06 May 2013
29 min 20 sec
Video Overview
Creators:
Gangri Pumo, Drangchar
This video is the first part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province. Professor Dongrub Tsering teaches at Qinghai Normal University.
- ང་རང་གི་བཤད་བྱ་གཙོ་བོ།
- དེང་རབས་རྩོམ་རིག་གི་ཟུར་རམ་རྩོམ་རིག་ལོ་རྒྱུས་ཀྱི་ཟུར་དེ་ནས་འདང་རྒྱག་རྒྱུ་རེད།
- རང་གི་འདང་རྒྱག་ཕྱོགས་གཅིག་དེ་རེད།
- བཤད་རྒྱུ་ནི་དེང་རབས་རྩོམ་རིག་རེད།
- ངའི་ཁ་པར་མ་རེད།
- བཤད་བྱ་ཡིན་ན་དེང་རབས་རྩོམ་རིག་གི་གནད་དོན་རེ་འགའ་ཞིག
- གནད་དོན་རེ་འགའ་ཞིག་གླེང་ན་འདོད།
- ང་ཚོའི་དེ་རིང་སྔ་དྲོའི་ཁ་བརྡ་དེ་ཡིན།
- དེ་ནས་ཕྱི་དྲོ་ང་ཚོར་བགྲོ་གླེང་ལྟ་བུ་ཞིག་བཀོད་སྒྲིག་བྱས་ཡོད་ཀི།
- བགྲོ་གླེང་གི་རྒྱུ་ཆ་ཁྱོད་ཚོར་མདང་དགོང་བཤད་ཡོད་རྒྱུ་རེད།
- བརྩམས་ཆོས་དེར་ཡང་མང་པོ་མང་པོ་ཞིག་ཡོད་མོད།
- དེ་ཉིན་ངས་བལྟས་པ།
- ཉིན་ཁ་ཤས་ཀྱི་སྔོན་ལ་ང་ཕ་ཡུལ་ལ་སོང་ཡོད།
- ཕུ་ཡུལ་ལ་སོང་ན་ཡིག་ཆ་དང་རྒྱུ་ཆའི་སྐོར་མེད་ཀི།
- རྒྱ་ཡིག་གིས་ཁྱོད་ཚོ་བུད་མེད་བཅོ་ལྔ་འདྲ་ཞིག་གི་རྩོམ་རྒྱ་ཡིག་བསྒྱུར་ནས་དཔར་ཡོད་པ།
- འབྲོང་དཔེ་ཚོགས་ཀྱི་དཔེ་ཆ་དེ་ངས་ཁྱེར་སོང་ནས།
- ཁྱེར་སོང་ན་རྒྱ་ཡིག་གི་སྟེང་ནས་བལྟ་དགོས།
- རྒྱ་ཡིག་གི་སྟེང་ནས་བལྟས་ན་བོད་ཡིག་གིས་སྟེང་ནས་བྲིས་པའི་བྲོ་བ་དེ་མེད་པ་འདྲ།
- ཕལ་ཆེར་མེད་པ་འདྲ།
- དེའི་ནང་ནས་ཀྱང་གདམ་གསེས་བྱེད་མ་ཐུབ་པ་རེད།
- སྔོན་ཆད་ང་ཚོར་སློབ་མ་མང་བ་རེད།
- ངས་མགོ་འཛིན་ཁ་བྱས་ནས་སློབ་མ་ཚོས་རྩ་འཛུགས་བྱས་ཏེ།
- འདི་ནས་ང་ཚོའི་ནང་ནས་མཐར་ཕྱིན་པ་དག་གིས་ཕལ་ཆེར་ཤེས་པ་རེད།
- མིག་གསུམ་པའི་རྩོམ་རིག་གླེང་སྟེངས་ཟེར་བ་ཞིག་ཡོད།
- མིག་གསུམ་པའི་རྩོམ་རིག་གླེང་སྟེགས་དེ་ད་བར་དུ་ཐེངས་བརྒྱད་ལ་སྤེལ་བ་རེད།
- སྐབས་བཞི་བར་ང་ཚོས་བདེ་སྐྱིད་སྒྲོལ་མའི་རྩམ་པ་ཟེར་བ་དེ།
- ཡང་ན་རྩམ་པ་བརྫི་བ་ཟེར་བ་དེར་མིང་གཉིས་ཡོད་ཀི།
- དེ་ང་ཚོས་ཐེངས་གཅིག་ལ་བགྲོ་གླེང་བྱས་མྱོང་བ་རེད།
- ང་རང་གི་དེའི་སྐབས་ཀྱི་བག་ཆགས་ཡིན་ན།
- བརྩམས་ཆོས་དེ་ཅུང་ཙམ་ལྗིད་མོ་ཞིག་རེད།
- ལྗིད་མོ་ཞིག་ཡིན་པའི་རྒྱུ་མཚན་གྱིས།
- ང་ཚོས་ཟུར་མི་འདྲ་བའམ་ངོས་མི་འདྲ་བའི་སྒོ་ནས་གླེང་ན་གླེང་རྒྱུ་ཡོད་བསམ།
- དེའི་རྒྱུ་མཚན་གྱིས་ཕྱི་དྲོ་ང་ཚོས་གླེང་བྱ་དེ་བྱེད།
- ང་ཚོས་འདི་ནས་ང་རང་གི་འདང་རྒྱག་ཕྱོགས་དང་།
- དེའི་འཕྲོ་ནས་ང་རང་གི་ཁྲིད་བྱ་ང་སྤྲོད་ཐུང་ཐུང་ཞིག
- དེ་ན་སྤྱིར་ང་རང་ཉིད་ཡིན་ན་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས་བཤད་ན།
- གྲུབ་འབྲས་ཆེན་པོ་ཡོད་པ་ཞིག་མིན་པར་དགའ་ཕྱོགས་ཙམ་ཡིན།
- མ་གཞི་ནས་ང་སློབ་ཆེན་འགྲིམ་དུས་༡༩༨༦ལོར་སློབ་ཆེན་འགྲིམ་པ་རེད།
- ༡༩༨༦ནས་༡༩༩༠ལོའི་བར་འདིར་སློབ་ཆེན་འགྲིམ་པ་རེད།
- ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་མཐར་ཕྱིན་པ་རེད།
- དེ་ན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཡིན་ན་སྤྱིར་ཚང་མས་ཤེས་པ་རེད།
