21 May 2013
31 min 44 sec
Video Overview
Creators:
Gangri Pumo, Drangchar
This is the fourth part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- འདིའི་བར་འདི་ན་ང་ཚོར་དགོས་པ་གང་རེད་ཅེ་ན།
- རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- རང་གི་ཅི་ཞིག་ཟེར་བ་རེད་ཅེ་ན།
- རང་ཚུགས་འདི་ཅུང་ཟད་གལ་ཆེ་བ་རེད།
- རང་ཚུགས་འདི་གལ་ཆེ་བ་རེད།
- སྐད་ཆ་འདི་ལྟ་བུ་བཤད་ན་འདི་ཅུང་ཙམ་མི་རུང་བ་དང་།
- ཅུང་ཙམ་ཞིག་ངོ་ཚ་ཡི་སྐད་ཆ་རེད།
- སྐད་ཆ་འདི་འདྲ་ཞིག་སེམས་ན་དྲན་ཉན་རྒྱུ་མ་རེད་བསམ་པ།
- གཏན་ནས་འགྲིག་པ་མ་རེད།
- རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- སྤྱིར་བཏང་གིས་ང་ཚོས་བལྟས་ན་ཤེས་བ་དེ་རེད།
- ཅི་འདྲ་ཞིག་ཡིན་དགོས་པ་རེད་ཟེར་ན།
- རྩོམ་གྱི་མི་སྣ་ཡི་དབང་དུ་འབྲི་རྒྱུ་མ་གཏོགས།
- རྩོམ་པ་པོ་རང་ཉིད་རྩོམ་གྱི་ནང་དུ་ནུབ་དགོས་པ་རེད།
- ནུབ་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- འདི་ཡི་རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་།
- དེ་འདྲ་བཤད་ན་ཡང་བཤད་ཀྱི་ཡོད་པ་རེད།
- རྩོམ་གྱི་མི་སྣ་དེ་གཤིས་ཀ་ཡི་འཕེལ་རིམ་གྱི་སོང་ན།
- ཐོག་མ་ནས་ཁོང་ཉིད་རང་སྲོག་མི་གཅོད་པར།
- མཇུག་མཐར་བདེ་སྐྱིད་བྱུང་བ།
- དེ་འདྲ་ཞིག་ལ་ཁྱེད་ཀྱིས་ཐོག་མར་བློས་བསླང་ཡོད་ན་ཡང་།
- མི་སྣ་ཡི་གཤིས་ཀ་རང་གི་འཕེལ་རྒྱས་ཀྱི་དབང་དུ་གྱུར་ནས་སོང་ན།
- གཤིས་ཀ་ཡི་གཏན་ཚིགས་ཀྱི་དབང་དུ་གྱུར་ནས་སོང་ན།
- མཐར་ཐུག་ཅི་རེད་ཟེར་ན་ཁོ་རང་སྲོག་གཅོད་རྒྱུ་དང་།
- རང་སྲོག་བཅད་མ་ཐག་ཏུ་ཅི་རེད་ཟེར་ན།
- རྩོམ་གྱི་མི་སྣ་དེར་ད་རུང་ངུ་རྒྱུ་ཡོད་པ་དེ་འདྲ་ཡོད།
- དེ་འདྲ་ཞིག་ལ་བལྟས་ན་ཅི་རེད་ཟེར་ན།
- ཁྱོད་ཀྱིས་རྩོམ་ཞིག་གི་མི་སྣ་ཡི་སེམས་ཁམས་དེ་ལ་འཇུག་དུས།
- ཁྱོད་རང་ཉིད་ཟེར་བ་དེ་ཡལ་བར་བོར་བ།
- ཁྱོད་རང་ཉིད་ཀྱི་རྣམ་རྟོག
- ཁྱོད་རང་ཉིད་ཀྱི་ལྟ་བ།
- འདི་ཚང་མ་ནུབ་པར་བྱེད་དགོས་པ་རེད།
- ཁྱོད་མི་སྣ་འདིའི་སེམས་ཁམས་ལ་ཞུགས་པ་འདྲ་བ།
- དེ་འདྲ་ཞིག་ཡིན་དགོས་པ་རེད།
- དེའི་སྐབས་དེར་གོང་ནས་བཤད་པ་གཙོ་བོ་ཅི་རེད་ཟེར་ན།
- མི་སྣ་ཡི་སེམས་ཁམས་དེ་རྙོག་དྲ་ཡིན་པ་རེད།
- གསང་བ་ཡང་ཡིན་པ་རེད།
- རེད་མོད་འབྱུང་བ་ཡི་གནས་སྐབས་དེ་ནས་ཅི་རེད་ཟེར་ན།
- མ་གསང་བར་སྲོང་བོར་བརྗོད་རྒྱུ།
- ཤིན་ཏུ་གལ་ཆེ་བ་རེད།
- དེ་མ་གཏོགས་ཐོག་མ་ནས་བཟུང་སྟེ།
- འཛེམ་དོག་མེད་པར་མང་སོང་དུས་ཁྱོད་ལ་སྦྱོང་བ་དེ་ཐོབ་ཐུབ་པ་མ་རེད།
- སྦྱོང་བ་རེད།
- དེའི་བར་དེ་ན་འཛེམ་དོག་ཅི་ཡང་ཡོད་པ་མ་རེད།
- དེ་རེད་དེ་ན་ང་ཚོའི་སྤྱིར་བརྩམས་སྒྲུང་གི་ཞིབ་འབྲི་ཟེར་བའི་དུས་སུ།
- ཐོག་མར་སྦྱོང་བ་བྱེད་དུས།
- མི་སྣ་ཡི་ཆ་ནས་བཤད་རྒྱུ་ན།
- འདི་འདྲའི་སྦྱོང་བ་བྱེད་པའི་ངོས་བཞི་ཡོད་པ།
- གཟུགས་དཔྱད། ཁ་བརྡ། བྱ་བྱེད་དང་སེམས་ཁམས་དེ་འདྲ་བཞི་ཡོད་པ་རེད།
- འདི་བཞི་བའི་ཕྱོགས་འདི་ཡིན་རྒྱུ་ན།
- ཤོག་ངོས་གཅིག་གིས་འབྲི་ཐུབ་ན།
- ཡང་ན་ཡིན་རྒྱུ་ན་ཤོག་ངོས་ཕྱེད་ཀས་འབྲི་ཐུབ་ན།
- གང་ལྟར་ཀྱང་ཅི་འདྲ་རྒྱས་ན་དེ་འདྲ་བཟང་བ་རེད།
- མི་སྣ་མང་བར་མི་བྱ་བར།
- མི་སྣ་གཅིག་སེམས་ན་བཟུང་ནས་འདི་འདྲ་འདི་འདྲ་རེད་ཅེས།
- དེའི་བར་དེ་ནས་ཞིབ་ཆ་ཐོན་རྒྱུ་ཤིན་ཏུ་གལ་ཆེ་བ་རེད།
- གང་ལྟར་ཀྱང་ཐ་ན་ཡིན་རྒྱུ་ན།
- བུད་མེད་ཅིག་གིས་སྐེད་རགས་ཤིག་བཅིངས་ན་ཡང་།
- སྐེ་རགས་བཅིངས་ཚུལ་ཡང་འདྲ་རྒྱུ་མ་རེད།
- མ་འདྲ་བའི་སྟེང་ནས་མི་སྣ་ཡི་གཤིས་ཀ་དེ་མངོན་རྒྱུ་ཡོད་པ་རེད།
- ཐོག་མར་ཁྱོད་ཀྱིས་གཤིས་ཀ་མང་པོ་མང་པོ་ཞིག་ལ་འདང་མ་བརྒྱག
- གང་ལྟར་ཀྱང་ང་ཚོ་བོད་ལ་མཚོན་རྒྱུ་ན།
- སྐེ་རགས་བཅིངས་ཚུལ་སྣ་ཁ་མང་པོ་མང་པོ་ཞིག་ཡོད་རྒྱུ་རེད།
- འོ་ན་ཁྱོད་ཀྱིས་སྐེད་རགས་བཅིངས་ཚུལ་དེ་བྲིས་ནས།
- སྒྲ་སྤྱི་དང་དོན་སྤྱི་འཆར་བར་བྱེད་ཐུབ་བམ་མི་ཐུབ།
- འོ་ན་དེའི་སྐབས་དེ་ནས།
- སྒྲ་སྤྱི་དང་དོན་སྤྱི་འཆར་དགོས་ན་ཐོག་མར་ཅི་རེད་ཟེར་ན།
- ལྟ་ཞིབ་དེ་ངེས་པར་དུ་ཞིབ་ཚགས་ཤིག་ཡིན་དགོས་པ་རེད།
- ལྟ་ཞིབ་རགས་མོ་ཞིག་བྱས་ནས།
- སྤྱིར་བཏང་གིས་དེ་རེད།
- འབྲོག་པའི་སྐེད་རགས་བཅིངས་ཚུལ་དེ་མར་ལ་སྒྱིད་པའི་ནང་ལ་བཅིངས་ནས།
- དེ་འདྲ་ཞིག་རེད་ཟེར་ན།
- དེ་ཡིན་པ་ཅུང་ཟད་ལྟ་ཞིབ་བྱས་པའི་ཚུག་ཀ་རེད།
- དེ་ད་རུང་རགས་མོ་རེད།
- དེ་འདྲ་ཞིག་མ་རེད།
- ཨོ་ཡ་་ཁོ་ཡི་སྐེད་རགས་དེ་སྒྱིད་པའི་ནང་ནས་བཅིངས་ཡོད་ན་ཡང་།
- སྐེད་རགས་དེ་ཡང་དཔེ་འཇོག་རྒྱུ་ན།
- ང་ལ་མཚོན་རྒྱུ་ན་ང་ཚོའི་སྡེ་བའི་སྐེད་རགས་བཅིངས་ཚུལ་དང་མི་འདྲ་བ།
- ང་ཚོའི་སྐེད་རགས་བཅིངས་ཚུལ་ཡིན་རྒྱུ་ན།
- གཅིག་གི་ཐོག་ལ་གཅིག་བརྩེགས་ནས།
- ལ་ལ་ཞིག་གིས་ཤོམ་ཅན་བྱས་ནས།
- སྐེད་རགས་དེ་ཅི་རེད་ཟེར་ན།
- འདི་ན་དཀྱུས་ཤིག་དང་དེའི་ཐོག་ན་དཀྱུས་ཤིག་དེའི་ཐོག་ན་ཡང་དཀྱུས་ཤིག
- ང་མཚོན་རྒྱུ་ན་དེ་ཡ་མཚན་པ་ཞིག་རེད།
- དེ་རིགས་དེ་ཞིབ་ཆ་ཟེར་བ་དེ་འདྲ་ཞིག་ཡིན།
- ང་ཚོའི་བཤད་པ་དེ་བརྩམས་སྒྲུང་ཞིག་ལ་མཚོན་རྒྱུ་ན།
- སྦྱོང་བརྡར་གྱི་སྐོར་རེད།
- ད་རུང་བརྩམས་སྒྲུང་དངོས་ལ་ཞུགས་ཡོད་པ་མ་རེད།
- སྦྱོང་བརྡར་གྱི་ཆ་དེ་ནས་བཤད་རྒྱུ་ན།
- གོང་ནས་བཤད་པ་བཞིན་མི་སྣ་ཞིག་ལ་མཚོན་རྒྱུ་ན།
- ཕྱོགས་བཞི་ནས་ང་ཚོས་སྦྱོང་བརྡར་བྱས་པ།
- དེའི་རྗེས་ནས་ང་ཚོས་ལྗོངས་འབྲི་བ།
- དེ་ཅི་ཟེར་བ་རེད་ཅེ་ན།
- ཁོར་ཡུག་ཞིབ་འབྲི་ཅན་གྱི་དེའི་སྐབས་དེ་རེད།
- གོང་ནས་ཡང་བཤད་པ་དེ་རེད།
- ལྗོངས་འབྲི་བ་ཡིན་ན་ཡང་གཅིག་རེད།
