དེ་གཞན་ལ་གསལ་བཤད་བྱེད་ས་མི་འགྲོ།
- འགྲོ་འམ་་་མི་འགྲོ་བ་རེད།
- གཞན་རྣམས་ཀྱིས་རྩོམ་ཡིག་གཅིག་ཡར་ལ་སྐུར་ནས་མར་ལ་སྐུར་ཏེ་ཞེས་བཤད་ངེས་རེད།
- དེ་ནས་ཉིན་ཞིག་སྦྲང་ཆར་ནང་གི་ཁོ་སུ་ཞིག་ཡིན་ནམ་མི་ཤེས།
- མཁའ་འགྲོ་ཚེ་རིང་དང་བཀྲ་རྡོ་འདི་ཚོ།
- མཁའ་འགྲོ་ཚེ་རིང་ཕལ་ཆེར་ཡིན་རྒྱུ་མ་རེད།
- དེ་དུས་ཁོ་རང་ང་ལ་བལྟས་ན་ལོ་ཆུང་གི
- བཀྲ་རྡོ་དང་ང་ཚོ་ན་ཚོད་གཅིག་རེད།
- ཁོ་ཚོ་ནང་གི་སུ་ཞིག་ཡིན་པ་མི་ཤེས།
- ཁ་པར་ཡོང་ནས།
- ཁོ་ཚོས་དུས་དེབ་གཞན་གྱི་སྟེང་ནས་རིག་སོང་བ་རེད།
- ཁྱོད་ཀྱིས་རྩོམ་ཡིག་གཅིག་ཡར་མར་ཚང་མར་སྐུར་མི་ཉན་ཟེར།
- ཧ་ཧ་ཧ་་་
- ང་ལ་སྒྲིག་ལམ་བཅའ་བཞིན་འདུག
- གཞན་ལ་སྐུར་མི་ཉན།
- གང་ལ་སྐུར་ན་དེ་གཅིག་པུ་ལ་སྐུར་ནས་སྡོད་དང་།
- དེའི་སྟེང་དུ་སྤེལ་མི་ཐུབ་ན་མི་ཐུབ་པ་ཐག་གཅོད་བྱས་རྗེས་གཞན་ལ་སྐུར་ཟེར།
- ཡ་ཡ་་་ཡིན་ཡང་ངས་ཀྱང་མ་ཤེས་པ་རེད།
- ཧ་ཧ་ཧ་་་
- དེ་དུས་ང་དགེ་རྒན་རེད།
- དགེ་རྒན་ཚོའི་ཁོར་ཡུག་ན་མཚོ་སྔོན་སློབ་གསོ་མ་གཏོགས་མེད་ཀི
- དེང་སང་གི་བོད་ཀྱི་སློབ་གསོ་མ་གཏོགས་མེད་ཀི
- བོད་ཀྱི་སློབ་གསོ་འདི་ཟླ་ཟུང་དུས་དེབ་རེད།
- ཟླ་གཉིས་རེ་ནང་ནས་གངས་སྐྱ་འབབ་འབབ་བྱེད།
- རང་གིས་དེར་འདང་བརྒྱབ་ནས།
- ཡོང་རྒྱུ་མེད་ན་མ་ཐུགས་པ་རེད་སྙམ་སྟེ་གཞན་ལ་སྐུར་བས།
- དུས་མཉམ་དུ་དུས་དེབ་གསུམ་གྱི་སྟེང་དུ་ཐོན་པས།
- དོག་མི་བདེ་བར་གྱུར།
- དེ་ནས་བཟུང་རང་ལ་ཉམས་མྱོང་ཡོད་ཀི
- མི་སྐུར་ཡ་ཡ་ཞེས་བཤད་ནས་སྒྲིག་ལམ་རྩིས་ནས་བསྡད།
- དེ་ལྟར་བསྡད་པ་ཡིན།
- དེ་ནས་༡༩༩༧་ལོར།
- ངའི་རྩོམ་ཡིག་གཅིག་པུ་དེར་ང་ལ་མཚོན་ན་རྒྱ་སྐད་ཀྱི་处女作རེད།
- དེར་སྦྲང་ཆར་བྱ་དགའ་བྱིན་པ་རེད།
- སྐབས་གཉིས་པ་ཡི་སྦྲང་ཆར་བྱ་དགའ་བྱིན་པ་རེད།
- དེ་ནི་ང་དང་པོ་ཡི་མི་དེར་དགའ་རྒྱུ་མང་སོང་བས་ཡིན་རྒྱུ་རེད།
- དགའ་རྒྱུ་མང་ནས་ཚོར་བ་ངོ་མ་དེ་བྲིས་པས།
- རྩོམ་དེ་ཡག་གི་ཞེས་བྱིན་པ་ཡིན་ན་ཕལ་ཆེར་ཡིན་དགོས་རྒྱུ་རེད།
- གང་ལྟར་ཚོར་བ་ངོ་མ་དེ་བྲིས་པ་ཡིན།
- རེད་ལ།
- སྦྲང་ཆར་བྱ་དགའ་བྱིན་པ་རེད།
- སྦྲང་ཆར་བྱ་དགའ་བྱིན་དུས་ཀྱང་ངས་ཁོ་ཚོར་ཀུ་རེ་བྱས་ནས།
- དེ་དུས་བྱ་དགའ་ཡོད་རུང་།
- བྱ་དགའ་ཡིན་པའང་མ་ཤེས།
- ཉིན་ཞིག་སྒོར་ལྔ་བརྒྱ་སྐུར་ཡོང་འདུག
- དེ་དུས་ཀྱི་སྦྲང་ཆར་བྱ་དགའ།
- དེ་དུས་སྤྱིར་འཚོ་བ་ཡི་ཆུ་ཚད་ཞན་པ་རེད།
- དཔལ་འབྱོར་གྱི་ཆུ་ཚད་ཞན་པ་རེད།
- སྒོར་མོ་ལྔ་བརྒྱ་སྐུར་ཡོང་འདུག
- རྩོམ་ཡོན་ཡིན་ནམ་བསམ་ན་རྩོམ་ཡོན་ལ་སྒོར་ལྔ་བརྒྱ་ཡི་དཔེ་མེད་ཀི
- རྩོམ་ཡོན་སྒོར་མོ་ཉི་ཤུ་སུམ་ཅུ་མ་གཏོགས་མེད་ཀི
- རྩོམ་མ་སྐུར་ན་སྒོར་ལྔ་བརྒྱ་འདི་ཅི་ཞིག་ཡིན་ནམ་བསམ་ནས།
- ད་དུང་ང་ལ་རོགས་པ་ཚོས་ཀུ་རེ་བྱས་ནས།
- ངས་རྩོམ་མ་སྐུར་ན་ཡང་རྩོམ་ཡོན་ཐོན་འདུག་ཟེར།
- ཧ་ཧ་་་
- ངས་རྩོམ་ཡིག་མ་སྐུར་ནའང་ང་ལ་རྩོམ་ཡོན་སྐུར་འདུག་ཅེས།
- ཁ་ཚོས་ང་ལ་ཀུ་རེ་བྱས།
- དེ་འདྲ་ཞིག་གིས་ལོག་ཐལ།
- སྒོར་མོ་ལྔ་བརྒྱ་འདི་ཅི་ཞིག་ཡིན་ནམ།
- སྦྲང་ཆར་ལས་སྐུར་བ་རེད།
- འདི་ཅི་ཞིག་ཡིན་ནམ་འདོད་དེ་མ་ཤེས་པ་རེད།
- ཁོ་ཚོས་ང་ལ་ཁ་པར་ཡང་མི་ཡོང་གི
- བདེན་པ་ཡིན།
- ཁ་པར་ཡང་མི་ཡོང་གི
- དེང་སང་སྦྲང་རྩོམ་ཡིག་གི་བྱ་དགའ་བྱིན་ན་ཚོགས་འདུ་གཟབ་རྒྱས་བསྡུས་ནས།
- གཉེན་བཤད་ལ་སོགས་པ་འདིའི་སྟེང་ན་ཕྱིར་དྲིལ་སྒྲོག་བྱས་ནས།