- བསམ་བློའི་ངོས་ཐད་ནས་བཤད་ན་གསོན་ཉམས་ལྡན་པའི་ཁོར་ཡུག་ཅིག་རེད།
- དེའི་མི་ཚད་ང་ལྟ་བུའི་རྩོམ་འབྲི་མཁན་མང་པོ་ཡོད་ཀི།
- ང་སོང་དུས་དཔེ་འཇོག་རྒྱུ་ན་ལྗང་བུ་ལྟ་བུ།
- དཔེ་འཇོག་རྒྱུ་ན་དཔའ་རྩེ་ལྟ་བུ།
- དེའི་འཕྲོ་ནས་རིན་ཆེན་བཀྲ་ཤིས་ལྟ་བུ།
- རིན་ཆེན་བཀྲ་ཤིས་ཕལ་ཆེར་ཤེས་རྒྱུ་རེད།
- བརྩམས་སྒྲུང་དང་སྙན་ངག་འབྲི་མཁན་དེ།
- དེ་འདྲའི་རྩོམ་པ་པོ་མང་པོ་ཡོད་ཀི།
- དེའི་འཕྲོ་ནས་རྒྱ་ཡིག་གིས་འབྲི་མཁན་ཡང་མི་རིགས་མི་འདྲ་བ།
- རྒྱ་དང་སོག་པོ་ལ་སོགས་པའི་སྐོར་ནས་མང་པོ་ཡོད་ཀི།
- ང་རང་གིས་ཀྱང་སྔོན་ཆད་སློབ་འབྲིང་མཐར་མ་ཕྱིན་གོང་གི་དུས་སྐབས་ནས།
- རྩོམ་རིག་གི་བག་ཆགས་ཅུང་ཙམ་བཞག་ཡོད་པ་འདྲ།
- ཁོར་ཡུག་དེ་ཅུང་ཙམ་གཞན་དང་མི་འདྲ་བའི་རྒྱུ་མཚན་གྱིས།
- ཅུང་ཙམ་གཞན་དང་མི་འདྲ་བ་ཞིག་ང་ཚོའི་འཛིན་གྲྭར་ཡོད་ཅེས་བཤད་ན་ཆོག
- མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་ན་ཡོད་དུས།
- ང་ཚོའི་འཛིན་གྲྭའི་ནང་དུ་མང་པོ་ཞིག་ལ་རྩོམ་འབྲི་བའི་གོམས་སྲོལ་ཆགས་ཡོད།
- དེ་ཡང་གཙོ་བོ་སྐུ་ཞབས་དོན་གྲུབ་རྒྱལ་བར་སྐབས་དེར་ང་ཚོའི་སློབ་གྲྭའི་ནང་དུ་ཡོང་ནས་དགེ་རྒན་བྱས།
- ལོ་གཉིས་ཙམ་གྱི་རིང་ལ་ང་ཚོར་ཡང་སྐབས་རེ་འགར་སློབ་ཁྲིད་ལ་ཉན་རྒྱུའི་གོ་སྐབས་བྱུང་བ་རེད།
- དུས་ཚོད་ཀྱི་སྟེང་ནས་བཤད་ན་ཕལ་ཆེར་ང་ཚོ་སློབ་གྲྭའི་ནང་དུ་ཡོད་པ་དང་།
- ཁོང་ཚང་བཞུགས་པའི་དུས་ཚོད་གཉིས་ཕལ་ཆེར་ལོ་གཉིས་ཙམ་གྱི་དུས་ཚོད་རེད།
- གང་ལྟར་ཀྱང་དུས་སྐབས་དེར་རྩོམ་ཡིག་གསར་བ་འདི་སོ་མ།
- ང་རང་གི་བལྟ་ཚུལ་ཡིན་ན་སོ་མ་མགོ་བརྩམས་ནས་ཡོང་གིན་འདུག
- དེའི་བག་ཆགས་ཀྱིས་མང་པོ་ཞིག་གིས་འབྲི་བཞིན་འདུག
- དེ་ཡིན་ན་ང་ཚོའི་འཛིན་གྲྭ་ལྟ་བུ་ལ་མཚོན་ནའང་།
- འཛིན་གྲྭའི་ནང་ནས་རྩོམ་འབྲི་མཁན་ཧ་ཅང་མང་པོ་ཞིག་བྱུང་ཐལ།
- ང་རང་ཉིད་ལྟ་བུ་ཡིན་ན་གྲུབ་འབྲས་ཆེན་པོ་མེད་ཀི།
- མེད་མོད་གྲུབ་འབྲས་ཅན་གྱི་རྩོམ་པ་པོ་མི་ཉུང་བ་ཞིག་བྱུང་ཐལ།
- དཔེ་འཇོག་རྒྱུ་ན་ད་སྐབས་ཀྱི་རྩོམ་པ་པོ་སྟག་འབུམ་རྒྱལ་ལྟ་བུ།
- བརྩམས་སྒྲུང་བྲིས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད།
- འདི་ལྟ་བུ་དང་དེའི་འཕྲོ་ནས་སྙན་ངག་གི་ངོས་ཐད་ནས་བཤད་ན་འབྲུག་ལྷ་རྒྱལ་ལྟ་བུ།
- བརྩམས་སྒྲུང་འབྲི་བའི་ངོས་ཐད་ནས་བཀྲ་བྷ་ལྟ་བུ།
- བཀྲ་བྷ་ལྟ་བུ།
- ལུང་རིན་ཆེན་ལྟ་བུ།
- འདི་འདྲ་ད་དུང་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལྟ་བུ་ཚང་མ་ང་ཚོ་འཛིན་གྲྭ་གཅིག་རེད།
- དེ་འདྲའི་ཁོར་ཡུག་ཅིག་ནས་ནར་སོན་པས་གྲུབ་འབྲས་ཅུང་ཙམ་ཡོད་ན་འགྲིག་མོད།
- མི་སོ་སོའི་འཇོན་ཐང་དང་ཚང་མ་ཚང་མ།
- ཁོར་ཡུག་དང་སྤྱི་ཚོགས་ཀྱི་བརྒྱུད་རིམ་སོགས་སོ་སོ་མ་འདྲ་ན།
- དེ་བས་རྗེས་མར་གྲུབ་འབྲས་ཡང་སོ་སོ་རེད།
- ང་རང་ཉིད་དེ་འདྲའི་ཁོར་ཡུག་ཅིག་ནས་ཡོང་བས།
- ཆུང་དུས་ནས་ཟེར་ན་ཆོག་གི།
- སློབ་འབྲིང་གི་དུས་སྐབས་ནས་རྩོམ་རིག་གི་ཕྱོགས་འདིར་དགའ་ཁ་ཅུང་ཙམ་ཡོད།
- ཡོད་མོད་གྲུབ་འབྲས་ཆེན་པོ་ཞིག་ལེན་མ་ཐུབ།
- རང་ཉིད་མི་བློ་མང་རེད།
- ཡར་གྱི་སྐོར་ལ་ཅུང་ཙམ་ལྟ་རྒྱུ་དང་མར་གྱི་སྐོར་ལའང་ཅུང་ཙམ་ལྟ་རྒྱུ་རེད།