- རྩྭ་ཐང་ཞིག་འབྲི་ན་རི་ཞིག་འབྲི་ན་དེའི་ཕྱོགས་ལ་ཚོད་ལྟ་བྱེད་པ།
- གཙོ་བོ་ཐུན་མོང་གི་ཁྱད་ཆོས་ཡོད་པ།
- དེ་གཙོ་བོ་རེད།
- དེ་ན་གཞན་གྱི་མིག་ཁ་ནས་མ་ཐོན་པ།
- གཞན་གྱི་མཉམ་བཞག་མེད་པ།
- དེའི་ཆ་དེ་ཁྱེད་ཀྱིས་ཨེ་ཐོན་ཐོན་བྱེད་དགོས་པ་རེད།
- དེ་ཡིན་ན་ཁོ་ཡི་རྩོམ་རིག་རང་གི།
- ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཐོན་པ་རེད།
- ལྗོངས་འབྲི་བ་ལ་མཚོན་རྒྱུ་ན་ཡང་དེ་རེད།
- བོད་ཀྱི་སྤྱིར་བཏང་གིས་བཤད་རྒྱུ་ན།
- ང་ཚོའི་དེ་སྒྲུང་ཐུང་སྨོས་མ་དགོས་པ་རེད།
- དེ་འདྲ་ཞིག་མ་བྲིས་ན་ཡང་སྐྱོན་ཡོད་པ་མ་རེད།
- སྒྲུང་རིང་ལ་མཚོན་རྒྱུ་ན་ཡང་།
- བོད་ཀྱི་སྒྲུང་རིང་རྣམས་ཀྱིས།
- ལྗོངས་བྲིས་པའི་སྟེང་དེ་ན།
- གྲུབ་འབྲས་བླངས་ཡོད་བ་ཤིན་ཏུ་ཉུང་ཉུང་།
- ཨོ་ཡ་ཤིན་ཏུ་ཉུང་བ་རེད།
- ང་ཚོས་སྤྱིར་ལྗོངས་འབྲི་ཚུལ་དེ་ཅི་ཟེར་བ་རེད་ཅེ་ན།
- དོན་གྲུབ་རྒྱལ་གྱི་རྩོམ་འབྲི་ཚུལ་ཟེར་ན་ཡང་ཆོག་གི
- གང་ལྟར་ཀྱང་ཚང་མའི་འབྲི་ཚུལ་ཕལ་ཆེར་གཅིག་རེད།
- རྩྭ་ཐང་ཞིག་འབྲི་རྒྱུ་ན་ཡང་གོང་ནས་བཤད་པའི།
- རགས་མོ་བྱས་ནས་ཡངས་བའི་རྩྭ་ཐང་ཆེན་མོའི་སྟེང་ལ།
- རྟ་ནོར་ལུག་གསུམ་གྱིས་ཁྱབ་ནས་བསྡད་ཡོད་ཟེར་བ་འདྲ།
- རྟ་ནོར་ལུག་གསུམ་ཡིན་རྒྱུ་ན།
- ནམ་མཁའི་སྐར་ཚོགས་ས་ལ་བབས་པ་འདྲ་བ་རེད།
- དེ་ལ་བལྟས་ནས་སོང་ན་གོང་ནས་ང་ཚོས་བཤད་པ།
- དེ་ཅི་རེད་ཟེར་ན།
- གཡོ་སྒྱུ་ཡི་འབྲི་ཚུལ་རེད།
- དེ་བདེན་པ་ཡི་བདེན་སྣང་དུ་མི་ཁྱབ་པ་ཞིག་རེད།
- སྤྱིར་འཚོ་བ་དངོས་ཀྱི་ནང་ནས་ཡང་དེ་རེད།
- འབྲོག་པའི་རྩྭ་ཐང་ཅི་འདྲ་ཞིག་ཡིན་ན་ཡང་།
- དེའི་སྟེང་ལ་རྟ་ནོར་ལུག་གསུམ་གྱིས་ཁྱབ་ཡོད་པ་ཞིག་ཡོད་པ་མ་རེད།
- ཡོད་པ་མ་རེད།
- དེ་དོན་དག་ངོ་མ་མ་རེད།
- ངོ་མ་ཡིན་རྒྱུ་ན་ཡངས་བའི་རྩྭ་ཐང་ཆེན་མོ་དེ།
- རྟ་ལུག་ཟོག་གསུམ་གང་དང་གང་ཡིན་ན་ཡང་།
- ཁྱུ་དང་ཁྱུ་ཡི་རྣམ་པ་དེ་ལྟར་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་ང་ཚོས་དེ་ལྟར་ཡོང་བ་མ་གཏོགས།
- ཁྱོད་ཀྱི་སེམས་ན་དྲན་པ་ལྟར།
- གོང་ནས་བཤད་པའི་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པ།
- རྩོམ་རིག་གི་ཡིན་རྒྱུ་ན་བློ་སྦྱོང་དེ་མ་རེད།
- དེ་ཡིན་པའི་དུས་སུ་ཁྱོད་ལེབ་འགྲོ་བ་རེད།
- ཁྱོད་ནམ་ཡིན་ན་ཡང་དེ་ལྟར་སྦྱོང་བརྡར་མ་བྱས་བར།
- འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་ན།
- ཁྱོད་རྗེས་ནས་ལེབ་འགྲོ་བ་རེད།
- དེ་གཏན་ནས་མཉམ་འཇོག་ཐུབ་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ཁྱོད་ཀྱིས་ངོ་མས་རང་གི་མིག་གི་མཐོང་སའི་ས་ཆ་ཞིག་ལ་སོང་ནས་བསྡད་དེ།
- ཁྱོད་ཀྱིས་དེ་འབྲི་རྒྱུའི་ཕྱོགས་ལ་རི་ཅི་འདྲ་ཞིག་རེད།
- དེའི་སྟེང་དེ་ན་རྟ་ནོར་ལུག་གསུམ་དེ་ཅི་ལྟར་བསྡད་ཡོད་པ།
- ཡང་ན་ཡིན་རྒྱུ་ན།
- ཁྱོད་ཀྱི་མདུན་གྱི་མེ་ཏོག་གཅིག་ལ་མཚོན་རྒྱུ་ན།
- མེ་ཏོག་གཅིག་གི་ཁ་ཏོག་ཅི་འདྲ་ཞིག་རེད།
- དབྱིབས་ཅི་འདྲ་ཞིག་རེད།
- ཉི་མའི་འོད་བརྒྱབ་ན་ཅི་འདྲ་ཞིག་རེད།
- ཉི་མའི་འོད་ནུབ་སོང་ན་ཅི་འདྲ་ཞིག་རེད།
- སྤྱིར་ཅི་རེད་ཟེར་ན།
- བརྩམས་སྒྲུང་གི་གནས་སྐབས་དེ་ནས་ཞིབ་འབྲི་བྱེད་པའི་དུས་སུ།
- འཛོམས་པ་ཟེར་བ་དེ་གཙོ་བོ་མ་རེད།
- འཛོམས་རྒྱུ།
- རྩྭ་ཐང་དེ་ཅི་འདྲ་ཞིག་ཡིན་པ་རེད་ཟེར་ན།
- ཨོ་་་རྟ་ནོར་ལུག་གསུམ་ཡང་ཡོད་པ་རེད།
- མེ་ཏོག་ཡང་ཡོད་པ་རེད།
- དེ་ཕན་ཆད་ནས་སྒྲ་ཡང་ཡོད་པ་རེད།
- འདི་ཡང་ཡོད་པ་རེད།
- གན་ཡང་ཡོད་པ་རེད།
- ཁྱོད་ཀྱིས་ཡིན་རྒྱུ་ན་ཞིབ་འབྲི་བྱེད་རྒྱུ་ཡིན་ཞེས།
- ཆ་ཚང་ཞིག་མང་པོ་མང་པོ་ཞིག་འབྲི་རྒྱུ་དེ་གཙོ་བོ་མ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་དེའི་ནང་གི་གཅིག་བྲིས་ན་ཆོག་པ་རེད།
- ཡངས་བའི་རྩྭ་ཐང་ཆེན་པོ་འབྲི་བའི་དུས་སུའང་།
- མེ་ཏོག་གཅིག་གོང་ནས་བཤད་པ་ལྟར།
- དེ་ཡི་ཁ་ཏོག་ཅི་འདྲ་ཞིག་རེད།
- དྲི་མ་ཅི་འདྲ་ཞིག་རེད།
- ཁ་ཏོག་གི་ངོས་ནས་བཤད་རྒྱུ་ན་ཡང་།
- ཉི་མའི་འོད་བརྒྱབ་ན་ཅི་འདྲ་ཞིག་རེད།
- ཉི་མའི་འོད་དེ་མ་བརྒྱབ་ན་ཅི་འདྲ་ཞིག་རེད།
- དེ་འབྲི་དགོས་ན་ཅི་རེད་ཟེར་ན།
- ང་ཚོས་གོང་ནས་བཤད་པ།
- ཐོག་མར་ཅི་རེད་ཟེར་ན།
- ལྟ་ཞིབ་དེ་ཤིན་ཏུ་གལ་ཆེ་བ་རེད།
- ལྟ་ཞིབ་དེ་ཞིབ་ཆ་མིན་པའི་དུས་སུ།
- འདི་ཐམས་ཅད་ནམ་ཡིན་ན་ཡང་གཅིག་དང་གཅིག་རེད།
- ང་ཚོའི་འབྲི་ཚུལ་དེ་རེད།
- ནམ་ཡིན་ན་ཡང་མེ་ཏོག་དཀར་དམར་སེར་གསུམ་པོ་ཁྲ་ལམ་མེར་ཡོད་པ།
- དེ་མ་གཏོགས་ཡིན་རྒྱུ་མ་རེད།
- དེ་ཡིན་ན་ད་རུང་སྤྱིར།
- ལྗོངས་འབྲི་བ་ལ་མཚོན་ན་ཡང་སྦྱོང་བརྡར་བྱེད་པ།
- འབྲོག་པ་ལ་མཚོན་རྒྱུ་ན།
- འབྲོག་པ་ཡི་འཚོ་བའི་ཆ་རྐྱེན་ཁྱོད་རང་གི་མིག་གིས་མཐོང་བ་དེ་འབྲི་རྒྱུ།
- འོ་ན་རོང་བ་ཞིག་ལ་མཚོན་ན་ཡང་གཅིག་རེད།
- རོང་བ་ས་ཆ་ཞིག་ལ་མཚོན་ན་ཅི་འདྲ་ཞིག་རེད།
- དེའི་སྐོར་དེ་ནས་སྦྱོང་བརྡར་ཐོབ་པར་འཇུག་རྒྱུ་དེ་གཙོ་བོ་རེད།
- དེའི་ཕན་ཆད་ནས་ཅི་རེད་ཟེར་ན།
- ཉི་ཟླ་ཡི་ཆ་ནས་ཟེར་བ་འདྲ།
- ད་ཡིན་རྒྱུ་ན་སྤྲིན་གྱི་རྒྱུ་བ་ཟེར་བ་འདྲ།
- གང་ལྟར་ཀྱང་དེ་རེད།
- ཁྱོད་ཀྱིས་རང་བྱུང་ཁམས་ལ་བལྟ་དུས་མིག་གིས་ཅི་ཞིག་མཐོང་གི
- དེ་ཐམས་ཅད་ཁྱོས་མིག་འོག་ནས།
- ཇི་མ་ཇི་བཞིན་དུ་མཐོང་གི་འཇུག་ཐུབ་བམ་མི་ཐུབ།
- སྒྲ་སྤྱི་དང་དོན་སྤྱི་དེ་འཆར་རུ་འཇུག་ཐུབ་བམ་མི་ཐུབ།
- དེའི་ཕྱོགས་དེར་ཁྱོད་ཀྱིས་འབད་པ་བྱེད་དགོསཔ་རེད།
- དེ་སྦྱོང་བ་ཟེར་བ་དེ་འདྲ་ཞིག་རེད།
- ཨོ་ཡ་་་ང་ཚོས་དེ་བརྩམས་སྒྲུང་ལ་འཇུག་པའི།