- ངའི་སྐབས་སུ་བྱ་དགའ་ཐོབ་སོང་ཞེས་བཤད་མཁན་ཡང་མེད།
- སྒོར་མོ་ལྔ་བརྒྱ་བོ་དེ་ཅིའི་ཕྱིར་ཡིན་ནམ་ཞེས།
- སྒོར་མོ་ལྔ་བརྒྱ་བོ་དེ་དུས་མང་པོ་ཞིག་རེད།
- ང་ལ་ཟླ་ཕོགས་སྒོར་ཉིས་བརྒྱ་སུམ་བརྒྱ་མ་གཏོགས་འབབ་ཀྱིན་མེད།
- ལྔ་བརྒྱ་སྐུར་ཡོང་བ་དེར་དགའ་བྱུང་།
- རང་གིས་འཆར་གཞི་བཟོས་ནས།
- འདི་བཀོལ་སྤྱོད་བྱེད་ཆོག་གམ་མི་ཆོག་སྙམ་ནས།
- འདི་ཅི་ཞིག་ཡིན་ནམ་འདོད་དེ་བསྡད།
- དེ་ནས་ཉིན་འགའ་འགོར་དུས་ཡང་གཅིག་ཡོང་འདུག་ཟེར།
- གཅིག་བལྟས་དུས་གཟི་བརྗིད་དཔང་ཡིག
- རྒྱ་ཡིས་བཤད་ན་荣誉证书རེད།
- དེ་འདྲ་ཆེན་པོ་ཞིག་ཡོད་ཀི
- འདི་འདྲ་ཞིག་སྐུར་འདུག
- གཅིག་བལྟས་དུས།
- བརྩེ་དུང་དང་ལས་དབང་ཞེས་པ་དེར་སྐབས་གཉིས་པའི་སྦྲང་ཆར་བྱ་དགའ་ཐོབ་སོང་ཞེས།
- ཐམ་ཀ་དང་བཅས་པ་མནན་ནས།
- དགའ་བྱུང་།
- དེ་དུས་ད་གཟོད་སྦྲང་ཆར་བྱ་དགའ་ཐོབ་པ་ཤེས།
- དེ་དུས་བར་དུ་བརྡ་རྒྱག་མཁན་ཡང་མེད་ཀི
- མ་ཤེས་པ་རེད།
- ངའི་རྩོམ་དེར་ཐོབ་སོང་བ་རེད།
- དེ་ཡིན་ན།
- དེ་དུས་ཚོགས་འདུ་ཞིག་གི་སྟེང་ནས་ཀྱང་ངས་བཤད་མྱོང་།
- སྦྲང་ཆར་བྱ་དགའ་དེ་ང་ལ་བྱིན་པ།
- ཁོ་ཚོས་ཀྱང་ང་ལ་དེ་ཁྱོད་ལ་འབབ་ཀི
- ཁྱོད་ཀྱི་རྩོམ་ཡིག་འདི་ལ་སྦྲང་ཆར་བྱ་དགའ་འབབ་ཀི
- སྦྲང་ཆར་བྱ་དགའ་འདི་རྩོམ་གྱི་ནང་གི་རྩེ་གྲས་ལ་སྟེར་དགོས་པ་རེད།
- དེ་ལྟར་འབབ་ཀི་ཞེས་བྱིན་པ་མིན།
- སྦྲང་ཆར་རྩོམ་སྒྲིག་ཁང་གི་མི་ཡང་ཡོད་ཀི
- ངས་ཀྱང་ང་ལ་རྩོམ་ཡིག་བྱ་དགའ་འདི་ཐོབ་ཆོག་ཆོག་ཡིན།
- ང་ལ་བྱ་དགའ་འདི་ཐོབ་ཏེ་ངས་བླངས་ན་ཆོག
- དེའི་བསམ་བློ་དེ་ང་ཡང་མེད།
- དེ་ཅིའི་ཕྱིར་ཞེ་ན།
- སྐབས་དེ་དུས་ཁྱོད་ཚོས་ང་བེད་སྤྱོད་བཏང་བ་རེད།
- ཅིའི་ཕྱིར་ཞེ་ན།
- བུ་མོ་ཆ་ཅིག་གིས་འབྲི་བཞིན་ཡོད།
- ང་ཚོའི་ནང་ནས་ང་ལ་བྱིན་ན།
- ཡང་བྱ་དགའ་དེ།
- ང་ཚོས་རྩོམ་འབྲི་བ་མཐའ་གཅིག་ཏུ་བྱ་དགའ་ཡི་ཆེད་དུ་མིན་མོད།
- བྱ་དགའ་འདི་ཡང་དགོས་ས་ཡོད་ཀི
- ང་ཚོར་བཤད་རྒྱུ་ཞིག་ཡོད་པ།
- ངོ་བསྟོད་ཅིག་དགོས་ན་དཀོན་མཆོག་གསུམ་ལ་བཟང་གི་ཟེར་ན་དགའ་ཞེས།
- ང་ཚོར་ངོ་བསྟོད་དེ་དགོས་པ་རེད།
- ཨེ་རེད།
- བླ་བཙག་དཔྱི་རྡུང་དེ་དགོས་པ་ཞིག་ཡིན།
- དགྲ་མི་ཐུབ་སེམས་པ་གསོ་སྤྱད་ཅིག་ཡིན།
- དགྲ་མི་ཐུབ་ནའང་སེམས་པ་གསོ་སྤྱད་ཅིག་ཡིན།
- ངོ་དགའ་ངོ་རིག་འདི་དགོས་པ་ཞིག་ཡིན།
- རྒྱུ་མི་ཤོར་མི་ངོ་ལེན་སྤྱད་ཅིག་ཡིན་ཟེར་བ།
- དེར་འགྲོ་སོང་མེད།
- ཁ་ཡག་ངོ་དགའ་དེར་རེད་ལ།
- དེ་ལྟར་བྱས་ནས།
- བྱ་དགའ་ཞིག་བྱིན་ན་རང་ཉིད་དགའ།
- དེ་ནས་ངས་ཁོ་ཚོར་དེ་ལྟར་བཤད་པ་ཡིན།
- ཁྱོད་ཚོས་ཀྱང་ང་ལ་བྱ་དགའ་འདི་འབབ་ཀི་འདོད་དེ་བྱིན་པ་མ་རེད།
- ངས་ཀྱང་ང་ལ་ཐོབ་ན་ཆོག་གི་ཞེས་པའི་དོན་མིན།
- ཁྱོད་ཚོས་ང་བེད་སྤྱོད་བཏང་བ་རེད།
- ང་ལ་བྱ་དགའ་བྱིན་ན།
- བུ་མོ་མང་པོ་ཞིག་གིས་རེ་བ་ཡོད་ཀི་བསམ་ནས།
- བུད་མེད་ཚོར་ཡང་བྱ་དགའ་ལེན་རྒྱུའི་གོ་སྐབས་དེ་རེག་ཐུབ་ཀི
- དེ་ན་འབྲི་ཞེས་མི་མང་པོ་ཞིག་རྩོམ་རིག་གི་ཕྱོགས་ལ་མོས་པ་སྐྱེད་སྲིང་བྱེད་ཐུབ།
- དེ་འགྲིག་གི
- དེ་འགྲིག་གི
- ཁོག་ནས་བཤད་ན་རང་ཉིད་ཀྱང་དགའ་ལོས་དགའ།
- དགའ་མོད་ཕྱོགས་གཅིག་ནས་ངོ་ཡང་གནོང་།
- ངོ་མས་བཤད་པ་ཡིན།
- ངའི་རྩོམ་དེར་བྱ་དགའ་ཐོབ་འོས་སམ་མི་འོས་དེ་ངའི་སེམས་ན་ཡོད་ཀི
- བསམ་བློ་ཡི་ཆ་ནས།
- སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས།