- འདི་ཡང་མགོ་བརྩམ་རྒྱུ་དང་གན་ཡང་མགོ་བརྩམ་རྒྱུ་རེད།
- དེ་ལྟ་བུ་ཡིན་པས་ཕྱོགས་གང་ཐད་ནས་འབྲས་བུ་ཆེན་པོ་ཞིག་བླངས་མེད།
- འབྲས་བུ་ཆེན་པོ་ཞིག་བླངས་མེད།
- དེའི་རྒྱུ་མཚན་གྱིས་རང་ཉིད་ཀྱི་གསར་རྩོམ་གྱི་ངོས་ཐད་ནས་བཤད་ན།
- སྙན་ངག་གི་སྐོར་ཅུང་ཙམ་ཞིག་འབྲི་ཁ་བྱས།
- དེ་ཡང་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ལམ་ནས་ཅུང་ཙམ་བྲིས་པ་ཡིན་མོད།
- ཡིན་ན་ཡང་གྲུབ་འབྲས་ཆེན་པོ་ཞིག་བླངས་ཡོད་པ་ཞིག་མ་རེད།
- དེའི་རྒྱུ་མཚན་གྱིས་གསར་རྩོམ་གྱི་ཉམས་མྱོང་གི་ངོས་ཐད་ནས་བཤད་ནའང་བཤད་རྒྱུ་མེད།
- དེ་ཐོག་མར་ངོ་སྤྲོད་དང་མཉམ་དུ།
- གཅིག་ནས་ང་རང་ཉིད་ངོ་སྤྲོད་དང་སྦྱར་ཏེ་མཚམས་སྦྱོར་ཞིག་བྱས།
- དེ་བས་ཁྲིད་བྱ་གཙོ་བོ་དེ་རེད།
- དེ་ཡིན་ན་ངའི་མིང་ཕལ་ཆེར་ཤེས་རྒྱུ་རེད།
- རྩོམ་རིག་གི་གྲུབ་འབྲས་མེད་མོད་སྨྱུག་མིང་ཞིག་ཡོད།
- མིང་ལ་དོན་གྲུབ་ཚེ་རིང་དང་སྨྱུག་མིང་ལ་མཚོ་སྐྱེས་ཟེར།
- སྔོན་ཆད་སྨྱུག་མིང་ཐེངས་རེ་འགའ་ཞིག་ལ་བཀོལ་མྱོང་།
- མ་གཞི་ནས་ངའི་གླེང་བྱ་གཙོ་བོ་སྔོན་ལ་བཤད་པ་དེ་རེད།
- ཟུར་ནི་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ཡིན་མོད།
- གླེང་བྱ་གཙོ་བོ་དེང་རབས་རྩོམ་རིག་གི་སྐོར།
- དེང་རབས་རྩོམ་རིག་གླེང་བའི་གོ་རིམ་གྱི་ཁྲོད་ནས།
- གོ་རིམ་གྱི་ཁྲོད་ནས་ང་ཚོ་བོད་མི་རྣམས་དང་འབྲེལ་བ་ཡོད་པའི་སྐོར་གྱི།
- ་བརྗོད་བྱ་ཁ་ཁུར་ཞིག་མཚོན་ན་མ་གཏོགས།
- ཆ་རྒྱུས་ཆེན་པོ་མེད་པས་དེར་མང་པོ་བཤད་རྒྱུ་མེད།
- དེ་ན་དེང་རབས་ཀྱི་རྩོམ་རིག་ལོ་རྒྱུས་འདི་གླེང་བའི་སྐབས་སུ།
- རྒྱུ་ཆ་ལ་རྒྱ་ཡིག་གིས་ཐུང་ཐུང་ཞིག་བྲིས་ཡོད་པ།
- སྔོན་ཏག་ཏག་འདི་སྟེ་ཟླ་སྔོན་མའི་ནང་།
- ཟླ་སྔོན་མ་མ་རེད་་་ཨེ་རེད།
- རེད་དེ་ཟླ་སྔོན་མའི་ཚེས་བཅུ་དགུ་ཉི་ཤུའི་བར་འདིར་ས་ཆ་འདི་ནས་ཚོགས་འདུ་ཞིག་ཚོགས་པ་རེད།
- བོད་རིགས་ཀྱི་རྩོམ་རིག་སྐབས་བཞི་བ་དེ་འདྲ་ཞིག་རེད།
- དེ་དུས་ཁྱོད་ཚོའི་ནང་ན་ཡོང་ཡོད་མཁན་ཨེ་ཡོད།
- དེ་འདྲའི་ཚོགས་འདུ་ཞིག་ཚོགས་པ་རེད།
- དེ་སྟེང་དེར་སྔོན་མ་ནས་ཁ་བརྡ་ཞིག་བྱེད་དགོས་ཟེར།
- དེ་འདྲའི་འགན་ཁུར་ཞིག་བཞག་བྱུང་།
- དེ་དུས་ངས་ཁ་བརྡ་བྱས་ན་བོད་སྐད་ཀྱིས་བྱེད་ཅེས་བཤད་པར།
- འདི་ཅིག་གི་སྟེང་དུ་འགོད་དགོས་པས་ཁ་བརྡའི་ནང་དོན་གཙོ་བོ་རྒྱ་ཡིག་གིས་འབྲི་དགོས་ཟེར།
- དེ་ལྟར་བཤད་པས་རྒྱ་ཡིག་གིས་མདོར་བསྡུས་ཤིག་འབྲི་ཁ་བྱས།
- འདི་ལྟ་བུ་ཞིག་ཡིན་ཏེ་རྒྱ་ཡིས་བཤད་ན་提纲ལྟ་བུ་ཞིག་རེད།
- དེ་དུས་འདི་འབྲི་ཁ་བྱས།
- དེ་བས་འདི་བྲིས་པ་ཡིན་ན་འདྲ་གང་ཡིན་རུང་།
- ང་རང་གིས་དེང་རབས་རྩོམ་རིག་གི་སྐོར་འདིར་འདང་བརྒྱབ་ན་གནད་དོན་འགའ་ཞིག་ཡོད་ཀི།
- དེའི་སྐོར་དེ་ང་ཚོས་ཁ་བརྡ་བྱེད།
- དེ་ན་དེའི་ནང་གི་གནད་དོན་གཅིག་ཅི་རེད་ཟེར་ན་དེང་རབས་རྩོམ་རིག་ཟེར་བའི་མིང་འདི་རེད།
- ང་ཚོར་མིང་འདོགས་སྟངས་སྣ་མ་སྣ་ཚོགས་ཡོད་ཀི།
- རེ་འགའ་ཞིག་གིས་དེར་རྩོམ་རིག་གསར་བ་ཟེར་བ་རེད།
- རྩོམ་རིག་གསར་བ་ཟེར་བཞིན་འདུག
- རེ་འགའ་ཞིག་གིས་དེར་དེང་རབས་རྩོམ་རིག་ཟེར་བཞིན་འདུག