- ཐོག་མའི་སྐབས་དེ་ན་འདི་འདྲའི་སྦྱོང་བ་ཆེན་པོ་ཞིག་སྔོན་དུ་འགྲོ་རྒྱུ་ཡོད་པ་རེད།
- འོ་ན་འདིའི་སྦྱོང་བ་འདི་སྤྱིར་བཤད་རྒྱུ་ན།
- བརྩམས་སྒྲུང་དངོས་ལ་འཇུག་དུས།
- འདི་ཐམས་ཅད་དགོས་བ་ཡང་ཡོད་རྒྱུ་རེད།
- མི་དགོས་བ་ཡང་ཡོད་རྒྱུ་རེད།
- ལྷག་པར་དུ་ཡིན་རྒྱུ་ན།
- སྒྲུང་ཐུང་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- འདི་འདྲའི་ཞིབ་འབྲི་མེད་ན་ཆོག་པ་རེད།
- ཨོ་ཡ་་་སྤྱིར་མེད་ན་ཆོག་པ་རེད།
- འོ་ན་འདིའི་སྦྱོང་བའདི་བྱས་ན།
- ཁོ་ཡི་བཟང་ཆ་ཨང་དང་པོ་གང་ན་ཡོད་པ་རེད་ཟེར་ན།
- གཙོ་བོ་རྩོམ་རིག་གི་བློ་སྦྱོང།
- རེད།文学修养
- ང་ཚོའི་སྦྱོང་བ་འདི་གཅིག་ནས་འབྲི་བ་དང་འབྲི་རྒྱུ་ཞིག་གི་སྦྱོང་བ་རེད།
- དེ་ལས་གལ་ཆེ་བ་དེ་གང་རེད་ཟེར་ན།
- རྩོམ་རིག་གི་བློ་སྦྱོང་རེད།
- ཡང་ན་ཡིན་རྒྱུ་ན་སྒྱུ་རྩལ་གྱི་བློ་སྦྱོང་རེད།
- འདི་ང་ཚོར་མཚོན་རྒྱུ་ན་གལ་ཆེ་བ་རེད།
- གནའ་རྩོམ་གྲགས་ཅན་ཞིག་གི་ནང་ནས་འབྲི་བའི་དུས་སུ།
- ཅི་རེད་ཟེར་ན།
- ནམ་ཡིན་ན་ཡང་ཞིབ་འབྲི་ཡི་ཆ་དེ་རུ།
- ང་ཚོས་བལྟ་རྒྱུ་ན་དགོས་བ་མེད་པར་འདོད་པ་ཞིག་གི་ཐོག་ལ་སྨྱུག་ཁ་སྐོར་ཡོད་པ།
- ང་ཚོས་བལྟས་ན།
- དེས་ཡིད་སེམས་དྲངས་མི་ཐུབ་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- རྩོམ་རིག་གི་བློ་སྦྱོང་བྱེད་སྟངས།
- ང་ཚོར་དགོས་བ་གང་རེད་ཟེར་ན།
- རུས་པ་རེད།
- བརྗོད་སྙིང་རེད།
- བསམ་བློ་རེད།
- འོ་ན་རྩོམ་རིག་ལ་མཚོན་རྒྱུ་ན།
- ད་ནངས་བཤད་པ་དེ་རེད།
- རྩོམ་རིག་གི་རིན་ཐང་ངོ་མ་དེ་གང་ན་ཡོད་ཟེར་ན།
- རྩོམ་རིག་རང་བཞིན་རེད།
- ད་སྒྲ་སྤྱི་འཆར་བར་འཇུག་ཐུབ་པ་དང་།
- དོན་སྤྱི་འཆར་བར་འཇུག་ཐུབ་པ།
- བསམ་བློ་མ་བསྟན་པར།
- ལྗོངས་བཅོས་བ་ཡི་སྟེང་དེ་ན་ཡིན་རྒྱུ་ན།
- མཛེས་སྡུག་གི་ཆ་མང་པོ་མང་པོ་ཞིག་ཡོད་རྒྱུ་རེད།
- འོ་ན་འདིའི་སྐོར་འདི་ནས།
- གཞན་ཞིག་གི་རྩོམ་ལ་བལྟས་ནས་སོང་ན།
- ང་ཚོས་བལྟ་རྒྱུ་ན་དགོས་མེད་ཀྱི་ཆ་ཡིན་པ་དེ།
- དགོས་ཡོད་ཅིག་དུ་ཐོན་དགོས་ན།
- ཐོན་བྱེད་དེ་གང་རེད་ཟེར་ན་རྩོམ་རིག་གི་བློ་སྦྱོང་རེད།
- དེ་ཤིན་ཏུ་གལ་ཆེ་བ་རེད།
- དཔེ་འཇོག་རྒྱུ་ན།
- དེ་རིང་སང་ཉིན་གྱི་སྒྱུ་རྩལ།
- དེ་རོལ་མོ་ཡིས་མཚོན་ན་ཤེས་ཐུབ་པ་དེ་རེད།
- དེ་རོལ་མོ་ཡི་བློ་སྦྱོང་ཡོད་པ་ཞིག་ཡིན་ན།
- དེ་ང་ཚོས་རོལ་དབྱངས་སུ་གྱུར་ནས།
- འགྱུར་ཁུག་ཅིག་བྱུང་དུས།
- ཡིད་སེམས་དེ་དེའི་ནང་དེ་ན་ཧ་ཅང་བཟི་ནས་འདུག་རྒྱུ་རེད།
- འོ་ན་རོལ་མོ་ཡི་བློ་སྨྱོང་དེ་མེད་དུས།
- དེས་ཅི་ཞིག་བཤད་བཞིན་ཡོད།
- དེར་དགེ་བ་མེད་བསམ་པ་རེད།
- ང་ཚོར་མཚོན་རྒྱུ་ན་ང་ཚོར་དགོས་བ་གང་རེད་ཟེར་ན།
- དེ་རིང་སང་ཉིན་གྱི་流行歌曲
- དེར་ཚང་མའི་ཉན་ན་འདོད་པ་རེད།
- དེ་ཕན་ཆད་ཀྱི་ཡིན་རྒྱུ་ན་གནའ་རྩོམ་གྲགས་ཅན།
- རིང་བོ་རིང་བོ་གྲགས་དུས་ང་ཚོ་གཉིད་ལོག་འགྲོ་བ་རེད།
- འོ་ན་དེའི་རྒྱུ་མཚན་གང་ན་ཡོད་པ་རེད་ཟེར་ན།
- དེ་ཡིས་ལོག་སོང་བ་རེད།
- ཁྱེད་ཚོས་བལྟས་ལ་དོན་གྱིས་ཅི་ཟེར་བ་རེད་ཟེར་ན།
- ཚན་མ་ཡིན་རྒྱུ་ན།
- ང་ཚོར་ཚན་མ་ཡིན་རྒྱུ་ན།
- དེ་ཡིན་རྒྱུ་ན་རོལ་མོ་ཡི་བློ་སྦྱོང་ཡོད་མཁན་དེ་ཚན་མ་རེད།
- དེ་སྨོས་མ་དགོས་པ་རེད།
- རོལ་མོ་ཡི་བློ་སྦྱོང་ཡོད་པ་ཞིག་ལ་མཚོན་རྒྱུ་ན།
- ཁྱོད་ཀྱིས་གུ་ཞིག་བཀྱག་ན་ཡང་དེ་ཡིས་ཡིད་སེམས་དྲངས་ནས་ཡོང་རྒྱུ་རེད།
- ཁོ་ཡི་གཏིང་ན་ཡིན་རྒྱུ་ན་མྱོང་བྱ་ཞིག
- ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཡོད་རྒྱུ་རེད།
- འོ་ན་དེ་བཞིན་དུ་རྩོམ་རིག་ལ་མཚོན་རྒྱུ་ན་ཡང་ཇི་མ་ཇི་བཞིན་རེད།
- ཨོ་ཡ་་རྩོམ་རིག་གི་མཛེས་བ་དེ་ནམ་ཡིན་ན་ཡང་།
- བརྗོད་བྱའི་སྙིང་བོ་ཟེར་བ་དང་།
- བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་དོན་བྱ་ཆེན་པོ།
- དེ་ཁོ་ན་མ་རེད།
- དེའི་ཕན་ཆད་ན་ཡིན་རྒྱུ་ན་ཤེས་རྒྱུ་ཞིག
- ཡང་ན་རྩོམ་རིག་གི་མྱོང་བྱ་མང་པོ་མང་པོ་ཞིག་ཡོད་པ།
- སྤྱིར་ན་རྩོམ་རིག་རྩོམ་རིག་ཟེར་བའི་དུས་སུ།
- ཁོ་ཡི་མཛེས་བ་ངོ་མ་དེ་གང་ན་ཡོད་ཟེར་ན།
- མཛེས་རྟོག་གི་རིན་ཐང་དེ་ཟེར་བ་རེད།
- མཛེས་ཏོག་གི་རིན་ཐང་ཟེར་བ་དེ་ཡིན་རྒྱུ་ན།
- བསམ་བློ་དེ་ཡིན་རྒྱུ་ན་ད་ནངས་ཡང་ང་ཚོས་བཤད་པ་དེ་རེད།
- གཙོ་བོ་བྱས་ནས་བཤད་ཀྱི་མ་རེད།
- གང་ལྟར་ཀྱང་ད་ལྟ་བཤད་པའི་ལྗོངས་ཤིག་འབྲི་བ་དང་།
- ཡང་ན་མི་སྣ་ཡི་གཟུགས་བྱད་འབྲི་བ་དང་།
- མི་སྣ་ཡི་ཁ་བརྡ་འབྲི་བ་དང་།
- མི་སྣ་ཡི་སེམས་ཁམས་བྲིས་པའི་ཆ་དེ་ནས།
- ཨོ་་་འདིའི་སེམས་ན་འདི་འདྲ་ཞིག་ཅི་ལྟར་དྲན་པ་ཡིན་ནམ།
- སྙམ་རྒྱུ་ཞིག་ཡོད་པ་དེ་ཅི་རེད་ཟེར་ན།
- མཛེས་བ་རེད།
- མཛེས་རྟོག་གི་རིན་ཐང་ཟེར་བ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོའི་རྩོམ་རིག་ལ་མཚོན་རྒྱུ་ན།
- ད་ནངས་ཡང་བཤད་པ་དེ་རེད།
- ནམ་ཡིན་ན་ཡང་ཁོ་ཡི་རྐང་འདྲ་བ།
- རུས་པ་འདྲ་བ།
- དེ་བཟུང་ནས་བསྡད་པའི་དུས་སུ་ཅི་རེད་ཟེར་ན།
- དེ་རྩོམ་རིག་གི་མཛེས་ཆ།
- མང་པོ་མང་པོ་ཞིག་ང་ཚོས་ཉམས་སུ་མྱོང་ཐུབ་རྒྱུ་མ་རེད།
- དེ་ཡིན་པས་འདི་ལྟ་བུའི་སྦྱོང་བ།
- ཉི་ཟླ་ཡི་འཆར་ནུབ་ལ་སོགས་པ།
- ཡང་ན་ཡིན་རྒྱུ་ན་རི་ར་བའི་བཀོད་པ་ལ་སོགས་པ།
- དེ་ང་ཚོའི་མི་སྣ་ཡི་གཟུགས་བྱད་དང་།
- ཡང་ན་ཡིན་རྒྱུ་ན་གཞན་པ་གང་དང་གང་ཡིན་ན་ཆོག་གི
- འདི་ལྟར་སྦྱང་བ་བྱས་ན་ཅི་རེད་ཟེར་ན།
- ཁྱོད་ཀྱི་རྩོམ་རིག་གི་བློ་སྦྱོང་ཆེན་པོ་ཞིག་རེད།
- དེ་ཡིན་པའི་དུས་སུ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་རྩོམ་རིག་གང་ལ་བལྟས་ན་ཡང་ཅི་རེད་ཟེར་ན།