- གང་གི་སྟེང་ནས་ཀྱང་བྱ་དགའ་འབབ་པའི་རྩོམ་བརྗིད་ཁོག་ཅན་ཞིག་མ་རེད།
- དེ་བས་ང་ངོ་གནོང་བྱུང་།
- ཡང་བྱ་དགའ་བྱིན་ཐལ་བསམ་ནས་དགའ་བ་རེད།
- སྦྲང་ཆར་བྱ་དགའ་བྱིན་པ་རེད་ཅེས།
- ཨ་་་བུ་མོ་ཞིག་ལ་སྦྲང་ཆར་བྱ་དགའ་བྱིན་པ་རེད་ཅེས།
- བུ་མོའི་ནང་གི་དང་པོ་རེད།
- སྦྲང་ཆར་བྱ་དགའ་བྱིན་པ་དང་པོ་རེད་ཅེས།
- སྐབས་དེར་སྔ་བས་སྐབས་གཉིས་པ་ཡི་བྱ་དགའ་རེད།
- དགའ་ནས་དེ་ལྟར་བྱས།
- དེ་ལྟར་བྱས་ནས་ཡོང་སྟེ་འབྲི་མགོ་བརྩམས།
- རྩོམ་འབྲི་ཁ་བྱས།
- རྩོམ་འབྲི་ཁ་བྱས་ནས།
- རང་ལ་བྱིས་པ་ཡོད་ཀི
- བྱ་བ་དགེ་རྒན་གྱི་བྱ་བ་རེད།
- དགེ་རྒན་གྱི་བྱ་བ་འདི་བྱ་བ་ཅུང་བྲེལ་བ་ཆེ།
- ཁྱོད་ཚོའི་ནང་ན་དགེ་རྒན་འགའ་རེ་ཡོད་ཀི
- དབྱར་གནང་དགུན་གནང་ལ་ཡུལ་ན་ལས་ཀ་ཡོད་ཀི
- ཕན་ཆད་ནས་ཧ་ཅང་གིས་བྱ་བ་ལྗིད་མོ་རེད།
- རང་གིས་ཟུར་ནས་རང་གི་ལས་ཀ་ཏག་ཏག་སྒྲུབ་ན་སློབ་མ་ཚོར་འཐུས་ཤོར་བྱུང་ཡོད་པ་རེད།
- སློབ་མ་ཚོར་འཐུར་ཤོར་བྱུང་མི་ཉན་གི
- རང་གི་བྱིས་པ་གཅིག་པུ་བརླག་ན་མི་འདོད་ཀི
- བྱིས་པ་དྲུག་ཅུ་བདུན་ཅུ་བརླག་ན་འདོད་དམ།
- ཕ་མ་དེ་འདྲ་མང་པོས་ང་ཚོ་ལག་ལ་བལྟས་ཡོད་པ་རེད།
- དེ་ན་གཉིས་ཀ་མི་ཐུབ་ཀི
- དེའི་གསེང་དེར་བཟའ་ཚང་གི་བར་ལའང་འགལ་བ་བྱུང་བའི་མགོ་བརྩམས་བྱུང་།
- བཟའ་ཚང་གིས་ཀྱང་ཕྱོགས་ཡོངས་ནས་རྩོམ་ཡིག་དེར་ཐེ་གཏོགས་བྱས་ནས།
- བུད་མེད་ཅིག་གིས་དཔེ་ཆ་ལ་ཅི་ཞིག་བལྟ།
- བུད་མེད་ཅིག་གིས་རྩོམ་ཡིག་ཅི་ཞིག་འབྲི།
- དེ་ལྟར་མི་འགྲིག་པ་དང་དམག་འཁྲུག་གི་མགོ་འདྲ་བོ་བརྩམས་བྱུང་།
- དམག་འཁྲུག་གི་མགོ་བརྩམས་པ་རེད།
- རྩོམ་གཅིག་ཀྱང་འབྲི་རུ་མི་འཇུག
- དཔེ་ཆར་ཡང་བལྟ་རུ་མི་འཇུག
- དཔེ་ཆ་ཞིག་ལ་བལྟས་ནས་བསྡད་པ་ཡིན།
- དཔེ་ཆ་བླངས་ནས་རྒྱང་བྱུང་།
- དྲ་མའི་ནང་ནས་རྒྱང་།
- ཁྱོད་བུད་མེད་ཅིག་གིས་བྱིས་པ་སྙོར་ནས་ང་ལ་ཟ་མ་བསྐོལ་བ་དང་ངའི་གོན་པ་བཀྲུས་པ།
- དེ་ལྟར་བྱས་ན་ཆོག་པ་རེད།
- ཁྱོད་ཀྱི་ཕོ་བ་ངས་རྒྱག་པར་བྱེད།
- ཁྱོད་ཀྱི་རྒྱབ་ངས་དྲོ་བར་བྱེད།
- བུད་མེད་ཚོ་དེ་རེད།
- རྒྱ་ལ་གཏམ་དཔེ་ཞིག་ཡོད་པ་女子无才便是德ཟེར་བ།
- ཨེ་རེད།
- དེ་ལྟར་བཤད་པས་བུད་མེད་ལ་ཤེས་བྱ་ཡོད་ན་མི་བཟང་།
- དེ་ལྟར་བཤད།
- དེ་ཡིན་ན་ང་ལ་ལྷག་ཏུ་ཤེས་བྱ་ཡོད་པ་མིན་མོད།
- རང་གི་དགའ་བ་དེ་ཡང་དང་བསྐྱར་དུ་བཅོམ།
- ཆང་སྐྱ་རྣམས་ལ་ཆང་མ་བྱིན་ན་སྙིང་མགོར་ཐུག་པ་རེད།
- དེ་མི་ཐུབ་པ་རེད།
- དེ་དང་གཉིས་ཀ་གནས་ལུགས་གཅིག་རེད།
- རྩོམ་འགོག་རྒྱུ་ཟེར་ན་ངའི་སྙིང་མགོར་ཐུག་གི
- དེ་ནས་མི་འགྲིག་གི
- ཧ་ཅང་མི་འགྲིག་གི
- མ་འགྲིག་པ་རེད།
- དེའི་སྟེང་དུ་རྗེས་སུ་གཅིག་གིས་གཅིག་ལ་ཡིད་ཆེས་ཀྱང་མི་བྱེད་པ།
- བཟའ་ཚང་དེ་འགྲིག་རྒྱུའི་རྨང་གཞི་གཙོ་བོ་ཕན་ཚུན་གྱི་ཡིད་ཆེས་རེད།
- ཁྱོད་ཀྱིས་ང་ཁྱོད་ལ་འདང་ཡོད་པ་དང་།
- ཁྱོད་མེད་ན་ཟ་མི་ཐུབ་པ་དང་འཐུང་མི་ཐུབ།
- དེ་དགོས་པ་མ་རེད།
- ཁྱོད་གཉིས་ཀྱི་འགན་ཁུར་ཅི་ཞིག་རེད་ཅེ་ན་འཁོར་བ་སྐྱོང་རྒྱུ་དེ་རེད།
- ཕན་ཚུན་ཡིད་ཆེས་ནས་བསྡད་ན་ཆོག་པ་རེད།
- ཨོ་ལེད་་་ཡིད་ཆེས་དེ་མེད་ཀི།
- ཆེས་མ་མཐའ་ཡང་དགོས་པའི་ཆེས་རྨང་གཞི་ཡི་ཡིད་ཆེས་དེ་ཤོར་ཐལ།
- ཡིད་ཆེས་དེ་ཤོར་སོང་བས་རིམ་པ་བཞིན་དུ་བཀོད་པ་མེད་སོང་།
- སེམས་སུ་མར་དྲན་གི
- ལོ་ཡང་ཆུང་བ་རེད།
- བཟའ་ཚང་ཐོར་ན་གཞུག་སྡུག་ཡོད་མེད་ལ་འདང་མ་བརྒྱབ།
- དེ་བས་ཐོར་སོང་བ་རེད།