- རེ་འགའ་ཞིག་གིས་དུས་སྐབས་གསར་བའི་རྩོམ་རིག་ཟེར་བཞིན་འདུག
- མིང་འདོགས་ཚུལ་མི་འདྲ་བ་རེད།
- དེ་ཡིན་ན་ང་རང་ཉིད་ཀྱིས་ཀྱང་འདི་ལ་འདང་བརྒྱབ་ན་དེང་རབས་ཞེས་བཤད་ན་ཅི་འདྲ་རེད།
- དུས་སྐབས་གསར་བའི་རྩོམ་རིག་ཅེས་བཤད་ན་ཅི་འདྲ་རེད།
- རྩོམ་རིག་གསར་བ་ཞེས་བཤད་ན་ཅི་འདྲ་རེད།
- དེར་ཅུང་ཙམ་འདང་རྒྱག་ཁ་བྱས།
- དེ་རང་རང་སོ་སོ་ལ་མིང་སྣ་མ་སྣ་ཚོགས་ཡོད་པ་དེར་རང་རང་ལ་དགེ་མཚན་རེ་ཡོད།
- ཡང་རང་རང་གི་ཞན་ཆ་ཡང་ཡོད་ཀི།
- ངས་མིང་དེ་ཚོ་ཚང་མ་བཞག་ནས་ང་རང་གི་འདོད་མོས་ལྟར་སོང་ན།
- གལ་ཏེ་སྤྱི་ཚོགས་འདི་ལ་འགྱུར་ལྡོག་བྱུང་ན་ངས་འདི་ལ་མིང་འདོགས་རྒྱུ་ཡོད།
- ང་རང་གིས་ཀུ་རེ་རྩེ་བ་ཡིན་མོད་མིང་འདོགས་རྒྱུ་ཡོད་ཀི།
- འདི་ལ་ཅི་ཟེར་ཞེ་ན་སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་རྩོམ་རིག་རེད།
- སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་རྩོམ་རིག་རེད།
- ངས་འདི་ལྟར་བཤད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- སྤྱི་ཚོགས་ལ་ཡང་གལ་ཏེ་འགྱུར་ལྡོག་ཅིག་བྱུང་བ་ཡིན་ན་མིང་དེ་འདོགས་རྒྱུ་སླ་མོ་རེད།
- དེ་ལྟར་མིན་ན་མིང་དེ་འདོགས་རྒྱུ་དཀའ་མོ་རེད།
- དུས་སྐབས་གསར་བའི་རྩོམ་རིག་ཟེར་ན་ཡང་དེར་སྐྱོན་ཆ་ཞིག་ཡོད་ཀི།
- དུས་སྐབས་གསར་བའི་རྩོམ་རིག་ཟེར་ན་དེ་རེད།
- རྩོམ་རིག་གསར་བ་ཟེར་ནའང་དེ་རེད།
- ད་ལྟ་ང་ཚོས་བལྟས་ན་རྩོམ་རིག་གསར་བ་ཡིན་མོད།
- མ་འོངས་པར་ཅིག་གིས་བལྟས་ན་གསར་བ་ཡིན་རྒྱུ་མ་རེད།
- ཡང་རྩོམ་རིག་རྙིང་བ་ཡིས་ལོག་ཡོད།
- ཞན་ཆའམ་སོ་སོའི་སྟེང་ན་ཞན་ཆ་ཡོད་ཀི།
- སོ་སོའི་སྟེང་ན།
- དེང་རབས་རྩོམ་རིག་ཟེར་ནའང་དེ་དང་ཆ་འདྲ།
- དེའི་རྒྱུ་མཚན་གྱིས་ཐོག་མར་མིང་གི་སྟེང་ནས།
- ང་ཚོ་དེ་ལྟར་ཡིན་ཏེ་ཐོག་མར་བྱིས་པ་ཞིག་སྐྱེས་དུས་ཀྱང་མིང་འདོགས་དགོས་མོད།
- མིང་འདོགས་རྒྱུ་དེ་ཧ་ཅང་སྟབས་བདེ་ཞིག་མ་རེད།
- ཧ་ཅང་སྟབས་བདེ་ཞིག་མ་རེད།
- དེ་སྟབས་མི་བདེ་བའི་རྒྱུ་མཚན་མང་པོ་མང་པོ་ཞིག་ཡོད་ཀི།
- དེའི་ནང་ནས་གཅིག་ཅི་རེད་ཟེར་ན་དུས་ཀྱི་སྟེང་ནས།
- ཅི་ཟེར་བ་རེད་ཟེར་ན་དེའི་མཚམས་ཤིག
- ཡས་མས་ཀྱི་མཚམས་ཤིག་གམ་དེ་གང་ཞིག་ནས་གཅོད་རྒྱུ།
- དུས་ཚོད་ཀྱི་སྟེང་ནས།
- དུས་ཚོད་ཀྱི་སྟེང་ནས་ཐག་གིས་མི་ཆོད།
- དུས་ཚོད་ཀྱི་སྟེང་ནས་ཐག་གིས་མི་ཆོད་པ་དེ་རེད།
- དེའི་རྒྱུ་མཚན་གྱིས་རྒྱ་ཡིག་གིས་བྲིས་ཡོད་པ་འདིའི་མགོ་ན་ངས་དེ་ལྟར་བཤད་ཡོད།
- ང་ཚོ་བོད་ཀྱི་དེང་རབས་རྩོམ་རིག་ཟེར་བ་འདི།
- གང་ནས་མགོ་བརྩམས་པ་རེད་ཟེར་ན་རེ་འགའ་ཞིག་གིས་དགེ་འདུན་ཆོས་འཕེལ་བདམ།
- རེ་འགའ་ཞིག་གིས་༡༩༥༡བགྲང་གི།
- ༡༩༥༡་ཡིན་ན་བོད་ལྗོངས་ཞི་བའི་བཅིང་འགྲོལ་བྱས་པའི་ལོ་རེད།
- རེ་འགའ་ཞིག་གིས་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་པའི་རྗེས།
- 三中全会ཡི་རྗེས་ནས་མགོ་བརྩམས་པ་ཡིན་ཟེར།
- འདི་འདྲའི་བཤད་ཚུལ་སྣ་མ་སྣ་ཚོགས་ཡོད་ཀི།
- ད་དུང་འདིའི་སྟེང་དུ་མ་བྲིས་པའི་བཤད་ཚུལ་གཞན་ཡང་ཡོད་ཀི།
- བཤད་ཚུལ་གཞན་ཡང་ཡོད་ཀི།
- དཔེ་འཇོག་རྒྱུ་ན་༡༩༤༩་ཡིན་ཟེར་མཁན་ཡང་ཡོད་པ་རེད།