- གཞན་གྱིས་བཤད་པའི་རྩོམ་དེ་ཡག་པོ་ཞིག་རེད་ཟེར་བ་དེ།
- ཁྱོད་ཀྱིས་བལྟས་ན་ཡང་ཡག་པོ་ཞིག་མཐོང་ཐུབ་པ་རེད།
- དེ་མིན་ན་ཡག་པོ་ཞིག་འབྱུང་ཐུབ་རྒྱུ་མ་རེད།
- དེ་ཡིན་རྒྱུ་ན་གོང་ནས་བཤད་པའི་སྦྱོང་བ།
- འདིའི་དགེ་བ་དང་པོ་དེ་སྤྱིར་ན།
- རྩོམ་རིག་གི་བློ་སྦྱོང་།
- ཡང་ན་རྩོམ་རིག་མྱོང་རོལ་གྱི་བློ་སྦྱོང་གི་ཆ་དེ་ན།
- ཕན་ཐོག་ཆེན་པོ་ཡོད་པ།
- འདིའི་སྦྱོང་བ་འདི་མེད་ན།
- འདི་མངོན་དུ་མ་སོང་དུས།
- ཁྱོད་ཀྱིས་བལྟས་ལ་རྩོམ་ཡག་པོ་ཞིག་འབྲི་ཡང་ཐུབ་པ་མ་རེད།
- གཞན་གྱི་རྩོམ་རིག་ལ་མྱོང་རོལ་ཡང་བྱེད་ཐུབ་པ་མ་རེད།
- དེ་ཡིན་པས་ངས་བལྟས་ན་སྤྱིར་བོད་ཀྱི་ཅི་ཟེར་བ་རེད་ཅེ་ན།
- རྩོམ་ལ་འཇུག་ཚུལ་གྱི་འཇུག་རིམ་དེ་སྐོར་ལོག་ཅིག་རེད་བསམ་གི
- ཨོ་ཡ་་་ང་ཚོར་མཚོན་རྒྱུ་ན་དེ་ཐོག་མར་གང་ནས་སྦྱངས་བ་རེད་ཟེར་ན།
- སྙན་ངག་ནས་སྦྱངས་བ་རེད།
- ང་ཚོས་ཤེས་བ་དེ་རེད།
- ཚང་མ་ཚང་མ་ཞིག་ལ་བལྟས་ནས་སོང་ན།
- རྩོམ་རིག་ཞིག་འབྲི་རྒྱུ་ཡིན་ཞེས་ཚོད་ལྟ་བྱེད་དུས།
- སླ་མོ་གང་རེད་ཟེར་ན་སྙན་ངག་ལ་བལྟ་བ་རེད།
- དེ་རིང་སང་ཉིན་ལ་མཚོན་ན་ཡང་དེ་རེད།
- སྙན་ངག་འབྲི་མཁན་མང་གི
- བརྩམས་སྒྲུང་འབྲི་མཁན་ཉུང་བ།
- དེ་ལས་ཀྱང་ཉུང་བ་ལྷུག་རྩོམ་ཡིན་པའི་རྒྱུ་མཚན་ཅི་རེད།
- འདི་ན་འདང་བརྒྱག་རྒྱུ་ཞིག་ཡོད་པ་རེད།
- དོན་གྱིས་ཅི་རེད་ཟེར་ན།
- ང་ཚོའི་ལས་ཀ་ཐམས་ཅད་གཡོ་སྒྱུ་རེད།
- སྙན་ངག་སླ་མོ་རེད།
- འབྲི་སླ་བ་རེད།
- ཅི་ཟེར་དགོས་བ་རེད།
- དེ་རིང་སང་ཉིན་གྱི་འབྲི་ཚུལ་འདི་ལ་བལྟས་ནས་སོང་ན།
- སྙན་ངག་པ་འབྲི་སླ་མོ་ཞིག་རེད།
- ཁྱོད་ཀྱི་སེམས་ན་ཚོར་བ་ཐམ་ཐུན་ཞིག་ཡོད་པ་དེ།
- འཚོ་བ་ཐམ་ཐུན་དེ་གཞི་རྩ་བྱས་ནས་བསྡད་དེ།
- འགོ་ཞིག་སྤེལ་རྔ་མ་ཞིག་སྤེལ།
- ཚིག་རྐང་དྲུག་བདུན་བདུན་བརྒྱད་བཅུ་ཐམ་པ་དེ་འགྲུབ་ཡོད་པ།
- ཚང་མ་ཞིག་གིས་དེ་རེད།
- སྙན་ངག་ཅེས་པ་རྟ་ལུད་གཏོང་གཏོང་བྱེད་པ་དེ་རེད།
- འོ་ན་དེ་དང་བསྡུར་ན་ཁྱེད་ཚོས་བལྟས་ལ།
- བརྩམས་སྒྲུང་ལ་བལྟས་ན་དེ་ཅི་རེད་ཟེར་ན།
- དཀའ་ལས་ཡོད་པ་རེད།
- ཨོ་་་བློས་བསླང་བའི་མགོ་དེ་ཅི་ཞིག་རེད་དམ།
- དོན་དག་ཅི་ཞིག་རེད་ལ།
- མི་སྣ་དེ་ཅི་ཞིག་རེད།
- དེ་ན་ཅི་རེད་ཟེར་ན།
- དཀའ་མོ་བསྐྱུར་ནས་སླ་མོའི་སྟེང་དུ་བརྒྱུགས་བཞིན་པ་རེད།
- འོ་ན་དེ་ལས་ཀྱང་ལྷུག་རྩོམ་འབྲི་མཁན་མེད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- ལྷུག་རྩོམ་དེ་ལས་ཀྱང་དཀའ་བ་རེད།
- ལྷུག་རྩོམ་ན་གཏམ་རྒྱུད་ཀྱང་མེད་པ།
- བརྩམས་སྒྲུང་ལ་མཚོན་རྒྱུ་ན།
- ད་རུང་ཡིན་རྒྱུ་ན་གང་ལྟར་ཀྱང་།
- གཏམ་རྒྱུད་ཟེར་བ་རེད།
- གཏམ་རྒྱུད་བཤད་དགོས་ན་སླ་མོ་རེད།
- མི་ཆ་མེད་གཉིས།
- རིམ་གྱིས་རིམ་གྱིས་འདྲིས་ནས་བར་ལ་བརྩེ་དུང་བྱུང་།
- དེ་ནས་བརྩེ་དུང་འཕེལ་རྒྱས་སུ་སོང་ནས།
- ཐ་མར་མ་འགྲིག་པ་དེ་འདྲ་ཞིག་འབྲི་རྒྱུ་ན།
- དེའི་བར་དེ་ན་འབྲི་རྒྱུ་ཞིག་རྙེད་པ་རེད།
- འོ་ན་ང་ཚོས་ལྷུག་རྩོམ་ཞིག་ལ་མཚོན་རྒྱུ་ན།
- དེ་འདྲ་ཞིག་འབྲི་རྒྱུ་མ་རེད།
- ལྷུག་རྩོམ་དེ་སྤྱིར་བཏང་གིས་ཡིན་རྒྱུ་ན།
- ང་ཚོའི་བལྟས་ལ་ལྷུག་རྩོམ་མཚན་ཉིད་པ་ཞིག་ལ་མཚོན་རྒྱུ་ན།
- དེ་ལྗོངས་འབྲི་བ་རེད།
- ཡུལ་ལྗོངས་བྲིས་ནས་བསྡད་དེ།
- ཡུལ་ལྗོངས་འབྲི་བ་བརྒྱུད་ནས་བསྡད་དེ་ཅི་རེད་ཟེར་ན།
- རང་གི་མི་སྣ་ཡི་སེམས་ཁམས་མཚོན་རྒྱུ་ན།
- བསྟན་དོན་མཚོན་རྒྱུ་ན།
- འཁེན་ས་གཅིག་ཀྱང་ཡོད་པ་མ་རེད།
- འཁེན་ས་ཐམས་ཅད་གང་རེད་ཟེར་ན།
- ཞིབ་འབྲི་རེད།
- དེ་ཡིན་པའི་སྟབས་ཀྱིས་ཁྱེད་ཚོས་ལྟོས་དང་།
- དོན་གྱིས་བོད་ཀྱི་རྩོམ་རིག་གི་རྣམ་པ་ཡི་སྟེང་དེ་ན།
- ཨོ་ཡ་་ལྷུག་རྩོམ་ཉུང་བ།
- དེ་ལས་བརྩམས་སྒྲུང་མང་བ།
- དེ་ལས་མང་བ་སྙན་ངག་ཡིན་པའི་རྒྱུ་མཚན་ནི།
- ཨོ་ཡ་་དེ་འདྲའི་དཀའ་མོ་བསྐྱུར་ཏེ་སླ་མོ་ཞིག་ལ་རྒྱུགས་པ།
- དེ་ན་ཅི་རེད་ཟེར་ན།
- དོན་གྱིས་ང་ཚོས་བསམ་པའི་སྙན་ངག་དེ་སླ་བ་རེད་ཟེར་བ་དེ།
- སླ་བ་མ་རེད།
- མི་སླ་བ་ཞིག་ལ་ང་ཚོས་སླ་བ་རེད་ཟེར་ནས།
- སླ་བ་ཞིག་ཏུ་སྙམ་པའི་དུས་སུ་ཅི་རེད་ཟེར་ན།
- སྙན་ངག་ལ་འཕེལ་རྒྱས་མེད་པ་དེ་རེད།
- སྤྱིར་བོད་ཀྱི་རྩོམ་རིག་ལ་མཚོན་ན་དེ་རེད།
- བརྩམས་སྒྲུང་དེ་ཡིན་རྒྱུ་ན་ད་རུང་གོམ་སྟབས་དལ་ཡང་།
- འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
- སྙན་ངག་ཅི་རེད་ཟེར་ན།
- ད་སོང་ན་གནས་བ་རེད།
- ད་འཕེལ་རྒྱས་མེད་པ།
- འོ་ན་འདིའི་རྩ་བ་གང་ལ་ཐུག་ཡོད་ཟེར་ན།
- སྤྱིར་ན་སྒྱུ་རྩལ་གྱི་བློ་སྦྱོང་དེ་མེད་པ་རེད།
- དེ་མེད་ན་ང་ཚོས་འབྲི་བའི་དུས་སུ་ཅི་རེད་ཟེར་ན།
- སྙན་ངག་འབྲི་ན་ཅི་རེད་ཟེར་ན།
- སྔོན་ན་བཤད་པའི་གི་ཆ་དེ་རེད།理性
- རིག་རྟོག་གི་ཆ་དེ་ཆེ་བར་བྱས་ནས།
- ངས་ཁྱོད་ལ་བཤད་རྒྱུ་རེད།
- ངས་ཁྱོད་ལ་ལྟ་བ་ཞིག་བརྗོད་རྒྱུ་རེད།
- སྤྱིར་ན་དེ་འདྲ་ཞིག་མ་རེད།
- ཁྱོད་ཚོས་ལྟོས་དང།
- སྤྱིར་ན་ཉམས་མྱོང་ཞེས་བ་ཅི་འདྲ་ཞིག་རེད་ཟེར་ན།
- བཤད་མི་ཐུབ་པ་ཞིག
- སྨྲ་བརྗོད་ལས་འདས་བའི་ཆ་ཞིག་སྙན་ངག་གིས་བཤད་དགོས་པ་རེད།
- དེ་ཡིན་རྒྱུ་ན་ཧེ་ལི་ག་ཞེས་པ་དེ་ཡིས་བཤད་ཡོད་པ།
- ང་ཚོའི་འཚོ་བའི་ཁྲོད་ཀྱི་དོན་དག་མང་བ་ཞིག་ཡིན་རྒྱུ་ན།
- འཚོ་བའི་སྐད་ཆ་ཡིས་བཤད་ན་ཐུབ་པ་རེད།
- འཚོ་བའི་སྐད་ཆས་བཤད་ན་མི་ཐུབ་པ་ཞིག
- དེ་གང་གིས་བཤད་རྒྱུ་རེད་ཟེར་ན།
- གཞུང་ལུགས་ཀྱི་སྐད་ཆ་ཡིས་བཤད་རྒྱུ་རེད།
- གི་ཀྱིས་བཤད་རྒྱུ་རེད།抽象概念
- འོ་ན་འཚོ་བའི་སྐད་ཆ་ཡིས་ཀྱང་་མི་ཐུབ་པ།
- གཞུང་ལུགས་ཀྱི་སྤྱི་སྡོམ་ཡང་བྱེད་མི་ཐུབ་པ།
- དེ་འདྲའི་སྨྲ་བརྗོད་ལས་འདས་བའི་ཆ་ཞིག་ཡོད་པ།