- བཟའ་ཚང་ཐོར་སོང་བ་རེད།
- ཐོར་སོང་ན་ཅི་ཟེར་དགོས་པ་རེད།
- རང་གི་སེམས་ལ་བཟའ་ཚང་ཐོར་ཐལ།
- བཟའ་ཚང་འདི་ཐོར་བ་ཡིས་རང་གིས་རང་ལ་བཅིང་འགྲོལ་བཏང་བ་རེད།
- དེ་ཡིན་ན་རྩོམ་ཡང་བྲིས་ནས་དཔེ་ཆ་ལ་ཡང་བལྟ་དགོས་རྒྱུ་རེད།
- ཡང་བསྐྱར་བཟའ་ཚང་ཡང་མི་སྒྲིག
- གཅིག་ལ་མི་སྒྲིག་འདོད་དེ་བསྡད་པ་ཡིན།
- དེ་འདོད་དེ་འབྲི་ཁ་བྱས་ནས།
- བར་དེར་ངས་བྲིས་པ་ཡིན།
- དགུ་བཅུ་གོ་ལྔ་གོ་དྲུག་གི་བར་དེར་བལྟས་ན།
- ངའི་རྩོམ་མང་པོ་དེའི་ནང་གི་ཡིན།
- དེའི་བར་དེར་ལོ་གཅིག་ལ་དུས་དེབ་ཀྱི་སྟེང་དུ་རྩོམ་དྲུག་རེ་བདུན་རེ་ཡོང་བཞིན་འདུག
- ལྷོ་ཁ་ན་ཡང་ཡོང་བཞིན་ཡོད།
- སྦྲང་ཆར་ནང་གི་རྩོམ་གཉིས།
- གངས་རྒྱན་མེ་ཏོག་གི་རྩོམ་གཉིས།
- ལྷ་ས་ཡི་རྩོམ་རིག་རྒྱུ་རྩལ་གྱི་རྩོམ་གཉིས།
- དེའི་འཕྲོ་ནས་ལྷོ་ཁ་ཡི་དེ་བུད་ཡོང་ན།
- དེ་རྒྱུན་བརྐྱངས་ཡོད་ན་ལོ་ཉི་ཤུ་ཡི་རིང་ལ་རྩོམ་གང་ལ་ཆུད་དམ།
- མང་བ་རེད།
- ཨེ་རེད།
- ཡིན་ཡང་དེ་ལྟར་བྲིས་ནས་ཡོང་སྟེ།
- སྔོན་གྱི་དམ་བཅའ་ལྟར་དུ་མི་འདུག་གི
- ཡང་གཅིག་ལ་དགའ་བྱུང་།
- ལོ་ཆུང་གི་རེད་ལ།
- ཡང་གཅིག་ལ་དགའ་བྱུང་།
- ཡང་དེ་ལྟར་བཟའ་ཚང་ཞིག་སྒྲིག
- སྒྲིག་དུས་སྔོན་གྱི་ཉམས་མྱོང་བཤད་དེ།
- སྔོན་གྱི་དེ་ཡིས་རྩོམ་འབྲི་བ་འདི་བཀག་པ་རེད།
- ཁྱོད་ཀྱིས་ང་བཀག་ན་མི་ཆོག
- དངོས་གནས་མི་འགོག
- དེ་འགོག་དགོས་དོན་ཡོད་པ་མ་རེད།
- དེ་བྲིས་ན་བཟང་གི་ཟེར།
- དེ་ལྟར་སྒྲིག་པ་རེད།
- སྒྲིག་ནས་བྱིས་པ་བུ་ཕྲུག་ཡོད་རྗེས།
- སྔོན་གྱི་དེར་བལྟས་ན་ཡང་མཐིལ།
- ཧ་ཧ་་་
- སྤོ་ཐོ་འགྲེ་ལོག་བརྒྱབ་ཀྱིན་བརྒྱབ་ཀྱིན་ཇེ་ཆུང་རེད་ཅེས་པ་ངོ་མ་རེད།
- སྤོ་ཐོ་འགྲེ་ལོག་བརྒྱབ་ཀྱིན་བརྒྱབ་ཀྱིན་ཇེ་ཆུང་རེད་ཅེས་པ་ངོ་མ་རེད།
- གོམ་པ་དང་པོ་འཆུག་སོང་ན་རྗེས་མར་ཇེ་བཙོག་ཇེ་བཙོག་རེད།
- དེར་བལྟས་ན་ཡང་མཐིལ།
- ཐ་ན་གཞན་ཞིག་གིས་རྩོམ་ཡིག་ཅིག་དགོས་ཞེས་ཁ་པར་བཏང་ན།
- ངས་བླ་བཙག་པ་མིན།
- བླ་བཙག་ན་འགྲིག་པ་མ་རེད་དེ་ངའི་བྱིས་པ་ཞིག་གི་ཨ་ཕ་རེད།
- ངའི་ལོ་བཅུ་ལྷག་གི་བཟའ་ཚང་རེད།
- བླ་བཙག་ན་ཁ་རྒྱབ་གཏོད།
- དང་པོ་ངས་དེ་མིག་གིས་མ་རིག་ཅི་རིག་བྱས་ནས་བཟའ་ཚང་བཅོས་པ་རེད།
- ཨེ་རེད།
- རྗེས་སུ་མ་འགྲིག་མོད་བླ་བཙག་དགོས་དོན་མེད་མོད་ངོ་མ་དེ་བཤད་དགོས་རྒྱུ་རེད།
- ཐ་ན་གཞན་ཞིག་གིས་རྩོམ་ཞིག་དགོས་ཞེས་ཁ་པར་ཡོང་ན།
- ང་འདི་ནས་ཁ་པར་བླངས་ནས་ཁ་བརྡ་བྱས་ན་ཁོས་གན་ན་ཁ་པར་བསྡུས་ནས།
- རྒྱ་སྐད་ཀྱི་分机འཐེན་ཡོད་པ་རེད།
- དེའི་སྟེང་དུ་ཉན་ཡོད་པ་རེད།
- དེ་བས་ཁ་པར་ལ་སོགས་པ་བཏང་ན་ཡང་།
- ཨང་གྲངས་ཆ་མེད་དང་ས་ཕྱོགས་གཞན་ནས་ཡོང་འདི་སུ་རེད་ཅི་རེད་ཅེས།
- མི་གཞན་རྩོམ་ཡིག་སློང་བར་ཡོང་ན་ངས་དེ་ལ་ཁ་བརྡ་བྱེད་དུས་ཁོས་རྩིབ་ནས་ཉན་ཏེ་འདུག
- ཁྱོད་ཕར་ལ་སོང་ནས་སྡོད་དང་ཁྱོད་ལ་འདི་ན་ཁ་བརྡ་མེད་ཀི་ཞེས་བཤད་པ་ཡིན།
- ངེད་གཉིས་ཀྱི་ཁ་བརྡ་བྱས་ན་ཁོ་རྩིབ་ཏུ་ཡོང་ནས་འདུག་རྒྱུ་རེད།
- དེ་བས་ང་མི་བདེ་བར་གྱུར།
- དེ་རིང་ཕར་ན་ཚོགས་འདུ་ཞིག་ཡོད་ནས་འགྲོ་རྒྱུ་ནའང་།
- ང་ཚོགས་ར་ནང་ནས་བསྡད་ན་ཁོས་སྒོ་ན་སྒུག་ཡོད་པ་རེད།
- ཧ་ཧ་་་
- དེ་ལྟར་བྱས་ན་ང་མི་ཚའམ།
- རེད་ལ།
- ཡིད་ཆེས་དགོས་པ་རེད།
- ཡིད་ཆེས་དེ་ཡོད་ན་ཁྱོད་ཀྱིས་ང་གང་དུ་འགྲོ་ན་འགྲོ་རུ་བཅུག
- རྟ་བོ་རྒྱང་རིང་ལ་སོང་ཡང་།
- སྲབ་མདའ་ལག་ཟུང་ནས་མ་ཤོར་ཞེས་པ།