- བོད་ལྗོངས་ཞི་བའི་བཅིང་འགྲོལ་བྱེད་དུས་༡༩༥༡་རེད་མོད།
- ང་ཚོ་མདོ་དབུས་ཁམས་གསུམ་སྤྱིའི་ཆ་ནས་བཤད་ན་༡༩༤༩་ལོར་བཅིང་འགྲོལ་བྱས་པ་རེད།
- ང་ཚོ་ཨ་མདོ་ལྟ་བུ་ལ་མཚོན་ན།
- ཁམས་ཀྱི་ས་ཆ་མང་པོ་ཞིག་༡༩༤༩་ནས་བཅིང་འགྲོལ་བྱས་ཚར་བ་རེད།
- དེའི་རྒྱུ་མཚན་གྱིས་༡༩༥༡་ཟེར་ན་ཆོག་གི་༡༩༤༩ཟེར་ནའང་ཆོག་གི།
- ༡༩༤༩་ཟེར་ན་ཆོག་གི་འདི་གཅིག་རེད།
- གཉིས་ཀྱི་སྟེང་ནས་དཔེ་འཇོག་རྒྱུ་ན་དུས་ཚོད་གཙོ་བོ་མ་རེད།
- སྤྱི་ཚོགས་ཀྱི་འཕོ་འགྱུར་གཙོ་བོ་མ་རེད།
- རྩོམ་རིག་ལོ་རྒྱུས་བཤད་པའི་དུས་སུ།
- ང་ཚོས་རྩོམ་རིག་ལོ་རྒྱུས་འབྲི་དུས་གཙོ་བོ་སྤྱི་ཚོགས་ཀྱི་འཕོ་འགྱུར་གཞིར་བཟུང་འདུག
- ང་ཚོས་སྲོལ་རྒྱུན་གྱི་རྩོམ་རིག་ལོ་རྒྱུས་བཤད་དུས་ཀྱང་ང་རང་གི་ཆོས་ཉིད་དེ་ཡིན།
- དེ་ཡིན་ན་སྤྱིར་བཏང་གིས་འབྲི་དུས་ཅི་ལྟར་འབྲི་བཞིན་འདུག་ཟེར་ན།
- གདོད་མའི་དུས་སྐབས་ནས་བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ཅེས་བར་སྐབས་ཤིག
- དེ་ནས་བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག་ཅེས་བར་སྐབས་ཤིག་བཅད་ཡོད།
- ས་ཕག་རིན་གཙང་གི་དུས་སྐབས་ཞེས་ཡང་གཅིག་ཕྱེ་ཡོད་པ་རེད།
- དགའ་ལྡན་ཕོ་བྲང་གི་དུས་སྐབས་ཀྱི་རྩོམ་རིག་ཅེས་ཡང་བར་སྐབས་ཤིག་ཕྱེ་ཡོད།
- ས་བཅད་བཞིས་བགར་འདུག
- དེ་གཙོ་བོ་ཅི་ཞིག་གིས་བགར་འདུག་ཟེར་ན་སྤྱི་ཚོགས་ཀྱི་འཕོ་འགྱུར་གྱི་སྟེང་ནས་བགར་འདུག
- ཡིན་ཡང་ངོ་མས་བཤད་ན་རྩོམ་རིག་ལོ་རྒྱུས་དེ་ཡིན་ན་མིན་ན་དེ་ལྟར་བགར་མི་དགོས།
- དེ་ལྟར་བགར་མི་དགོས།
- དེ་ཡིན་ན་རེ་འགའ་ཞིག་གིས་ཅི་ཟེར་ཟེར་ན།
- བསམ་བློའི་འཕོ་འགྱུར་གྱི་ཆ་ནས།
- དཔེ་འཇོག་རྒྱུ་ན་ང་ཚོས་དེང་རབས་རྩོམ་རིག་ཟེར་དུས་གཙོ་བོ་དུས་ཚོད་ཀྱི་གོ་བ་ཞིག་མ་རེད།
- གཙོ་བོ་ཅི་རེད་ཟེར་ན་བསམ་བློའི་ཆ་ནས།
- རྩོམ་རིག་འདི་ལ་བསམ་བློའི་ཆ་ནས་དེང་རབས་རང་བཞིན་ཡོད་དམ་མེད།
- དེའི་སྟེང་ནས་དེང་རབས་རང་བཞིན་བགར་བ་ཡིན་ན་གཙོ་བོ་བསམ་བློའི་སྟེང་ནས་བཤད་པ་རེད།
- ཨོ་ན་བསམ་བློའི་སྟེང་ནས་བཤད་ན།
- རེ་འགའ་ཞིག་གིས་བོད་ཀྱི་དེང་རབས་རྩོམ་རིག་གང་ནས་མགོ་བརྩམས་ཟེར་ན།
- དགེ་འདུན་ཆོས་འཕེལ་ནས་མགོ་བརྩམས་པ་ཡིན་ཟེར།
- དགེ་འདུན་ཆོས་འཕེལ་ནས་མགོ་བརྩམས་པ་ཡིན་ཟེར།
- ང་ཚོ་རྒྱ་ནང་གི་བོད་ཡིན་ན་འདྲ་རྒྱ་ཡིན་ན་འདྲ་ཕྱི་གླིང་གི་མི་ཡིན་ན་འདྲ།
- དགེ་འདུན་ཆོས་འཕེལ་ཚང་ལ་ཞིབ་འཇུག་བྱེད་པའི་མི་ཧ་ཅང་མང་པོ་ཡོད་ཀི།
- དེའི་ནང་གི་རེ་འགའ་ཞིག་གིས་ཅི་ཟེར་ཟེར་ན།
- 人文主义ཞེས་འདི་འདྲའི་ཐ་སྙད།
- འདི་འདྲའི་ཐ་སྙད།
- དེ་ཡང་གཙོ་བོ་ཅི་རེད་ཟེར་ན་བསམ་བློའི་ཆ་ནས་འཕེལ་འགྱུར་བྱུང་བ།
- བོད་ཀྱི་སྤྱི་ཚོགས་ཀྱི་ནང་ནས་人文主义སྟེ་མི་ཆོས་རིང་ལུགས་པའི་ངོས་ཐད་ནས་བཤད་ན།
- མི་གཞུང་ཡང་ཟེར་མོད་ང་རང་གིས་བལྟས་ན་མི་གཞུང་ལས་མི་ཆོས་ཞེས་བརྗོད་ན་འགྲིག་གི་བསམ།
- དེའི་རྒྱུ་མཚན་གྱིས་ང་ཚོས་མི་ཆོས་རིང་ལུགས་ཀྱི།
- བསམ་བློ་འདི་ཐོག་མར་རྨང་འདིང་མཁན་ཟེར་ན་འདྲ།
- འདི་ཐོག་མར་སློང་མཁན་ལ་དགེ་ཆོས་ཚང་ངོས་འཛིན་གྱིན་འདུག
- གལ་ཏེ་དེ་ཡིན་པའི་དབང་དུ་བཏང་ན་དེ་རེད།