- དེའི་སྐབས་དེར་ཅི་རེད་ཟེར་ན།
- དེ་བཤད་དགོས་ན་ཅི་རེད་ཟེར་ན།
- ང་ཚོའི་སྤྱིར་བཏང་གི་སྐད་ཆ་ཡིས་མི་ཐུབ་པ།།
- ད་ཅི་ཞིག་བྱེད་དགོས་ཟེར་ན།
- སྙན་ངག་དེ་ཡོང་དགོས་བ་རེད།
- སྙན་ངག་དེ་ཅི་ཞིག་ལ་ཡོང་དགོས་བ་རེད་ཟེར་ན།
- སྨྲ་བརྗོད་ལས་འདས་བ་ཡིན་པའི་སྟབས་ཀྱིས།
- སྤྱིར་བཏང་གི་སྐད་ཆ་ཡིས་བཤད་མི་ཐུབ་པའི་ཆ་དེ་ལ།
- སྙན་ངག་ཅེས་འདི་འདྲའི་སྐད་ཆ་ཞིག
- གོ་དཀའ་བའི་སྐད་ཆ་ཞིག་ཡོང་དགོས་པ་རེད།
- དེ་ཟེར་བ་རེད།
- ང་ཚོར་མཚོན་རྒྱུ་ན་ཁྱེད་ཚོས་བལྟས་ན་ཤེས་བ་རེད།
- ཁྱེད་ཀྱིས་བཤད་ན་འདོད་པའི་སྙན་ངག་གི་བསྟན་དོན་དེ།
- ཁྱེད་རང་ལ་མཚོན་རྒྱུ་ན་སྨྲ་བརྗོད་ལས་འདས་བ་ཞིག་རེད་ལ་མ་རེད།
- ངས་བལྟ་རྒྱུ་ན་མ་རེད།
- ཚང་མས་དེ་ལ་ཅི་ཟེར་བ་རེད་ཅེ་ན།
- རྫུན་བཅས་འདྲ་བ་བྱས་ནས།
- ངའི་སྙན་ངག་འདི་ལ་བཤད་རྒྱུ་ཡོད་པ་མ་རེད་ཅེས།
- ཁྱེད་ཀྱིས་གོ་བ་ཅི་ལྟར་བླངས་ན་ཡག་ཆོག་པ་རེད་ཅེས།
- དེ་ཟེར་བ་རེད།
- དེ་ཡིན་རྒྱུ་ན་གཞུང་ལུགས་ཀྱི་སྐད་ཆ་བཤད་ཚུལ་དེ་ཡིན་པ་རེད།
- འོན་ཀྱང་ཁྱེད་རང་གི་རང་ལོ།
- སྙིང་ཁར་མཛུབ་མོ་བཀུག་ནས་ཁྱེད་ཀྱིས་འདང་རྒྱོབ་དང་།
- ངས་བལྟ་རྒྱུ་ན་ཁྱོད་ཀྱི་ཁོག་ན་ཁྲ་ཤར་སེ་ཡོད་རྒྱུ་རེད།
- ངས་འདི་ན་བཤད་རྒྱུ་འདི་་བཤད་བཞིན་ཡོད།
- དེ་རེད།
- ཁྱོད་ཀྱིས་ང་ལ་དྲིས་ན་ངས་ཁྱོད་བཤད་རྒྱུ་མིན།
- ཁྱོད་རང་ཉིད་སོང་ནསལྟོས་ཟེར་བ་རེད།
- ངོ་མ་བཤད་ན་བོད་ཀྱི་སྙན་ངག་གི་རྣམ་པ་དེ་འདྲ་ཞིག་རེད།
- འོ་ན་འདིའི་རྩ་བ་གང་ལ་ཐུག་ཡོད་ཟེར་ན།
- དོན་གྱིས་རྩོམ་རིག་གི་བློ་སྦྱོང་དེ་བཤད་པ་རེད།
- སློབ་གསོ་ཡི་མྱོང་བའི་སྟེང་ནས་སོང་ན་ཤེས་བ་རེད།
- ང་ཚོས་མི་རིགས་གཞན་པ་ཞིག་གི་སྐད་ཡིག་གི་སློབ་ཁྲིད་དང་།
- བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་གཉིས་བསྡུར་ན་ཤེས་ཐུབ་པ་རེད།
- བོད་ཀྱི་སྐད་ཡིག་གི་སྤྱིར་ན་རྩོམ་མང་པོ་མང་པོ་ཞིག་ཁྲིད་ཀྱི་མེད།
- གལ་ཏེ་ཡིན་རྒྱུ་ན་དེ་སློབ་མ་ཞིག་ལ་ལས་བྱ་འཇོག་རྒྱུ་ན།
- ང་ཚོས་རྩོམ་རིག་གི་གནད་དོན་གཙོ་བོ་གང་ལ་བཞག་ཡོད་ཟེར་ན།
- ཚིག་སྦྱོར་གྱི་སྟེང་ལ་བཞག་ཡོད།
- ཚིག་སྦྱོར་ཡག་པོ་ཡག་པོ་ཞིག་སྤེལ་ནས།
- སྙན་ངག་གི་ཚིག་རྒྱན་གྱི་ཉམས་དང་ལྡན་པ་ཡིན་ན་ད་ཡག་པོ་རེད་ཟེར།
- དེ་ན་ཅི་རེད་ཟེར་ན།
- དོན་གྱིས་ཅི་རེད་ཟེར་ན།
- སྐད་ཆ་ཡག་པོ་ཞིག་བཤད་ན་ཆོག་པ་ཞིག
- སྐད་ཆ་འཁྱོག་པོ་ཞིག་གི་སྒོ་ནས་བརྗོད་བཞིན་པ།
- དེ་ང་ཚོའི་སྙན་ངག་རེད་བསམ་བཞིན་འདུག
- དོན་གྱིས་དེ་འདྲ་ཞིག་མ་རེད།
- རྩོམ་རིག་གི་སློབ་སྦྱོང་ཟེར་བ་དེ་ཡིན་རྒྱུ་ན།
- དོན་གྱིས་ཨོ་ཡ་་་ཁྱོད་ཀྱིས་ཕྱི་རོལ་གྱི་ལྗོངས་ལ་བལྟས་ནས་བསྡད་དེ།
- ཁྱོད་ཀྱི་ཡིད་སེམས་འཕྲོག་པའི་ཆ་དེ་ནས་ཡོང་རྒྱུ་ཞིག་རེད་མ་གཏོགས།
- དེ་ཡིན་རྒྱུ་ན་དེ་སྐད་ཆ་ཡི་ཚིག་སྦྱོར་ལ་བརྟེན་རྒྱུ་ཞིག་མ་རེད།
- ཡིན་པ་མ་རེད།
- ཨོ་ཡ་་་དེ་ན་ང་ཚོས་གོང་ན་བཤད་ཡོད་པ་སྤྱིར་ན་དེ་རེད།
- ཁོ་ཡི་ལྗོངས་བ་ཡི་སྐབས་དེ་ནས།
- མི་སྣ་ཡི་སྐབས་ཀྱི་ལྗོངས་བ་བཞི།
- ཡང་ན་ཡིན་རྒྱུ་ན་ལྗོངས་ཀྱི་ཞིབ་འབྲི་ཡིན་ན་ཆོག་གི
- ཡང་ན་དེའི་ཕན་ཆད་ཀྱི་ཡིན་རྒྱུ་ན་སྤྱིར།
- ཉི་ཟླ་ཡི་འཆར་ནུབ་ལ་སོགས་པ་ཡིན་ན་ཆོག་གི
- གང་ལྟར་ཀྱང་འདི་འདྲའི་རང་བྱུང་ཁམས་ཀྱི་དོན་དག་མང་པོ་མང་པོ་ཞིག
- ཁྱོད་ཀྱིས་བལྟས་ན།
- ཁྱོད་རང་གིས་བལྟ་རྒྱུ་ན།
- ཨོ་་ཡག་སྙམ་རྒྱུ་ཞིག་དང་།
- ཨོ་་དེ་བཙོག་སྙམ་རྒྱུ་ཞིག
- ཡག་བཙོག་གང་དང་གང་ཞིག་ཡིན་ན་ཆོག་གི
- དེར་་ཁྱོད་ཀྱིས་བལྟ་ཞིབ་བྱས་ནས།
- དེའི་ཐུན་མོང་མ་ཡིན་པའི་ཆ་དེར་ཐོན་དུ་བཅུག་ནས།
- བློ་སྦྱོང་དང་སྦྱོང་བ་དེ་ལྟར་བྱས་ན།
- ཁྱོད་ཕན་ཁེ་ཨང་དང་པོ་གང་ནས་ཐོབ་པ་རེད་ཟེར་ན།
- རྩོམ་རིག་གི་བློ་སྦྱོང་གི་ཕྱོགས་ནས་ཐོབ་པ་རེད།
- འོ་ན་འདི་རྨང་གཞི་བྱས་ན་ཅི་རེད་ཟེར་ན།
- སྙན་ངག་ཅིག་བྲིས་ན་ཡང་སྙན་ངག་དེ་ཡིན་རྒྱུ་ན།
- བདེ་ཐང་ཞིག་ཏུ་འགྲོ་ཐུབ་རྒྱུ་རེད།
- འགྱུར་ཐུབ་པ་རེད།
- ང་ཚོས་བལྟས་ན་སྤྱིར་རྩོམ་རིག་ཟེར་བ་འདི།
- བལྟས་ན་ཐད་ཀར་དུ་བརྗོད་རྒྱུ་ཞིག་མ་རེད།
- ཕྱི་རོལ་གྱི་ལྗོངས་ཡིན་ན་ཆོག་གི
- གང་ལྟར་ཀྱང་སྣང་བརྙན་གཞན་ཞིག་གཞེངས་སྐྲུན་བྱས་ནས།
- སྣང་བརྙན་དེ་བརྒྱུད་ནས་མཚོན་དགོས་པ་དེ་འདྲ་ཞིག་རེད།
- འོ་ན་གོང་ནས་བཤད་པའི་སྣང་བརྙན་གཞན་པ་ཞིག་གཞེངས་སྐྲུན་བྱས་ནས།
- སྣང་བརྙན་དེ་བསྒྱུར་ནས་བསམ་བློ་མཚོན་དགོས་ཟེར་ན།
- རྩོམ་པ་པོ་ཡི་འབྲི་རྒྱུ་གཙོ་བོ་གང་རེད་ཟེར་ན།
- ཕྱི་ཡི་སྣང་བརྙན་རེད།
- ཁྱོད་ཀྱི་བསྟན་དོན་དེ་ཕྱི་ཡི་སྣང་བརྙན་གྱི་སྟེང་ལ་སྦས་ནས།
- ཕྱི་ཡི་སྣང་བརྙན་དེ་བྲིས་ནས།
- བྲིས་བ་བརྒྱུད་དེ་ཁྱོད་ཀྱི་བསམ་བློ་མཚོན་རྒྱུ་རེད།
- འོ་ན་རྩོམ་པ་པོ་ཡི་ལས་ཀ་གཙོ་བོ་གང་ན་ཡོད་ཟེར་ན།
- གོང་གི་སྣང་བརྙན།
- ཁྱོས་བསམ་བློ་ཡང་མ་རེད།
- ཨོ་ཡ་་་གཙོ་བོ་གང་ན་ཡོད་ཟེར་ན།
- ཕྱི་རོལ་གྱི་སྣང་བརྙན་དེ་ཡིན་པ་རེད།
- དཔེ་འཇོག་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ཁོ་ཡིན་རྒྱུ་ན་དེ།
- སྙན་ངག་གསར་བ་ཡིས་འཐུས་ཚབ་བྱས་པའི་རྒྱུ་མཚན་གང་ན་ཡོད་ཟེར་ན།
- ཁོ་ཡི་བསྟན་དོན་དེ་ཡིན་རྒྱུ་ན་ཐད་ཀར་སྟོན་པ་མ་རེད།
- ལང་ཚོའི་རྦབ་ཆུ་ལ་མཚོན་རྒྱུ་ན།
- ཁོ་ཡི་གསར་བའི་ཆ་དེ་ཨང་དང་པོ་དེ་གང་ན་ཡོད་ཟེར་ན།
- བསྟན་དོན་དེ་ཐད་ཀར་དུ་མ་བསྟན་པར།
- ནང་ལ་རྦབ་ཆུ་ཞིག་བཞེངས་སྐྲུན་བྱས་བ་རེད།
- དེ་ཁོ་ཡི་ཁྱད་ཆོས་ཨང་དང་པོ་ཡིན་ཟེར་པ་རེད།
- སྤྱིར་ན་ང་ཡིན་རྒྱུ་ན་དེ་རེད།
- ལང་ཚོའི་རྦབ་ཆུ་དེ་རང་མོས་སྙན་ངག་ཨང་དང་པོ་ཡིན་ཞེས།