- ཁྱོད་ཀྱིས་ང་གང་དུ་འགྲོ་ན་འགྲོ་རུ་བཅུག
- ཁྱོད་ཀྱིས་ངའི་སྲབ་མདའ་མ་བཏང་ན་དེ་རེད།
- རེད་ལ།
- སྲབ་མདའ་མ་བཏང་ན་དེ་རེད།
- ཡིན་ཡང་དེ་ལྟར་མ་བྱས་པར།
- མཐའ་གཅིག་ཏུ་ནང་དུ་འཇུག་རྒྱུ་བྱས་ན་ང་ལ་དངོས་གནས།
- དངོས་གནས་ཕྱིར་ངོ་རྒོལ་གྱི་བསམ་བློ་དེ་ཡོད་ཀི
- རྒྱ་སྐད་གྱི་逆反心理་དང་叛逆心理དེ་ཧ་ཅང་གིས་ཡོད་ཀི
- དེ་ནས་མར་དྲན་པ་རེད།
- ཁྱོད་ཀྱིས་ང་ལ་འདི་བྱས་ན་ངས་ཀྱང་ཁྱོད་ལ་འདི་བྱེད།
- ཁྱོད་ཀྱིས་ང་ལ་འདི་བྱས་ན་འདི་བྱེད།
- མི་འགྲིག་གི
- དངོས་གནས་མི་འགྲིག་གི
- དེའི་འཕྲོར་ནས་ཅི་ཞིག་རེད་ཟེར་ན།
- དཀར་ཡོལ་ཡང་འདྲ་རྒྱུ་མ་རེད།
- དཀར་ཡོལ་འདི་ལ་གས་ཆག་ཤོར་མེད་དུས་ཐང་ལ་ལྷུང་ན་ཆག་སླ་མོ་མ་རེད།
- སེར་ཀ་ཡོད་པའི་དཀར་ཡོལ་དེ་ཐང་ལ་ལྷུང་ན་ཆག་སླ་མོ་རེད།
- འཚོ་བ་ཡང་དེ་དང་འདྲ་མཚུངས་རེད།
- ང་མཚོན་ན་འཚོ་བ་གས་ཆག་ཤོར་སོང་བ་རེད།
- ཐེངས་གཉིས་པར་ཧ་ཅང་ཆག་སླ་མོ་རེད།
- ཐོར་རྒྱུ་དེ་ཅང་ལ་མི་བརྩི་བ་རེད།
- སེམས་སུ་མར་དྲན་རུང་ལོ་བཅུ་ལྷག་ལ་འབད་པ་བྱས་ནས་བུད་སོང་།
- རྗེས་སུ་རིམ་བཞིན་ཅི་ཟེར་དགོས་པ་རེད།
- རང་ཉིད་ཀྱི་འགལ་བ་དེ་རིམ་བཞིན་ཁྱིམ་ཚང་གི་འགལ་བ་རུ་ཡང་ལོག་འགྲོ།
- རིམ་བཞིན་ལོ་འགོར་བཞིན་འགོར་བཞིན།
- བཀོད་པ་མེད་མས་ཡང་བསྐྱར་ཐོར་སོང་བ་རེད།
- ང་ཁྱོད་ཚོར་བཤད་རྒྱུ་ཞིག་ཡོད
- གཉིས་ཐོར་སོང་བ་རེད།
- ང་ལ་ཁྱོད་ཚོར་བཤད་རྒྱུ་ཞིག་ཡོད།
- ངས་འདི་བཤད་པ་ནི།
- འཚོ་བའི་ནང་རང་ཉིད་བརྒྱུད་པའི་མྱོང་བ་དངོས་དེ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད།
- ངས་འདི་བཟང་ཞིག་རེད་ཅེས་རྩ་བ་ནས་བཤད་ཀྱིན་མེད།
- བཟང་ཞིག་རེད་ཅེས་རྩ་བ་ནས་བཤད་ཀྱིན་མེད།
- ཁྱོད་ཚོས་ཁྱོད་ཐོར་སོང་ན་བཤད་རྒྱུ་ཞིག་ཡོད་ཀི།
- ཐོར་སོང་ན་ཡང་གྲལ་མགོ་ནས་བཤད་དེ་ཞེས་ཟེར་ན་ཐང་།
- ངས་ཁྱོད་ཚོ་ལ་མྱོང་བ་དེ་ངོ་སྤྲོད་བྱེད་བཞིན་ཡོད།
- ཁྱོད་ཚོར་ངའི་འདིའི་ནང་ན་ཕལ་ཆེར་ལེན་རྒྱུ་ཡོད་རྒྱུ་རེད།
- ཕྱོགས་ཡོངས་ནས།
- རེད་ལ།
- ལེན་རྒྱུ་ཡོད་རྒྱུ་རེད།
- ངས་དེ་བཤད་པ་ཡིན།
- ངས་རྒྱལ་ཁ་བླངས་ས་ཡང་ཡོད་རྒྱུ་རེད།
- ང་ལ་ཕམ་ཁ་ཡོད་ས་ཡང་ཡོད་རྒྱུ་རེད།
- ཕྱོགས་ཡོངས་ནས་ཁྱོད་ཚོས་དེར་རྒྱུས་ལོན་ཞིག་བྱས་ནས།
- ལེན་རྒྱུ་ཡོད་ན་བླངས་ན་བཟང་གི
- ང་དེ་ངོ་སྤྲོད་བྱས་པ་ཡིན།
- དེ་ནས་བཀོད་པ་མེད་སོང་།
- དེ་བས་ལོ་བཅུ་ལྷག་གི་རིང་ལ་ངས་གསང་བའི་སྒོ་ནས་རྩོམ་བྲིས་ཏེ།
- ཉར་ཚགས་བྱས་ནས་བསྡད་མོད།
- དུས་དེབ་ཀྱི་སྟེང་དུ་གཅིག་ཀྱང་སྤེལ་མ་ཐུབ།
- ཁོ་རང་རྩོམ་རིག་ལ་མི་དགའ་མཁན་ཞིག་ཡིན།
- རྩོམ་རིག་ལ་དགའ་བ་མ་རེད།
- བཙུན་མོ་ཡག་གིས་ཤེས་པ་རེད།
- རྒྱ་ཡི་འཛིན་གྲྭ་ནས་བཏོན་ཏེ་རྒྱ་ཡིག་རྒྱ་སྐད་ལ་བཟང་གི
- བོད་ཡིག་ཡག་པོ་ཤེས་བ་མ་རེད།
- ང་ལ་བཀག་འགོག་དང་ཐེ་གཏོགས་བྱེད་པའི་ཆེད་དུ་དུས་དེབ་ལ་ཡང་དགའ་བྱུང་།
- དུས་དེབ་ཉོས་ནས་ཡོང་སྟེ་ངའི་རྩོམ་ནང་དུ་ཨེ་ཡོད་བལྟས།
- རྩོམ་ཡིག་ལ་དགའ་བ་མ་རེད།
- ཁྱོད་ཀྱིས་ཕུག་ནས་བྲིས་འདུག་ཅེས།
- བོད་ཡིག་ལ་དགའ་བ་མ་རེད་མོད་རིམ་བཞིན་དུས་དེབ་ལ་ལྟ་བར་དགའ་བྱུང་།
- བཟང་བོ་དྲན་ནས་བཟང་སེམས་ཀྱི་དགའ་བ་མིན་མོད།
- ངའི་རྗེས་དེ་གསལ་བོ་བྱེད་ཆེད།
- ང་ལ་བཀག་སྡོམ་བྱེད་པ་དེ་ཇེ་དམ་དུ་གཏོང་བའི་ཆེད་དུ་རེད།
- དུས་དེབ་ལ་སོགས་པ་ཉོས་ནས་བལྟས་ཏེ།
- ཁ་སང་སྦྲང་ཆར་ཞིག་གི་སྟེང་དུ་གཅིག་ཡོད་ཀི