- བསམ་བློའི་ངོས་ཐད་ནས་བཤད་ན་དེང་རབས་རྩོམ་རིག་འདིའི།
- མགོ་ཁུངས་དགེ་ཆོས་ཚང་ལ་གཏུག་ན་འགྲིག་འདུག
- ཨོ་ཡ་་་འདི་ལྟ་བུ་རེད།
- ཡང་རེ་འགས་ཅི་ཞིག་ཟེར་ཞེ་ན།
- རྩོམ་རིག་འདི་སྐད་ཆའི་སྒྱུ་རྩལ་རེད་ཟེར།
- དེང་སང་ཁས་ལེན་མི་ལེན་སྣ་མ་སྣ་ཚོགས་རེད།
- ང་ཚོས་གཞུང་ལུགས་ཀྱི་སྟེང་ནས་བཤད་ན།
- སྔོན་ཆད་ཡིན་ན་དེར་ཐེ་ཚོམ་ཟ་རྒྱུ་མེད་ཀི།
- གླུ་དབྱངས་ལྟ་བུ་ལ་མཚོན་ན་དབྱངས་དང་འགྱུར་ཁུག་གི་སྒྱུ་རྩལ་རེད།
- རི་མོ་ལྟ་བུ་ལ་མཚོན་ན་ཐིག་དང་ཚོན་མདངས་ཀྱི་སྒྱུ་རྩལ་རེད།
- རྩོམ་རིག་ལྟ་བུ་ལ་མཚོན་ན་སྐད་ཆའི་སྒྱུ་རྩལ་ཡིན་ཞེས།
- དེར་ཐེ་ཚོམ་ཟ་རྒྱུ་ཅི་ཡང་མེད།
- ཐེ་ཚོམ་ཟ་རྒྱུ་ཅི་ཡང་མེད།
- ཡིན་ཡང་ད་ལྟ་ཕྱིར་བལྟས་ན་ཐེ་ཚོམ་ཟ་བཞིན་འདུག
- རྒྱའི་རྩོམ་རིག་གསར་བའི་ནང་གི་དཔེ་འཇོག་རྒྱུ་ན་ཐོང་ཆིན་པིན་གྱིས་བྲིས་ཡོད་པ་ཡིན་ན་འདྲ།
- དེ་ནས་ད་དུང་文学是什么ཟེར་བའི་དཔེ་ཆ་དེ་ལྟ་བུའི་ནང་དུ་བལྟས་ན།
- རྩོམ་རིག་ངོ་མས་བཤད་ན་སྐད་ཆའི་སྒྱུ་རྩལ་རེད་དམ་མ་རེད་དེ་ལ་ཐེ་ཚོམ་ཟ།
- ཕྱིར་འཁོར་ཏེ་འདང་བརྒྱབ་ན།
- དེ་ཡང་ཟུར་མི་འདྲ་བ་ཞིག་ཡིན་མོད་ང་ཚོས་དེ་མི་བཤད།
- གང་ལྟར་ཀྱང་སྐད་ཆའི་སྒྱུ་རྩལ་རེད་ཟེར་བ་ཞིག་ཡོད་ཀི།
- སྐད་ཆའི་སྒྱུ་རྩལ་ཡིན་ཚེ་དེང་རབས་རྩོམ་རིག་གང་ནས་མགོ་བརྩམས་པ་རེད་ཟེར་ན།
- རེ་འགས་ཞང་སྟོན་བསྟན་པ་རྒྱ་མཚོ་ནས་མགོ་བརྩམས་པ་རེད་ཟེར།
- ཞང་སྟོན་བསྟན་པ་རྒྱ་མཚོ་ནས་མགོ་བརྩམས་པ་རེད་ཟེར།
- འདི་ལྟ་ཚུལ་ལམ་རང་རང་གི་ལྟ་ཚུལ་མི་འདྲ་བ་རེད།
- ལྟ་ཚུལ་མི་འདྲ་བ་རེད།
- ཡིན་ཡང་དེང་རབས་རྩོམ་རིག་ངས་ཁྱོད་ཚོར་བཤད་པ།
- དུས་ཚོད་ཀྱི་སྟེང་ནས་ང་ཚོར་རྙོག་དྲ་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས།
- དེ་ལ་མིང་འདོགས་སྟངས་ཀྱི་སྟེང་ནས་དཀའ་ལས་ཡོད་ཀི།
- ཨོ་ཡ་་་ང་ཚོས་སྐད་ཆའི་སྟེང་ནས་འདང་བརྒྱབ་ན་ཞང་སྟོན་བསྟན་པ་རྒྱ་མཚོ་རེད།
- དེ་ལྟར་ཟེར་དོན་ཅི་རེད་ཟེར་ན་རྒྱ་མི་རིགས་ལ་མཚོན་ན།
- 文言文དང་白话文གྱི་ཁྱད་པར་དེ་ཡོད་ཀི།
- ང་ཚོ་བོད་ལ་དེའི་ཁྱད་པར་དེ་མངོན་གསལ་མ་རེད།
- མིན་མོད་སྤྱིར་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་འདི་ལྟར་འདང་བརྒྱབ་ན།
- སྐད་ཆའི་འགྱུར་བ་ཅུང་ཙམ་ཡོད་ཀི།
- དེ་ཡིན་ན་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གཞིར་འཛིན་དགོས་པའི་རྒྱུ་མཚན་ཡང་།
- ཅི་རེད་ཟེར་ན་ཕ་སྐད་ཡུལ་སྐད་ལ་དྲངས་ནས་ཡོང་བ།
- འདིའི་ངོས་ཐད་ནས་འདང་བརྒྱབ་པ་ཡིན་རྒྱུ་རེད་བསམ།
- དེའི་ངོས་ཐད་ནས་འདང་བརྒྱབ་པ་ཡིན་རྒྱུ་རེད་བསམ།
- གལ་ཏེ་བོད་ལ།
- རྒྱ་ལ་白话文运动ཞེས་ལས་འགུལ་ཞིག་ཡོད་ཀི།
- ང་ཚོར་ལས་འགུལ་དེ་མེད་མོད་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས།
- གལ་ཏེ་དེ་འདྲའི་སྣང་ཚུལ་ཡོད་ཀི་ཟེར་ན།
- ལས་འགུལ་མིན་རུང་སྣང་ཚུལ་ཞིག་ཡོད་ཀི་ཟེར་རྒྱུ་ཡོད་ན།
- ཕལ་ཆེར་ཞང་སྟོན་བསྟན་པ་རྒྱ་མཚོ་དྲངས་བ་འདྲ།
- དེའི་རྒྱུ་མཚན་གྱིས་རེ་འགས།
- དེང་རབས་རྩོམ་རིག་ཡིན་རྒྱུ་ན།
- འདི་ཞང་སྟོན་བསྟན་པ་རྒྱ་མཚོ་ནས་མགོ་བརྩམས་པ་ཡིན་ཟེར་མཁན་ཡང་ཡོད།