- ཚིགས་སུ་གཅོད་སྟངས་ཀྱི་སྟེང་དེ་ནས་ཡིན་རྒྱུ་ན།
- རང་མོས་ཀྱི་ཚུལ་དུ་བཅད་པ་དང་།
- ཡང་ན་ཚེག་ཁྱིམ་དོ་མི་མཉམ་པའི་ཚུལ་དུ་བཅད་པ།
- དེ་ཡིན་རྒྱུ་ན་ཡ་མཚན་རྒྱུ་མེད་པ་རེད།
- ང་ཚོའི་བོད་ལ་དེའི་བར་དེ་ན་སྐོར་ལོག་ཅིག་ཡོད་པ།
- རང་མོས་སྙན་ངག
- བོད་ཀྱི་སྲོལ་རྒྱུན་གྱི་ཚིགས་སུ་གཅོད་སྟངས་དང་།
- མི་འདྲ་བ་ཞིག་གི་ཚིགས་སུ་གཅོད་སྟངས་ཤིག་སྤེལ་ན།
- ད་ཡིན་རྒྱུ་ན་རང་མོས་སྙན་ངག་ཅེས་པ་དེ་ཡ་མཚན་པ་ཞིག་རེད་ཟེར་བཞིན་ཡོད།
- དོན་གྱིས་ཡིན་རྒྱུ་ན་ཚིག་སྦྱོར་གྱི་ཆ་དེ་ནས།
- མི་འདྲ་བ་ཞིག་བཟོས་པ་དེར་ཡ་མཚན་རྒྱུ་མེད་པ།
- ཡ་མཚན་རྒྱུ་ངོ་མ་དེ་གང་ནས་མཚར་དགོས་ཟེར་ན།
- བོད་ཀྱི་སྙན་ངག་དེ་ཡིན་རྒྱུ་ན་མ་གཞི་ནས་ཡིན་རྒྱུ་ན།
- ཐད་ཀར་དུ་བཤད་པའི་སྙན་ངག་ཅིག་རེད།
- ལང་ཚོའི་རྦབ་ཆུ་ཡི་བསྟན་དོན་དེ་ཐད་ཀར་དུ་མ་བཤད་པར།
- སྙན་ངག་གི་ནང་ལ་ཡིན་རྒྱུ་ན་རྦབ་ཆུ་ཞེས།
- བལྟས་མ་ཐག་ཏུ་དོན་སྙིང་མེད་པ།
- ཕྱི་རོལ་གྱི་ཆོས་ཤིག་བྲིས་ནས།
- ཕུག་ན་གཞོན་ནུའི་ལང་ཚོ་ཡི་བསིལ་ཤུགས།
- དེ་ཡིན་རྒྱུ་ན་ཇི་མ་ཇི་བཞིན་དུ་མངོན་པ་དེ།
- དེ་ཅི་རེད་ཟེར་ན་དགེ་མཚན་རེད།
- སྙན་ངག་གསར་བའི་དགེ་མཚན་ཡང་དེ་ན་ཡོད།
- ང་ཡིན་རྒྱུ་ན་དེ་རེད།
- ནམ་ཡིན་ན་བཤད་རྒྱུ་ཅི་རེད་ཟེར་ན།
- རང་མོས་སྙན་ངག་ཟེར་བའི།
- དོན་སྙིང་དེ་ཚིགས་སུ་གཅོད་སྟངས་ཀྱི་སྐབས་དེ་ནས་གོ་བ་བླངས་དུས།
- བོད་ལ་རང་མོས་སྙན་ངག་དར་བའི་དོན་སྙིང་དེ་ཇི་མ་ཇི་བཞིན་དུ་ངོས་མ་ཟིན་པ།
- བོད་ལ་རང་མོས་སྙན་ངག་དར་བའི་དོན་སྙིང་དེ་གང་ན་ཡོད་ཟེར་ན།
- སྙན་ངག་འབྲི་ཚུལ་གྱིས་སོང་ན་ཡིན་རྒྱུ་ན།
- ཐད་ཀར་དུ་བརྗོད་པ་མ་ཡིན་པར།
- སྙན་ངག་གི་ནང་ལ་ཡིན་རྒྱུ་ན།
- ཕྱི་རོལ་གྱི་ཆོས་ཤིག་གཞེངས་སྐྲུན་བྱས་ནས།
- ཁོ་ཉིད་ཀྱི་མཚོན་དོན་དེ་བྱས་ནས་རང་གི་བསྟན་དོན་དེ་མཚོན་རྒྱུ།
- འདི་ཅི་རེད་ཟེར་ན་སྙན་ངག་གསར་བའི་ཁྱད་ཆོས་རེད།
- དེ་ཡིན་པས་ང་ཚོའི་བལྟས་ན་དེ་རེད།
- རྩོམ་པ་པོ་ཡི།
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ཡིན་ན།
- དོན་གྲུབ་རྒྱལ་རང་ཉིད་ལ་མཚོན་རྒྱུ་ན་ཡང་།
- ཁོའི་འགན་ཁུར་ཨང་དང་པོ་གང་ན་ཡོད་ཟེར་ན།
- རྦབ་ཆུ་དེ་ཅི་ལྟར་དུ་གཞེངས་སྐྲུན་བྱེད་རྒྱུ་ཡིན་པ་དེ་གཙོ་བོ་རེད།
- དེ་ཡིན་ན་རྩོམ་པ་པོ་ཡིས།
- དེ་ཡིན་རྒྱུ་ན་རྦབ་ཆུ་དེ་ཅི་ལྟར་དུ་གཞེངས་སྐྲུན་བྱས་ཡོད་ཟེར་ན།
- ཐོག་མར་སྔོ་ཞིང་སིང་བའི་ནམ་མཁའ།
- ཁོར་ཡུག་ལྷིང་འཇགས་སམ་དྭངས་གསལ་གྱི་ཁོར་ཡུག་ཅིག་བསྐྲུན།
- དེའི་ནང་དེར་ཅི་རེད་ཟེར་ན།
- དྲག་ཏུ་འབབ་པའི་སྟོབས་ལྡན་ཤུགས་ཆེན་གྱི་རྦབ་ཆུ་ཞིག་བྲིས།
- དེའི་རྗེས་ནས་རྦབ་ཆུ་དེ་ལ་མཛེས་བ་བྱུགས་ནས།
- ཆུ་ཡི་བཞུར་སྒྲ།
- ཁོ་ཡིན་རྒྱུ་ན་དེ་ད་རུང་ཆུ་བོའི་བཞུར་སྒྲ་དང་།
- ཁོ་ཡི་སྟེང་གི་འོད་ཡོད་ལ།
- དེ་ལ་སོགས་པ།
- རྦབ་ཆུ་དེ་དཔྱིད་གསུམ་མཁའ་ནས་བབས་པའི་ཆར་ཆུ་དང་།
- དབྱར་གསུམ་ས་འོག་ནས་རྡོལ་བའི་ཆུ་མིག
- སྟོན་གསུམ་ས་སྟེང་སེལ་བའི་ཉིང་བཅུད།
- ཡང་ན་དེའི་རྗེས་ན་ཡོད་པའི།
- ཁྱོད་ཀྱི་ཆུ་འགོ་གངས་དང་འབྲེལ་ཞིང་ཆུ་རྔ་རྒྱ་མཚོར་འབྲེལ་བ་ཆེན་པོ་ཡོད།
- འདི་འདྲ་ཞིག་གིས།
- རྦབ་ཆུ་ཡི་ཕྱོགས་མང་པོ་ཞིག་བྲིས་ནས་བསྡད་དེ་ཅི་རེད་ཟེར་ན།
- སྙན་ངག་གི་ནང་ན་ཡིན་རྒྱུ་ན།
- སྣང་བརྙན་རྦབ་ཆུ་ཞེས་པའི་ཆོས་ཤིག་གཞེངས་སྐྲུན་བྱས་བ།
- འདི་ཅི་རེད་ཟེར་ན།
- དེ་ན་ང་ཚོར་མཚོན་ན་ཡང་སྤྱིར་དེ་འདྲ་ཞིག་ཡིན་དགོས་པ་རེད།
- ཨོ་ཡ་་་ཁྱོད་ཀྱིས་སྙན་ངག་གི་བློ་སྦྱོང་གི་ངོས་ནས་བཤད་རྒྱུ་ན།
- དོན་གྱིས་ཅི་རེད་ཟེར་ན།
- རྩོམ་རིག་གི་བློ་སྦྱོང་གི་ཆ་དེར་ཕྱི་རོལ་གྱི་གཟུགས་ཤིག
- ཡང་ན་ད་བར་གྱི་གཞུང་ལུགས་ཀྱི་སྐད་ཆ་ཡིས་བཤད་ན།
- དེ་ཡིད་སྙམ་ཡང་ན་མཚོན་དོན།意向
- དང་མཚོན་དོན་གཉིས་ཡིན་རྒྱུ་ན།意向
- མཚམས་རེར་གི་གྲལ་ལ་བསྡུས་ན་ཡང་ཆོག意向
- ཨོ་ཡ་་འདི་ཅི་རེད་ཟེར་ན།
- ཤིན་ཏུ་གལ་ཆེ་བ་རེད།
- དེ་ན་ཁྱོད་ཚོས་ལྟོས་དང་།
- སྙན་ངག་པ་ཞིག་ལ་མཚོན་ན།
- སྙན་ངག་པ་ཡི་འགན་ཁུར་གང་ན་ཡོད་ཟེར་ན།
- ཕྱི་རོལ་གྱི་་་གོང་ནས་བཤད་པའི་ཡིད་སྙམ།
- ཡང་ན་ཕྱི་རོལ་གྱི་སྣང་བརྙན།
- འདི་ཨོ་ཡ་་་རྩོམ་རིག་ཅན་དུ་གཏོང་རྒྱུ།
- མཛེས་རྟོག་གི་རིན་ཐང་ལྡན་པ་ཞིག་ཏུ་གཏོང་རྒྱུ།
- འདི་ཨོ་ཡ་་་ང་ཚོས་སྦྱོང་བ་བྱེད་པའི་ནུས་བའི་ཆ་གཙོ་བོ་ཡིན།
- དེ་ཡིན་པས་ལ་ལ་ཞིག་གིས་ཅི་ཟེར་ཞེས་ན།
- བརྩམས་སྒྲུང་གི་རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- འགན་ཁུར་གང་རེད་ཟེར་ན།
- མི་སྣ་ཡི་གཤིས་ཀ་འབྲི་བ་རེད།
- མི་སྣ་ཡི་གཤིས་ཀ་གཞེངས་སྐྲུན་བྱ་བ།
- སྙན་ངག་པ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- སྙན་ངག་གི་འགན་ཁུར་གཙོ་བོ་གང་ན་ཡོད་ཟེར་ན།
- ཡིད་སྙམ་གཞེངས་སྐྲུན་བྱེད་རྒྱུ་གཙོ་བོ་ཡིན།
- འདུ་ཤེས་དེ་གལ་ཆེ་བ་རེད།
- འོ་ན་ཡིད་སྙམ་གཞེངས་སྐྲུན་བྱེད་དགོས་ན།
- ཡིད་སྙམ་དེ་ཅི་རེད་ཟེར་ན།
- ཕྱི་རོལ་གྱི་ཆོས་རྐྱང་བ་ཞིག་ཡིན་པ་མ་རེད།
- ཡིད་སྙམ་དེ་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་ཁྱོད་ཚོས་བལྟས་ན།
- ཁོ་ཡིན་རྒྱུ་ན་མཛེས་རྟོག་གི་རིན་ཐང་ལྡན་པ་ཞིག་ཏུ་གཏོང་རྒྱུ་དེ་གཙོ་བོ་རེད།
- འོ་ན་དེ་ཡིན་པའི་སྟབས་ཀྱིས།
- ང་ཚོས་གོང་ནས་བཤད་པ།
- ཕྱི་རོལ་གྱི་རི་ར་བའི་ཁང་ཁྱིམ་དང་།
- ཉི་ཟླ་ཡི་འཆར་ནུབ་ལ་སོགས་པ།
- འདི་ཡི་རྣམ་པ་དེ་བྲིས་ནས་བསྡད་དེ།
- སྒྲ་སྤྱི་དང་དོན་སྤྱི་འཆར་རུ་འཇུག་རྒྱུའི་སྦྱོང་བ་བྱས་ན་ཅི་རེད་ཟེར་ན།