- ནང་གི་ཚིག་འགའ་རེ་བཅད་ཡོང་ནས་ཁྱོད་ཀྱིས་དེ་སུ་ལ་བྲིས་པ་ཡིན།
- སུ་ལ་བཤད་པ་ཡིན་ཞེས།
- ཁྱོད་ཀྱིས་དེ་སུ་ལ་བཤད་པ་ཡིན།
- ཁྱོད་ཀྱིས་ད་དུང་སྔོན་མ་ཞིག་བརྗེད་མེད་དམ།
- ངས་སྔོན་མ་ཞིག་མ་བརྗེད་ན་ངས་ཁྱོད་ལ་བཟའ་ཚང་བཅའ་འམ།
- ང་ཁྱོད་ཀྱི་བྱིས་པའི་ཨ་མ་རེད།
- འཚོ་བ་ཡི་གོ་རིམ་ཞིག་རེད།
- འཚོ་བ་ཡི་ལམ་ཞིག་ལ་མཚོན་ན།
- ང་འདི་ནས་ལམ་ན་འགྲོ་དུས་ལག་སྐྱོར་འཁོར་ལོ་ལ་ཡང་ཐུག་རྒྱུ་རེད།
- རླངས་འཁོར་ལ་ཡང་ཐུག་རྒྱུ་རེད།
- ང་རྒྱ་ལ་ཡང་ཐུག་རྒྱུ་རེད་བོད་ལ་ཡང་ཐུག་རྒྱུ་རེད།
- ང་ཐུག་རྒྱུ་མིན་ཞེས་གཞའ་ནས་འགྲོ་ས་ཞིག་མེད།
- དེ་ཐམས་ཅད་ལམ་སྟེང་གི་མགྲོན་པོ་ལྟ་བུ་རེད།
- རེད་ལ།
- དེ་མ་རེད་ཅེས་བཤད་ནའང་ཡག་པོ་མི་བྱེད་པ་རེད།
- ཡག་པོ་མ་བྱས་པར་དེ་ལྟར་བྱེད།
- ཁྱོད་ཀྱི་དེ་མི་འགྲིག་གི་ཟེར།
- དེ་བས་རྩོམ་ཁ་རོག་གེ་བྲིས་ནའང་དུས་དེབ་སྟེང་དུ་གཅིག་ཀྱང་སྤེལ་མ་ཐུབ།
- ཉིན་ཞིག་ཅི་ཟེར་ཞེ་ན།
- ངེད་གཉིས་རང་རང་ས་ནས་འདུག་རྒྱུའི་མགོ་བརྩམས།
- རྒྱ་སྐད་ཀྱིས་བཤད་ན་分居བྱས་ནས་རང་རང་ས་ནས་བསྡད་པ་རེད།
- བསྡད་བསྡད་རྗེས་ཉིན་ཞིག་འབོད་ཀི
- འདི་ལྟར་བསྡད་ན་ཐབས་ཤིག་མ་རེད།
- ཁྱོད་ལ་བཟའ་ཚང་དགོས་སམ་ཡང་ན་རྩོམ་རིག་དགོས་ཟེར།
- ཁྱོད་ལ་བཟའ་ཚང་དགོས་ན་རྩོམ་གཅིག་ཀྱང་བྲིས་མི་ཆོག
- ངས་རྩོམ་བྲིས་ན་ཅི་རེད་ཅེས་དྲིས་པ་ན།
- ཁྱོད་ཀྱིས་དེ་བྲིས་ན་ང་ལ་གནོད་ཀི་ཟེར།
- བུད་མེད་ཅིག་གིས་དེ་བྲིས་ནས་བཙལ་མཁན་ཡང་མང་ན།
- དྲང་མོར་བཤད་ན་རྩོམ་འབྲི་མཁན་ལ་རོགས་པ་མང་པོ་ཡོད་པ་རེད།
- དེ་འདྲ་ཞིག་རེད།
- ལ་ལ་ཞིག་རང་གིས་ཕ་རོལ་བ་ཤེས་པ་དང་།
- ཚུར་རོལ་ཤེས་མཁན་སོགས་མང་བས།
- ཆང་འཐུང་དང་རྩོམ་དགའ་རྣམས་ལ་རོགས་པ་མང་ཁ་རེད།
- རོགས་པ་བཟང་ངན་མང་གི
- དེ་བས་དངོས་གནས་འཐད་ཀྱིན་མེད་ཀི
- ཁྱོད་ལ་རྩོམ་ཡིག་དགོས་སམ་བཟའ་ཚང་དགོས་ཟེར།
- ང་ལ་རྩོམ་ཡིག་དགོས་ལ་ང་རང་རྩོམ་ཡིག་ལ་ཧ་ཅང་དགའ།
- དགའ་མོད་ད་ལྟ་ང་ཡང་ལོ་སུམ་ཅུ་ལ་ཐོན་ཡོད།
- ང་རང་སྔོན་ལ་ཡང་གཅིག་ཐོར་མྱོང་བ་དང་ད་དུང་བྱིས་པ་འདི་ཡང་ཁ་ཁ་གཏོང་དགོས་ན།
- ངས་དེའི་ནང་ནས་ཁྱོད་མི་འདེམས་སམ།
- ཁྱོད་འདེམས་དགོས་རྒྱུ་རེད།
- ངས་རྩོམ་ཡིག་གཏོང་རྒྱུ་བྱེད།
- ང་ལ་མཚོན་ན་རྩོམ་ཡིག་འདི་གཏོང་རྒྱུ་དེ་ཆེས་ཆེ་བའི་སྡུག་བསྔལ་ཞིག་རེད།
- གཙོ་བོ་རང་ཉིད་དགའ་བ་ཞིག་གཏོང་དགོས་ན།
- འདི་ཆེས་ཆེ་བའི་སྡུག་བསྔལ་ཞིག་རེད་ཅེས་བཤད་པས།
- གཏན་ནས་མི་འཐད་ཀི
- བཟའ་ཚང་སྒྲིག་པ་ཡིན་ན་རྩོམ་ཡིག་མ་བྲིས་ན་ཆོག་གི
- རྩོམ་ཡིག་མ་བྲིས་ན་ཆོག་གི་ཞེས་བཤད་པ་ཡིན།
- དེའི་མི་ཆོག་ཁྱོད་ཀྱིས་མནའ་སྐྱེལ་དགོས་ཟེར།
- ངོ་མས་བཤད་པ་ཡིན།
- མནའ་སྐྱེལ་དགོས་ཟེར་བས་མནའ་ཡང་སྐྱེལ་བ་ཡིན།
- ལོ་དེ་འདྲ་ཞིག་ལ་བུད་ནས།
- ལོ་སུམ་ཅུ་ཡར་ལ་བུད་ཚེ།
- རང་ཉིད་དགའ་བའི་རྩོམ་རིག་དང་བྱ་བ་ཡང་གལ་ཆེན་ལོས་ཡིན་མོད།
- དེར་བལྟས་ན་ཡང་རང་གི་འཁོར་བ་གལ་ཆེན་རེད།
- རེད་ལ།
- རང་གི་ཁྱིམ་ཚང་གལ་ཆེན་རེད།
- རང་གི་བྱིས་པའམ་བུ་ཕྲུག་གི་བདག་པོ་རེད།
- ང་ལ་མཚོན་ན་སྔོན་ལ་ཡང་གཅིག་ཐོར་སོང་།
- དེ་བས་རྩོམ་ཡིག་གཏོང་ཞེས་མནའ་ཡང་སྐྱེལ་བ་ཡིན།
- དེ་ལྟར་བྱས་རྗེས་ལོ་བཅུ་ལྷག་ལ་དུས་དེབ་ཀྱི་སྟེང་དུ་ངས་རྩོམ་ཡིག་གཅིག་ཀྱང་སྤེལ་མ་ཐུབ།
- ཁ་རོག་གེ་བྲིས་ནས།
- སྐབས་དེའི་རང་གི་སྡུག་བསྔལ་དེ་ཡིག་ཐོག་ཏུ་བྲིས་ནས་མནན་ཏེ།