- འདི་ལྟ་ཚུལ་རེད།
- རེ་འགས་རྩོམ་རིག་རང་སྟེང་དང་ལྷག་པར་དུ་བསམ་བློའི་ཆ་ནས།
- དེང་རབས་རང་བཞིན་གྱི་ངོས་ཐད་ནས།
- ལྷག་པར་དུ་ཕྱི་གླིང་དང་རྒྱ་ཡི།
- དེང་རབས་རིང་ལུགས་ཀྱི་མངའ་འོག་ནས་བྱུང་བ་དེར་གོ་བ་ལེན་བཞིན་འདུག
- དེའི་སྐོར་ཧ་ཅང་མང་གི།
- དཔེ་འཇོག་རྒྱུ་ན་དབྱངས་བྷ་ཡིས་བྲིས་པའི་རྩོམ་རིག་དང་མི་ཟེར་བ།
- སོ་སོའི་ནང་ལ་བལྟས་ན་ལྟ་ཚུལ་གཙོ་བོ་དེ་རེད།
- ལྟ་ཚུལ་གཙོ་བོ་དེ་རེད།
- དེ་ཡིན་ན་ཅི་ཞིག་ཡིན་དགོས་ཟེར་ན་རིག་གསར་མཇུག་རྫོགས་པའི་རྗེས།
- རིག་གསར་མཇུག་རྫོགས་པའི་རྗེས།
- སྔོན་ལ་བཤད་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ།
- རྗེས་སུ་ད་གཟོད་མགོ་བརྩམས་པ་ཡིན་ཞེས།
- དེ་ན་ང་རང་གི་ལྟ་ཚུལ་ཡིན་ནའང་ཕལ་ཆེར་འདི་རེད།
- རྒྱ་ཡིག་གི་སྟེང་ན་བྲིས་ཡོད་པ་འདི་ཡང་།
- དུས་རབས་སྔ་མའི་ལོ་རབས་བདུན་ཅུ་བ་དང་ལོ་རབས་བརྒྱད་ཅུ་བ།
- བར་སྐབས་འདིར་དེང་རབས་རྩོམ་རིག་གི་མགོ་བརྩམས་པའི་དུས་ཚོད་དང་ཡང་ན།
- མཐོ་རླབས་ལངས་པ་ཐོག་དང་པོ།
- མཐོ་རླབས་དང་པོ་རེད།
- དེ་ལྟར་བཤད་དགོས་པའི་རྒྱུ་མཚན་དེ་རེད།
- དེའི་ནང་ནས་ལྷུག་རྩོམ་གྱི་མི་སྣ་ལྟ་བུ་ཡིན་ན་སྐུ་ཞབས་དོན་གྲུབ་རྒྱལ་རེད།
- ཨོ་ཡ་་་ཁོ་ལ་གདེང་འཇོག་བྱེད་སྟངས་ཅུང་ཙམ་མི་འདྲ།
- དེང་སང་འདི་ལ་开拓者ཟེར་རྒྱུ་ཡོད་ཀི།
- 先驱者ཟེར་རྒྱུ་ཡོད་ཀི།
- 奠基人ཟེར་རྒྱུ་ཡོད་ཀི།
- དེ་དག་སོ་སོ་ལ་ཕུག་ན་ལྟ་ཚུལ་དང་རང་རང་གཞུང་ལུགས་ཀྱི་རྒྱབ་བརྟན་ཡོད་པ་རེད།
- 先驱者ཟེར་དུས་ཡང་ལྟ་ཚུལ་ཞིག་ཡོད་པ་རེད།
- 奠基人ཟེར་དུས་ཡང་ལྟ་ཚུལ་ཞིག་ཡོད་པ་རེད།
- ང་རང་གིས་ཐ་སྙད་ཅིག་བཀོལ་དུས་奠基人ཟེར་བའི་ཐ་སྙད་འདི་བཀོལ་བ་ཡིན།
- དེ་ཉིན་ཚོགས་འདུའི་སྟེང་ནས་奠基人ཟེར་བའི་ཐ་སྙད་འདི་བཀོལ་མ་བྱུང་།
- སུ་དང་གང་གིས་ཀྱང་བཀོལ་མ་བྱུང་།
- དེར་ངས་ད་དུང་འདང་རྒྱག་གིན་ཡོད།
- གང་ལྟར་ཀྱང་ང་རང་གིས་བལྟས་ན་奠基人ཟེར་བ་དེ་འགྲིག་འདུག
- དེ་གཅིག་རེད།
- དེའི་རྒྱུ་མཚན་གྱིས་མདོར་བསྡུས་ན་དེ་རེད།
- ང་ཚོའི་དེང་རབས་ཀྱི་རྩོམ་རིག་འདི་ནམ་ཞིག་ནས་མགོ་བརྩམས་རེད་ཟེར་ན།
- དེ་རྙོག་དྲ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཐོག་མར་མིང་འདོགས་དུས་རྙོག་དྲ་ཡོད་པ་རེད།
- མིང་འདོགས་དུས།
- རྩོམ་རིག་གསར་བ་ཟེར་བ་དང་དུས་སྐབས་གསར་བའི་རྩོམ་རིག་ཟེར་བ།
- དེང་རབས་རྩོམ་རིག་ཟེར་བ།
- དེའི་འཕྲོ་ནས་ང་རང་ཉིད་ལྟ་བུ་ལ་མཚོན་ན།
- སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་རྩོམ་རིག་ཅེས་མིང་འདོགས་ན་འདོད།
- ཐོགས་ཀྱིན་མེད་མོད་འདོགས་ན་འདོད།
- སྣང་ཚུལ་སྣ་མ་སྣ་ཚོགས་ཡོད་ཀི།
- དེ་ནི་ང་ཚོས་མིང་འདོགས་པའི་སྐབས་སུ་ཐུག་པའི་དཀའ་ཁག་ཡོད་པའི་དོན་དག་གཅིག་རེད།
- རིག་གནས་ཀྱི་ཁྱབ་ཁོངས་ཡིན་ན་ཆོག་གི།
- ས་རྒྱུས་ཀྱི་ཁྱབ་ཁོངས་ཡིན་ན་ཆོག་གི།
- ཐ་ན་ཅི་ཟེར་ཟེར་ན།
- འདི་ཅི་ལྟར་བཤད་ན་འགྲིག་གི།
- མིང་དང་ནང་དོན་མི་གཅིག་མོད།
- ང་ཚོ་མི་རིགས་ཀྱི་གྲུབ་ཆའི་ངོས་ཐད་ནས་འདང་བརྒྱབ་ན།
- མི་རིགས་ཀྱི་གྲུབ་ཆའི་ངོས་ཐད་ནས་འདང་བརྒྱབ་ན་ཆོག་གི།