- ཕྱི་རོལ་གྱི་ཆོས་དེ་ལ་ཡིན་རྒྱུ་ན།
- མཛེས་རྟོག་གི་རིན་ཐང་དེའི་སྟེང་ལ་འཇོག་ཐུབ་པའི་གོ་རིམ་ཞིག་རེད།
- འདི་ཅི་རེད་ཟེར་ན།
- ཁྱོད་རྩོམ་འབྲི་མཁན་ཞིག་ལ་མཚོན་རྒྱུ་ན།
- ཁྱོད་རང་གི་འབྲི་རྩལ་གྱི་བློ་སྦྱོང་ཞིག་རེད།
- འོ་ན་དེ་ཕན་ཆད་ནས་དེ་ལས་ཀྱང་གལ་ཆེ་བ་དེ་ཅི་རེད་ཟེར་ན།
- རྩོམ་ཞིག་ལ་བལྟ་ན།
- ད་ཡིན་རྒྱུ་ན་རྩོམ་རིག་གི་བློ་སྦྱོང་ངོ་མ་འདི་འདྲ་ཞིག་གི་སྟེང་ན་ཡོད་པ་རེད།
- དེ་མ་གཏོགས་རྩོམ་སྤྱི་ཡི་སྟེང་གི་ཡིན་རྒྱུ་ན་དེ།
- བརྗོད་བྱའི་སྙིང་བོར་ངོས་འཛིན་པ་དེ་ཅི་རེད་ཟེར་ན་སྤྱི་སྡོམ་རེད།
- ད་ནངས་ང་ཚོས་བཤད་པ་དེ་རེད།
- རྩོམ་རིག་ཅིག་གི་མཛེས་བ་དེ་ཡིན་རྒྱུ་ན།
- བརྗོད་བྱའི་སྙིང་བོ་ཁོ་ན་ཡིན་པ་མ་རེད།
- བརྗོད་བྱའི་སྙིང་བོ་ཡི་ཕན་ཆད་ན།
- ད་རུང་ཡིན་རྒྱུ་ན།
- རྩོམ་རིག་གི་རིན་ཐང་མང་པོ་མང་པོ་ཞིག་ཡོད་པ།
- ཕྱོགས་མང་པོ་ཞིག་ཡོད་པ་རེད།
- འོ་ན་གོང་ནས་བཤད་པའི་སྒྲ་སྤྱི་དང་དོན་སྤྱི་འཆར་བར་བྱས་ཡོད་པ།
- ཡང་ན་ང་ཚོས་སྔོན་ན་བཤད་པ།
- མི་ལ་རས་བའི་རྣམ་ཐར་གྱི་སྟེང་ན་བཤད་པ་དེ་རེད།
- ཕྲ་རབ་ཀྱི་སྟེང་ན་ཡིན་རྒྱུ་ན་ཡིད་འཕྲོག་པའི་ཆ་ཡོད་པ་ལ་སོགས་པ།
- འདི་འདྲའི་ཕྱོགས་མང་པོ་ཞིག་ན་ཐོན་རྒྱུ་ཡོད་པ་རེད།
- དེ་ཡིན་པས།
- དེ་ང་ཚོས་བཤད་པའི་སྒྲ་སྤྱི་དང་དོན་སྤྱི་འཆར་རུ་འཇུག་པའི།
- ཞིབ་འབྲི་ཡི་སྦྱོང་བ་འདི་ལ་ཕན་ཁེ་གཉིས་ཡོད།
- ཕན་ཁེ་གཉིས་ཡོད།
- གཅིག་འབྲི་བ་ལ་ཕན་ཐོགས་པ།
- དེ་ལས་ཀྱང་གལ་ཆེ་བ་ནི་ང་ལ་མཚོན་རྒྱུ་ན་གང་རེད་ཟེར་ན།
- རྩོམ་རིག་གི་བློ་སྦྱོང་གི་ཕྱོགས་ལ་ཕན་ཐོག་ཆེན་པོ་ཐོན་ཡོད།
- འདི་བོད་ལ་མཚོན་རྒྱུ་ན་ལྐོག་གྱུར་ཡིན་པ་རེད།
- བོད་ཀྱི་རྩོམ་དེ་མ་གཞི་ནས་ཐད་ཀར་དུ་བརྗོད་རྒྱུ་ཞིག་རེད།
- བོད་ཀྱི་རྩོམ་དེ་ཡིན་རྒྱུ་ན་ཁྱེད་ཚོས་ལྟོས་དང་།
- ཕྱི་རོལ་གྱི་ཆོས་དེ་བྲིས་ནས་བསྡད་དེ།
- དེ་འབྲི་བ་བརྒྱུད་ནས་རྩོམ་གྱི་བསམ་བློ་མཚོན་པ་དེ་ཉུང་བ་རེད།
- ཁྱེད་ཚོས་ལྟོས་དང་ཉུང་བ་རེད།
- བོད་ཀྱི་བརྩམས་སྒྲུང་ལ་མཚོན་རྒྱུ་ན།
- མི་སྣ་ཞིག་གིས་ཁ་བརྡ་བྱེད་དུས།
- ཚིགས་སུ་བཅད་པའི་སྐབས་དེར་འཁོར་བ་ལ་སྙིང་བོ་མེད་པ་དང་།
- མི་རྟག་པ་ཡིན་པ་དང་།
- ཐད་ཀར་ཐད་ཀར་དུ་བརྗོད་ཡོད་པ་རེད།
- བོད་ཀྱི་རྩོམ་དེ་ཡིན་རྒྱུ་ན།
- ཐད་ཀར་དུ་བརྗོད་པའི་གོམས་གཤིས་སུ་གྱུར་བ་དེ་རེད།
- འོ་ན་རྩོམ་རིག་གསར་བ་དེ་ཅི་རེད་ཟེར་ན།
- དེ་འདྲ་ཞིག་མ་རེད།
- ཐད་ཀར་དུ་བརྗོད་པ་མ་རེད།
- ངེས་པར་དུ་ཕྱི་རོལ་གྱི་སྣང་བརྙན་ཞིག་ལ་འཁེན་ནས།
- ཕྱི་རོལ་གྱི་སྣང་བརྙན་དེ་བརྒྱུད་དེ་ད་བཟོད་མཚོན་པ་རེད།
- ཨོ་ཡ་་་འདིའི་སྐབས་འདི་ནས་ང་ཚོའི།
- ང་ཚོའི་སེམས་ན་དྲན་རྒྱུ་གང་ཞིག་དྲན་ན་འགྲིག་པ་རེད་ཟེར་ན།
- རྒྱ་ཡི་འདྲ་བ་སེམས་ན་དྲན་ན་འགྲིག་གི唐诗
- ཁྱེད་ཚོས་བལྟས་ན་ཧ་གོ་རྒྱུ་ཡོད་པ་རེད།
- ཧ་གོ་རྒྱུ་ཡོད་པ་རེད།
- ང་མཚོན་ན་ཡང་དེ་རེད།
- བོད་ཀྱི་སྙན་ངག་གི་མཐོ་བརྒལ་འཇོག་དགོས་ན།
- ངས་བལྟ་རྒྱུ་ན་གང་ལ་བལྟ་ས་བྱས་ན་འགྲིག་གི་ཟེར་ན།
- རྒྱ་ཡི་ལྟ་བུ་ཞིག་ལ་བལྟ་ས་བྱས་ན་འགྲིག་གི་བསམ།唐诗
- ཁོས་ཡིན་རྒྱུ་ན་རི་ཞིག་བྲིས་ཡོད་པ་འདྲ་བ།
- ཉི་མ་ཞིག་ནུབ་པའི་ཆ་བྲིས་ཡོད་པ་འདྲ་བ།
- དེ་འདྲའི་སྐོར་བྲིས་ཡོད་པ།
- ཕྱི་རོལ་གྱི་ལྗོངས་ཁུང་ལ་བཙུགས་ཡོད་པ།
- སྙན་ངག་ལ་བལྟས་ན་ཕྱི་རོལ་གྱི་ལྗོངས་ཡིན་པ་རེད།
- འོན་ཀྱང་ལྗོངས་དེའི་ཁུང་གསེང་ཞིག་ན་ཅི་རེད་ཟེར་ན།
- མི་ཡི་ཡིན་རྒྱུ་ན་བརྩེ་དུང་ཡིན་ན་ཆོག་གི
- ཡིད་འགྱུར་ཡི་ཆ་དྲག་པོ་ཞིག་ནང་ལ་སྦས་ཡོད་པ།
- དེ་ཅི་རེད་ཟེར་ན།
- རྩོམ་རིག་གི་ཆོས་ཉིད་ངོ་མ་དེ་རེད།
- དེ་མ་གཏོགས་ཡིན་རྒྱུ་ན་ཐད་ཀར་དུ་བརྗོད་རྒྱུ་ཞིག་མ་རེད།
- འོ་ན་ང་ཚོའི་བོད་ཀྱི།
- དེ་རིང་སང་ཉིན་གྱི་སྙན་ངག་གི་རྣམ་པ་ཡིས་བཤད་རྒྱུ་ན།
- ངས་བལྟ་རྒྱུ་ན་ཅི་རེད་ཟེར་ན།
- ཚང་མ་ཡིན་རྒྱུ་ན་སྔར་བཞིན་དུ།
- བོད་ཀྱི་སྲོལ་རྒྱུན་གྱི་སྙན་ངག་གི་འདང་བརྒྱག་ཚུལ་དང་གཅིག་རེད།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་མཚོན་རྒྱུ་ན།
- བསྟན་དོན་ཞིག་ཡོད་པ་རེད།
- བསྟན་དོན་དེ་ལ་ཅི་ཞིག་བྱེད་རྒྱུ་རེད་ཟེར་ན།
- དཔེ་དང་གཟུགས་རྒྱན་དཔེ་གཟུགས་སྦྱར་ནས་ཅི་རེད་ཟེར་ན།
- དཔེ་དང་དཔེ་ཅན་དཔེ་དང་དཔེ་ཅན་གྱི་ཚུལ་དུ་འབྲི་རྒྱུ་རེད།
- འོ་ན་ང་ཚོའི་དེ་རིང་སང་ཉིན་གྱི་སྙན་ངག་ལ་མཚོན་རྒྱུ་ན།
- ཁྱེད་ཚོས་ལྟོས་དང་ཕལ་ཆེར་དེ་རེད།
- མི་ཞིག་གི་བརྩེ་དུང་ལ་ཕམ་ཁ་བྱུང་ན།
- ཁོ་ཡི་ཅི་ཟེར་བ་རེད་ཅེ་ན།
- བརྩེ་དུང་ལ་རྫོགས་ཚིག་བཀོད་པ་དེ་ཟེར་བ་རེད།
- དེ་སྙན་ངག་ཡིན་པར་བཅོས་ཡོད་པ་རེད།
- དོན་གྱིས་དེ་སྙན་ངག་རེད་དམ་མ་རེད་ཟེར་ན།
- དེ་སྙན་ངག་མ་རེད།
- སྐད་ཆ་ཡི་སོང་ན་འཁྱོག་བརྗོད་རེད།
- བརྩེ་དུང་དེ་རྫོགས་སོང་བ་རེད།
- དེ་ལྟར་བཤད་ན་ཁྱོད་ཀྱི་སེམས་ན་དེ་དྲན་ཡོད་པ་རེད།
- དེ་ལྟར་བཤད་ན་སྤྱིར་བཏང་གིས་ཕལ་བའི་སྐད་ཆ་ཞིག་རེད།
- ཁྱོད་ཀྱིས་སྐད་ཆ་དེ་ཅི་རེད་ཟེར་ན།
- སྐད་ཆ་བཤད་ཕྱོགས་བརྗེ་ནས་རྫོགས་ཚིག་བཀོད་པ་རེད་ཟེར།
- དེ་གཞན་ཞིག་ལ་བརྗེ་བ་རེད།
- གཞན་ཞིག་གིས་བལྟ་རྒྱུ་ན།
- ཨོ་་་དེ་ཚིག་ཡག་པོ་ཞིག་རེད་བསམ་རྒྱུ་རེད།
- དེ་ད་རུང་ཡིན་རྒྱུ་ན་གནས་འགྱུར་བྱུང་མེད་པ་རེད།
- མེད་གི质的变化
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོའི་སེམས་ན་དྲན་རྒྱུ་དེ་སྔར་བཞིན་དུ་ཡིན་རྒྱུ་ན།
- ཁྱོད་ཀྱི་སེམས་ན་ཡིན་རྒྱུ་ན་བརྗོད་དོན་དེ་གསལ་བོ་ཡིན་པ་རེད།
- སྐད་ཆ་བཤད་དུས་བརྗོད་དོན་དེ་ཐམས་ཅད་ལ།