- དུས་དེབ་ཀྱི་སྟེང་དུ་མ་སྤེལ་ན་དེ་རེད།
- དེ་ལྟར་བྱས་ན་ད་དུང་ཁོའི་ཧམ་པ་དེ་ཡིས་བཀང་གི་མེད་ཀི
- རྩོམ་མ་བྲིས་པ་ཡིས་བཀང་གི་མེད་ཀི
- ཕྱོགས་ཡོངས་ནས་འདི་དང་དེ་ཞེས་བཤད་ནས།
- ཕྱོགས་ཡོངས་ནས་བསྡམས་པ་རེད།
- ངས་སྔོན་ལ་བཤད་པ་ང་ཚོར་ངོ་རྒོལ་གྱི་བསམ་བློ་དེ་ཡོད་ཀི
- 逆反心理འདི་ཡོད་ཀི
- ཁྱོད་ཀྱིས་འདི་བྱས་ན་ངས་ཀྱང་འདི་བྱེད་ཅེས།
- དེ་ལྟར་འགལ་བ་ཇེ་ཆེར་སོང་ནས།
- ང་ཚོར་བཤད་རྒྱུ་ཞིག་ཡོད་པ།
- མའོ་ཙེ་ཏུང་གི་སྐད་ཆ་ཞིག་ཡོད་པ་རེད།
- དེང་མ་རིག་གནས་གསར་བརྗེ་ཆེན་པོ་ཡི་ནང་དུ།
- མི་དམངས་དམངས་ཁུལ་གྱི་འགལ་བ་དེ་དགྲ་དང་རང་ཕྱོགས་འགལ་བ་རུ་གྱུར་སོང་།
- ངེད་གཉིས་ཀྱི་འགལ་བ་དེ་ཁྱིམ་ཚང་གཉིས་ཀྱི་འགལ་བ་རུ་ལོག་སོང་།
- ཁྱིམ་ཚང་གཉིས་ཀྱི་འགལ་བ་རུ་ལོག་སོང་།
- རང་གཉིས་བར་གྱི་འགལ་བ་དེར་བཅོས་ཐབས་ཡོད་ཀི
- རང་གཉིས་བར་གྱི་འགལ་བ་དེར་བཅོས་ཐབས་ཡོད་ཀི
- ཁྱིམ་ཚང་གཉིས་ཀྱི་བར་ལ་འགལ་བ་ཤོར་སོང་ན་བཅའ་མི་ཐུབ།
- སྐྱོབས་མི་ཐུབ་ཀི
- དེ་ནས་དོན་དག་དེ་འགྲུབ་པ་ལས་ཐོར་སོང་།
- ཐོར་སོང་བཀོད་པ་མེད་ཀི
- དེ་བས་ཐོར་སོང་བ་རེད།
- བཟའ་ཚང་གཉིས་པ་དེ་ལ་ཐོར་སོང་།
- ཐོར་སོང་བས་རང་ལ་མཚོན་ན་འཁོར་བ་མ་འཁྱོངས་པ་རེད།
- འཁོར་བ་འཆོལ་སོང་།
- དེ་བས་རང་ཉིད་དང་པོ་ནས་འདི་ལ་དགའ་བ་ཞིག་རེད།
- ཡང་གཅིག་བཤད་ན་འདི་ནི་རང་གི་འགྲོ་རོགས་འདུག་རོགས་ཤིག་ཀྱང་རེད།
- ང་ཚོའི་དེ་ན་ཅིག་ལ་བཤད་རྒྱུ་ཞིག་ཡོད་པ།
- དང་པོ་ཨ་ཁུ་ཞིག་གིས་སྲིད་ཇུས་བཙན་པའི་དུས་སུ།
- དགོན་པ་དང་གྲྭ་ས་ནས་མར་ལ་བདའ་བཞིན་ཡོད་པ།
- དེ་བས་ང་ཚོའི་ས་ཆ་ཡི་དགེ་བཤེས་ཆེན་པོ་ཞིག་ལ།
- ཁྱོད་ལ་ཡང་ཁ་ཡ་སྐྱ་ཡ་ཞིག་དགོས་པ་རེད།
- སྲིད་ཇུས་བཙན་པས་ཕྱིར་དགོན་པར་འགྲོ་ས་མེད་ཀི
- ཁྱོད་ཀྱང་ཡུལ་ནས་འདུག་དགོས་པ་རེད།
- ཁ་ཡ་སྐྱ་ཡ་ཞིག་དགོས་པ་རེད་ཅེས་བཤད་པས།
- ཁོ་བོས་ཁ་ཡ་སྐྱ་ཡ་ཞིག་ཅེས་བཤད་ན་ཧ་མ་གོ་བ་རེད་ཟེར།
- ཁོའི་ཨ་ཅེ་བཤད་ནས།
- ཁ་ཡ་སྐྱ་ཡ་མི་དགོས།
- བྱམས་པ་སྐྱིད་ཁ་ཡ་སྐྱ་ཡའི་ཡན་རེད་ཅེས་བཤད།
- དེ་ལྟར་བཤད་པ་རེད་ཟེར།
- ང་ཡང་དེ་འདྲ་ཞིག་གིས་ལོག་སོང་།
- ཁ་ཡ་སྐྱ་ཡ་་་
- འཁོར་བ་མགོ་ནས་མ་འཁྱོངས་པ་རེད།
- འཆོལ་སོང་བ་རེད།
- རེད་ལ།
- འཁོར་བ་མགོ་ནས་འཆོལ་ཐལ།
- ང་ལ་ཁ་ཡ་སྐྱ་ཡ་མི་དགོས།
- རང་གིས་རྩོམ་ཡིག་འདི་སྣོག་ནས་བསྡད་ན་ཁ་ཡ་སྐྱ་ཡ་ཡི་ཡན་རེད།
- རང་དབང་ཐམས་ཅད་བདེ་བ་ཡིན་ཞེས་པ།
- ངས་བཤད་ཀྱིན་བཤད་ཀྱིན་ཐོར་སོང་ན་བཟང་བ་ཞིག་བཤད་ཀྱིན་ཡོད་པ་འདྲ་མོད།
- དེ་ཡིན་པ་མ་རེད།
- དེ་ཡིན་པ་མ་རེད།
- ང་ལ་མཚོན་ན།
- ང་ལ་མཚོན་ན་དེ་ལྟར།
- བཀག་འགོག་ཏག་ཏག་བྱེད་མཁན་ཞིག་ལ་འགྲོགས་ནས་འདུག་པ་ལས།
- རང་གིས་རང་ལ་བཅིང་འགྲོལ་བཏང་ན་དེ་བཟང་གི
- བཅིང་འགྲོལ་བཏང་རྗེས་རང་གིས་འདི་སྣོག་ནས་བསྡད་ན་འགྲིག་གི།
- དེ་བས་ངས་ཁྱོད་ཚོར་བཤད་རྒྱུ་ཞིག་ཡོད་པ།
- སྐབས་འདི་ནས་རིམ་པ་འདི་མཚམས་བཅད།
- ང་ལ་བཤད་རྒྱུ་ཞིག་ཡོད་པ་དེ་རེད།
- ཁྱོད་ཚོ་ལོ་ཆུང་ཏག་ཏག་རེད།
- ལོ་ཆུང་དུས་རང་གིས་དཔེ་ཀློག་དང་བཅས་པ་བྱས་ནས།
- རྨང་གཞི་ཞིག་བཅོས་ནས།
- རེད་ལ།
- ཐུན་མོང་གི་མོས་པ་ཡོད་ན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་ཐུབ།
- ལག་པ་གཅིག་གིས་མི་འདེག་དངོས་བོ་གང་།
- ལག་པ་གཉིས་ཀྱི་བཏེག་ན་ཡང་མོ་ཡིན་ཟེར་བ།