- སྟེང་ལ་གོན་པ་གཞན་ཞིག་གྱོན་ནས་བསྡད་དེ་ཅི་རེད་ཟེར་ན།
- བལྟས་ན་གོན་པ་ཁྲ་ཁྲ་རིག་རིག་ཅིག་གྱོན་ཡོད་པ་ཡིན་མོད།
- ནང་ན་སྔར་བཞིན་དུ་ཁྱོད་ཀྱི་བརྗོད་དོན་དེ་ཡིན་རྒྱུ་ན།
- སྒྲོམ་གཞི་དེ་ཡོད་པ་རེད།
- འོ་ན་སྤྱིར་ཡིན་རྒྱུ་ན་ད་བར་གྱི་རྩོམ་རིག་གསར་བ་ལ་མཚོན་རྒྱུ་ན།
- ཁོའི་འབྲི་ཚུལ་དེ་འདྲ་ཞིག་མ་རེད།
- བསྟན་དོན་ཡོད་པ།
- བསྟན་དོན་དེ་སྐུང་ནས།
- ཡང་བསྐྱར་སྐད་ཆ་བཤད་སྟངས་གཞན་ཞིག་ལ་བསྒྱུར་ན།
- དེའི་མིང་ལ་ཅི་ཟེར་བ་རེད་ཅེ་ན།
- བོད་ཀྱི་འབྲི་ཚུལ་ལྟར་ན་བསྡུས་བརྗོད་ཀྱི་རྒྱན་རེད།
- བསྡུས་བརྗོད་ཀྱི་རྒྱན་དེ་ད་རུང་སྙན་ངག་ལ་མི་འགྱུར།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- གོང་ནས་བཤད་པ་གཙོ་བོ་ཅི་རེད་ཟེར་ན།
- བསྡུས་བརྗོད་དེ་བོད་ཀྱི་འབྲི་ཚུལ་ཅི་རེད་ཟེར་ན།
- ཁོ་ཚུལ་དུ་རེད།符号
- ཞིག་གི་ཚུལ་རེད།符号
- ཁོ་ད་རུང་ཡིན་རྒྱུ་ན་རི་མོ་བ་ཞིག་གིས་བྲིས་པའི་རི་མོ་མ་རེད།
- དཔེ་འཇོག་རྒྱུ་ན་གན་ན་བསྒྱུར་རྟགས་ཤིག་རྒྱབ་ཡོད་ན།
- བསྒྱུར་རྟགས་ལ་བསྒྱུར་སོང་ན།
- ཨོ་་་བསྒྱུར་རྟགས་དེ་ཡག་པ་རེད་ཟེར་རྒྱུ་མེད་གི
- དེ་ཅི་རེད་ཟེར་ན།
- ཨོ་་་བསྒྱུར་རྟགས་འདིས་ཅི་ཞིག་མཚོན་ཡོད་ཟེར་ན།
- འདི་ན་མི་རུང་བ་ཞིག་ཡོད་གི
- བསྟན་དོན་དེ་ཁོ་ཡིས་མཚོན་ཡོད།
- འོ་ན་རི་མོ་ཡིན་ན་དེ་འདྲ་མ་རེད།
- རི་མོ་བ་ཞིག་གིས་བསྒྱུར་རྟགས་ཤིག་བརྒྱབ་ན་ཡང་།
- ཁྱེད་ཚོས་ལྟོས་དང་འདི་མི་རུང་བ་དེ་ཙམ་ཞིག་ཡིན་པ་མ་རེད།
- ཁོ་ཡི་བསྒྱུར་རྟགས་དེ་ཡག་པོ་ཡག་པོ་ཞིག་རེད།
- བསྒྱུར་རྟགས་རང་སྟེང་ན་ཡིན་ན་མཛེས་བ་ཡོད་པ་དེ་འདྲ་ཞིག་ཡིན་པ།
- བོད་ཀྱི་རྩོམ་རིག་ལ་སྦྱར་ནས་སོང་ན་ཡང་།
- སྲོལ་རྒྱུན་གྱི་སྙན་ངག་དང་།
- ཡང་ན་བོད་ཀྱི་ད་སྐབས་ཀྱི་སྙན་ངག་འབྲི་བ་ལ་མཚོན་རྒྱུ་ན།
- ཚང་མ་གནད་དོན་གཙོ་བོ་ཅི་ཞིག་ཏུ་ལོག་ཡོད་ཟེར་ན།
- ཁོའི་ནང་དེ་ན་གོང་ནས་བཤད་པའི་ཡིད་སྙམ་དེ་ཡོད་པ།
- ཟླ་བ་ཟེར་བ་འདྲ།
- དར་ལྕོག་ཟེར་བ་འདྲ།
- ཡོད་པ།
- འོན་ཀྱང་ཟླ་བ་རང་སྟེང་ན།
- དར་ལྕོག་རང་སྟེང་ན་ཡིན་རྒྱུ་ན་མཛེས་བ་མེད་གི
- དེ་མ་འགྲིག་པ་རེད།
- འོ་ན་ཡིན་རྒྱུ་ཅི་ཡིན་དགོས་པ་རེད་ཟེར་ན།
- རྩོམ་རིག་གི་ནང་ན་ཟླ་བ་ཡང་ཡོད་རྒྱུ་རེད།
- དར་ལྕོག་ཡང་ཡོད་ངེས་རེད།
- རྩོམ་རིག་ལ་མཚོན་རྒྱུ་ན་ཅི་བྱེད་དགོས་ཟེར་ན།
- ཟླ་བ་རང་སྟེང་ན་མཛེས་བ་ཡོད་དགོས་བ་དང་།
- དར་ལྕོག་རང་སྟེང་ན་མཛེས་བ་ཡོད་དགོས་བ།
- དེ་ཡིན་རྒྱུ་ན་གཙོ་བོ་རེད།
- དེ་ཅི་རེད་ཟེར་ན།
- གཅིག་རང་སྟེང་ན་དཔེ་རང་སྟེང་ན།
- ཡང་ན་ཆོས་རང་སྟེང་ན།
- མཛེས་ཆ་དེ་མེད་སོང་དུས་ཅི་རེད་ཟེར་ན།
- བརྡ་རྟགས་ཙམ་རེད།
- ཙམ་རེད།符号
- འོ་ན་རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གི་ནང་ན་བྱུང་ཡོད་པའི་ཡིད་སྙམ་ཡིན་ན་ཆོག་གི
- དཔེ་ཡིན་ན་ཆོག་གི་དེ་གོང་ནས་བཤད་ཡོད་པ།
- བརྡ་རྟགས་ཙམ་ཡིན་ན་འགྲིག་པ་མ་རེད།
- ཨོ་ཡ་་དཔེ་རང་སྟེང་ན་མཛེས་བ་དགོས་པ་རེད།
- འོ་ན་དཔེ་རང་སྟེང་གི་མཛེས་བ་དེ་ཅི་ལྟར་ཡོད་དུ་འཇུག་དགོས་ཟེར་ན།
- བློ་སྦྱོང་རེད།
- གོང་ནས་བཤད་པ་དེ་རེད།
- ཉི་མ་དེ་ཟླ་བ་ཤར་བ་འབྲི་བའི་སྐབས་དེར།
- ཟླ་བ་ཤར་བའི་ཆ་དེ་ན་ཡིན་རྒྱུ་ན།
- མཛེས་བའི་མཛེས་ཆ་དེ་ཡོད་གི
- དཔེ་འཇོག་རྒྱུ་ན་ཁོ་ཡི་སྟེང་ན་ཡིན་རྒྱུ་ན།
- ལྷིང་འཇགས་ཀྱི་ཉམས་ཐོན་ཡོད་པ་ལྟ་བུ།
- ཡང་ན་ཡིན་རྒྱུ་ན་དྭངས་གཙང་གི་ཉམས་ཐིན་ཡོད་པ་ལྟ་བུ།
- དཔེ་འཇོག་རྒྱུ་ན་ཤར་ཕྱོགས་རི་བོ་རྩེ་ནས་དཀར་གསལ་ཟླ་བ་ཤར་བྱུང་།
- ཤར་ཕྱོགས་ཀྱི་ཟླ་བ་ཤར་བ་རེད་དེ་ཁོ་ན་ཙམ་ཞིག་མ་རེད།
- ཉམས་སུ་མྱོང་བ་དང་མཉམ་དུ།
- ང་ཚོའི་སེམས་ན་ཅི་ཞིག་ཤར་ཐུབ་ཟེར་ན།
- འདི་འདྲའི་ལྷིང་འཇགས།
- དྭངས་གཙང་།
- གསར་བ་དང་གསལ་བ་ཡིན་པའི་ཉམས།
- དེ་ཡིན་ན་ཅི་རེད་ཟེར་ན།
- སྙན་ངག་གི་སྐབས་ལ་མཚོན་རྒྱུ་ན་གོང་ནས་བཤད་པའི་ཉམས།
- བོད་ཀྱི་སྐད་ཆ་ཡིས་བཤད་ན་ཉམས་དེ་ཟེར་བ་རེད།
- གཞུང་ལུགས་གསར་བ་ཡི་སྐད་ཆ་ཡིས་བཤད་ན།
- ལྷག་པར་དུ་རྒྱ་ཡི་གཞུང་ལུགས་ལྟར་བཤད་རྒྱུ་ན།
- དེ་ཟེར་བ་རེད།语境
- འདི་ཅི་རེད་ཟེར་ན།
- ཤིན་ཏུ་གལ་ཆེ་བ་རེད།
- གོང་ནས་བཤད་པའི་སྒྲ་སྤྱི་དང་དོན་སྤྱི།
- གང་རུང་ཞིག་འཆར་རུ་འཇུག་དགོས་ཟེར་བ་དེ།
- སྒྲ་སྤྱི་དང་དོན་སྤྱི་དེ་ཡིན་རྒྱུ་ན།
- རྣམ་པ་ཇི་མ་ཇི་བཞིན་དུ་མངོན་དུ་འཇུག་རྒྱུ།
- དེའི་ཕན་ཆད་ནས་ང་ཚོར་གལ་ཆེ་པ་ཞིག་ཡོད་པ་དེ་གང་རེད་ཟེར་ན།
- རྣམ་པ་ཇི་མ་ཇི་བཞིན་དུ་དམིགས་པ་མ་ཟད་།
- དེའི་ཕན་ཆད་ནས་གོང་ནས་བཤད་པའི།
- གི་མཛེས་བ།语境
- དེ་སྙན་ངག་གི་ཁམས་ཞེས་ལོ་ཙྭ་བྱས་མྱོང་ཡོད་མོད།语境
- གང་ལྟར་ཀྱང་ང་ཚོའི་སྙན་ངག་གི་ཁམས་ཟེར་ན།
- དེ་ཚང་མའི་རིག་མྱོང་ཡོད་རྒྱུ་རེད།语境
- ཡོད་གི语境
- དེ་ཡིན་རྒྱུ་ན་རྩོམ་རིག་ལ་མཚོན་ན་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་རེད།
- ཡ་་་དེ་འདྲ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- ང་ཚོས་བཤད་པའི་སྙན་ངག་ཡོངས་སུ་རྫོགས་པའི་ཆ།
- དེའི་ནང་ལ་དགོས་པའི་ཉམས་དང་ཞེས་བཤད་ན་ཆོག语境
- ཡང་ན་ཡིན་རྒྱུ་ན་དེ་སྙན་ངག་ཡིན་ན་ཆོག་གི
- བརྩམས་སྒྲུང་ཡིན་ན་ཆོག་གི
- ཁོ་ཡི་མཁེན་སོ་དེ་ཡིན་རྒྱུ་ན་ཐད་ཀར་མ་ཡིན་པ།
- ཕྱི་རོལ་གྱི་ལྗོངས་ཤིག་ཡིན་པ།
- དེའི་ངོས་ནས་བཤད་ན་ཆོག་གི
- གང་ལྟར་ཀྱང་ཡིན་རྒྱུ་ན་ཕྱི་རོལ་གྱི།
- རི་ར་བ་ཁང་ཁྱིམ་ལ་སོགས་པ།
- འདི་ལ་བལྟས་ནས་བསྡད་དེ་ཁྱོད་ཀྱིས་སྨྱུག་ཁ་སྦྱང་རྒྱུ།
- འདི་ཅི་རེད་ཟེར་ན།
- རྩོམ་རིག་ལ་མཚོན་རྒྱུ་ན་ཐོག་མར་འཇུག་དགོས་པ་རེད།