- ངའི་ལག་པ་གཅིག་གིས་མི་ཐེག་པའི་དངོས་བོ།
- ཁྱོད་ཡོང་ནས་ང་ལ་འདེགས་རོགས་བྱས་ན་ང་ལ་ཡང་མོ་རེད།
- རེད་ལ།
- རོགས་བྱེད་མཁན་ཞིག་ཡོད་ན་བཟང་གི
- གཉིས་ལ་ཐུན་མོང་གི་མོས་པ་ཡོད་མཁན་ཞིག་ཡིན་ན་ཧ་ཅང་བཟང་གི
- དེའི་འཕྲོ་ནས་ཐུན་མོང་མོས་པ་མེད་ནའང་།
- ཁྱོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་བཟང་གི
- ཁྱོད་ཀྱི་བསམ་བློ་ལ་རྒྱུས་ལོན་དང་ཁྱོད་ལ་རྒྱབ་སྐྱོར་བྱས་ནས།
- ཁྱོད་ལ་བཀག་འགོག་མི་བྱེད་མཁན་ཞིག་ཡིན་ན་བཟང་གི
- དེའི་འཕྲོ་མ་ངས་བཤད་མི་དགོས་པ་རེད།
- དེའི་འཕྲོ་མ་ནི།
- རང་ཉིད་རྩོམ་རིག་ལ་སོགས་པ་གཉེར་མཁན་ཞིག་ཡིན་ན་དེ་མི་འགྲིག་པ་རེད།
- རང་བཞིན་གྱི་རྩོམ་ལ་སོགས་པར་མི་དགའ་བ།
- དེ་འདྲ་ཡིན་ན་བཟའ་ཚང་ཅི་ཞིག་ཡིན་ན་སྐྱོན་ཡོད་པ་མ་རེད།
- ཁྱོད་ཀྱིས་ཉུག་གིས་འགྲོ་ཟེར་ན་ང་ཡང་ཉུག་གིས་འགྲོ
- རེད་ལ།
- ཁྱོད་ཀྱིས་དེ་རིང་ཡུལ་ནས་འདུག་ཟེར་ན་ང་ཡང་བསྡད་ན་ཆོག
- ཁྱོད་རང་ལ་ཟུར་ན་རང་གི་བསམ་བློ་ཡི་ནང་དུ་འཆར་གཞི་ཡོད་ན།
- མོས་པ་གཞན་ཡོད་དེ།
- རྩོམ་ལ་སོགས་པ་གཉེར་མཁན་ཞིག་ཡིན་ན།
- བཟའ་ཚང་གི་སྟེང་ན་ཧ་ཅང་གིས་འདང་རྒྱག་རྒྱུ་ཡོད་ཀི
- དེ་ནི་ངས་ཉམས་མྱོང་དངོས་ཀྱི་སྟེང་ནས་ཁྱོད་ཚོར་ཁ་བརྡ་བྱས་པ་ཡིན།
- ངའི་བཟའ་ཚང་སྔ་གཞུག་གཉིས་ཀས་རྒྱབ་སྐྱོར་ཞིག་གང་ནས་བྱེད།
- བཀག་འགོག་ཏག་ཏག་བྱས་ནས།
- ངས་ཁྱོད་ཚོར་བཤད་པ་དེ་རེད།
- ཨང་དང་པོ་གཉིས་ཀྱི་བར་ན་ཐུན་མོང་གི་མོས་པ་ཡོད་ན་བཟང་གི
- བར་དུ་ཁྱོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་བཟང་གི
- མཐའ་མར་རྒྱབ་སྐྱོར་མི་བྱེད་རུང་ཐེ་གཏོགས་མི་བྱེད་མཁན་ཞིག་ཡིན་ན་བཟང་གི
- ཁྱོད་ལ་བཀག་འགོག་ཏག་ཏག་མི་བྱེད་མཁན་ཞིག་ཡིན་ན་བཟང་གི
- ཁྱོད་དེ་ནས་འདུག་པར་བྱས།
- ཁྱོད་ཀྱི་ཅི་ཞིག་བྱེད་བསམ་ན་བྱོས་ཞེས་བཤད་ནས་བཞག་ན་འགྲིག་གི
- དེ་ལས་ལྡོག་སྟེ་ཕྱོགས་ཡོངས་ནས་བསྡམ་རྒྱུ་ཟེར་ན་མི་བསྲན་པ་རེད།
- རེད་ལ།
- དེ་འདྲ་ཞིག་རེད།
- དེ་ལྟར་ངའི་འཚོ་བ་ལ་གས་ཆག་བྱུང་བ་རེད།
- སྔོན་ལ་མཁའ་འགྲོ་ཚེ་རིང་གིས་ཁྱོད་ཚོར་བཤད་བཞིན་པ།
- ད་ལོ་ཡི་སྙན་ངག་གི་དེབ་ཕྲེང་ལོ་རེར་ལས་བཞིན་ཡོད་པ་དེ།
- དེའི་ནང་དུ་ད་ལོ་ཡང་ཞུགས་ཡོད་པ་རེད།
- དེའི་མཇུག་བྱང་ནང་དུ་བཤད་ཡོད།
- མཇུག་བྱང་ནང་དུ།
- ངའི་ལོ་ངོ་བཅུ་ཡི་སྙན་ངག་གི་སྨྱུག་རྩེ་འདི་བཅག་པ་ཡིན།
- ཆག་སོང་བ་མ་རེད་བཅག་པ་རེད།
- བཅག་ཟེར་བ་དེ་བྱེད་འབྲེལ་ལས་ཚིག
- གཞན་གྱིས་བཙན་དང་དབང་གིས་བཅག་པ་རེད།
- བཅག་པ་རེད།
- མི་གཅིག་གི་མི་ཚེ་ཡི་ནང་ན་ལོ་ངོ་བཅུ་ཅན་དུ་ཡོད།
- ཅི་ཡང་མེད་ཀི།
- མི་གཅིག་གི་མི་ཚེ་ཡི་ནང་ན་ལོ་ངོ་བཅུ་ཅན།
- ལོ་བཅུ་རེ་བཅུ་རེ་བགོས་ནས་སོང་ཅི་ཡང་མེད།
- ཨེ་རེད།
- དེ་ན་ང་རྩོམ་དགའ་ཞིག་གི་ངོས་ནས་བཤད་ན།
- ང་རྩོམ་དགའ་ཞིག་གི་ངོས་ནས་བཤད་ན་ཆོག་གི
- སྤྱིར་མིའི་རིགས་ཀྱི་དགའ་བ་དང་མོས་པ་དེ་བཅོམ་ནས།
- རང་དབང་འཕྲོག་ཟིན་པའི་ལག་གི་སྡུག་བསྔལ་གཞན་ཞིག་གང་ནས་བཙལ་རྒྱུ།
- བཙལ་ས་མེད་ཀི
- དེ་བས་རང་དབང་ཐམས་ཅད་བདེ་བ་རེད་ཟེར་བ་ངོ་མ་རེད།
- ངས་བཤད་ཀྱིན་བཤད་ཀྱིན་ཐོར་ན་བཟང་བ་འདྲ་ཞིག་བཤད་ཀྱིན་ཡོད་པ་འདྲ་མོད།
- དེ་ཡིན་པ་མ་རེད།
- དེ་འདྲ་ཞིག་རེད།
- བར་སྐབས་འདི་ནས་ང་ཚོ་སྐར་མ་ཁ་ཤས་ཤིག་ལ་ངལ་གསོ་ཞིག་བྱས་རྗེས།
- ངའི་མྱོང་ཚོར་གྱི་ནང་དུ་ང་ཚོ་འགྲོ།