- འདི་ཧ་ཅང་གི་རྙོག་དྲ་ཞིག་རེད།
- དེ་ན་ཐོག་མར་ང་ཚོས་ཡུལ་གྱི་ཆ་ནས་འདང་རྒྱག
- ཡུལ་གྱི་ཆ་ནས་འདང་བརྒྱབ་ན་སྔོན་མར་ང་ཚོས་སྲོལ་རྒྱུན་གྱི་རྩོམ་རིག་བཤད་དུས།
- བོད་ཀྱི་རྩོམ་རིག་ལོ་རྒྱུས་བཤད་དུས།
- ཡུལ་གྱི་ཁྱབ་ཁོངས་དེ་ཅུང་ཙམ་གཏན་འཇགས་ཤིག་ཡིན་པ།
- མདོ་དབུས་ཁམས་གསུམ་རེད།
- མདོ་དབུས་ཁམས་གསུམ་གྱི་ཕན་ཆད་ལ་ཅུང་རྩམ་བརྒལ་ཡོད་ཟེར་ན།
- དཔེ་འཇོག་རྒྱུ་ན་རྒྱ་ནག་ལྟ་བུ།
- དེ་ནས་ད་དུང་ཅུང་རྩམ་བརྒལ་ཡོད་འདོད་ན་སོག་པོ་ལྟ་བུ།
- དེ་ནས་ད་དུང་ཅུང་རྩམ་བརྒལ་ཡོད་འདོད་ན་རྒྱ་གར་ལྟ་བུ།
- དེ་ཡང་ཆེན་པོ་ཞིག་བརྒལ་མེད་ཀི་ཞེས་བཤད་ན་ཆོག
- ངས་དཔེ་འཇོག་རྒྱུ་ན་རྒྱ་ནག་དང་སོག་པོ་ལ་སོགས་པ་འདི་ཕལ་ཆེར་གོ་རྒྱུ་རེད།
- ཨོ་ན་དཔེ་འཇོག་རྒྱུ་ན་རྒྱ་གར་ཅིའི་ཕྱིར་ཟེར་བ་རེད་ཟེར་ན།
- དགེ་ཆོས་ཀྱི་རྣམ་ཐར་ལ་སོགས་པའི་ནང་དུ་ཡོད་པ།
- རྒྱ་གར་ནའང་བོད་ཀྱི་སྙན་ངག་པ་ཡོད་ཟེར།
- དེའི་བོད་ཀྱི་སྙན་ངག་པ་དེ་དག་གི་བརྩམས་ཆོས་ཀྱིས་ང་ཚོར་ཤན་ཤུགས་མ་ཐེབས།
- ཁོས་བརྩམ་དུས་ལེགས་སྦྱར་སྐད་ཀྱིས་བརྩམ་པའམ་
- བོད་ཀྱི་སྐད་ཀྱིས་བརྩམ་པ་ཡང་ང་ཚོས་གསལ་བོ་ཞིག་མི་ཤེས།
- གང་ལྟར་ཀྱང་བོད་ཀྱི་རྩོམ་པ་པོ་ཡོད་ཟེར།
- བོད་ཀྱི་རྩོམ་པ་པོ་དང་བོད་ཀྱི་སྙན་ངག་པ་ཡོད་ཟེར།
- དེ་བདེན་པའི་དབང་དུ་བཏང་ན་རྒྱ་གར།
- ཡང་དཔེ་འཇོག་རྒྱུ་ན་སོག་པོ་ལྟ་བུ་ཡིན་ན།
- ང་ཚོ་བོད་ཀྱི་ས་ཆར་ཡོང་ནས་ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་།
- ཆོས་ལུགས་ལ་སོགས་པ་སློབ་སྦྱོང་བྱས་ཏེ།
- མཐའ་མ་རྔ་བར་གཞུང་ལུགས་ཀྱི་སྟེང་གི་བརྩམས་ཆོས་མང་པོ་བྲིས་ཡོད་པ་མ་ཟད།
- རྩོམ་རིག་ཀྱང་བྲིས་ཡོད་པ་དེ་འདྲ་རེ་འགའ་ཡོད།
- དེའི་རྒྱུ་མཚན་གྱིས་ཁྱབ་ཁོངས་འདི་ཅུང་ཙམ་རྒྱ་བསྐྱེད།
- སོག་པོ་ལ་སོགས་པར་ཡང་ཅུང་ཙམ་རྒྱ་བསྐྱེད་ན་ཆོག་གི།
- ཅི་ལྟར་རྒྱ་བསྐྱེད་རུང་ཅུང་ཙམ་སླ་མོ་ཡིན་ཏེ་ཆོལ་ཁ་གསུམ་པོ་རེད།
- སྲོལ་རྒྱུན་གྱི་རྩོམ་རིག་གི་ངོས་ཐད་ནས་བཤད་ན་ཆོལ་ཁ་གསུམ་པོའི་ཁྱབ་ཁོངས་ཀྱི་ནང་ན་ཡོད།
- ས་རྒྱུས་ཀྱི་ངོས་ཐད་ནས་བཤད་ན།
- ཡིན་ཡང་དེང་རབས་རྩོམ་རིག་ཡིན་ན་དེ་མ་རེད།
- ཁྱབ་ཁོངས་དེའི་མི་ཚད་པ་རེད།
- ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ།
- ཆོལ་ཁ་གསུམ་པོ་གཞིར་བཞག་གི་སྟེང་ནས་རྒྱ་ནག་གི་ས་ཁུལ་མང་ཆེ་ཤོས།
- དེའི་ནང་ནས་ཀྱང་གཙོ་བོ་པེ་ཅིན་དང་ལན་ཀྲུ།
- ཁྲིན་ཏུའུ་སོགས་འདི་འདྲ་མང་པོ་ན་བོད་ཀྱི་རྩོམ་པ་པོ་ཡོད་པ་རེད།
- འདི་ནས་དེ་རིང་ནུབ་བྱང་ནས་ཡོང་བ་ཚང་མ་དེ་རེད།
- སྤྱིར་སྐྱེས་སའི་ཡུལ་ལན་ཀྲུ་མིན་རུང་།
- དེའི་ཁྱབ་ཁོངས་ཀྱི་ངོས་ཐད་ནས་བཤད་ན་ལན་ཀྲུ་ནས་གསར་རྩོམ་བྱེད་ཀྱིན་འདུག
- དེ་རུ་བསྡད་ཡོད་པའི་དགེ་རྒན་མང་པོ་ལ་རྩོམ་རིག་གསར་རྩོམ་གྱི་བརྩམས་ཆོས་མང་པོ་ཡོད།
- དེ་རུ་བྱ་བ་ལས་ནས་འཚོ་བ་རོལ་ཏེ་བསྡད་ཡོད་པ།
- དེ་བཞིན་དུ་པེ་ཅིན་ཡིན་ན་ཁྲིན་ཏུའུ་ཡིན་ན་ས་ཆ་མང་པོ་དང་གྲོང་ཁྱེར་མང་པོ་ན་ཡོད།
- དེང་སང་ཁྱབ་ཁོངས་དེ་ཕར་ལ་རྒྱ་བསྐྱེད་པ་རེད།
- རྒྱ་ནང་ནས་བཤད་ན་དེ་ལྟ་བུ་རེད།
- དེ་ནས་རྒྱ་གར་བཤད་མ་དགོས་པ་རེད།
- མི་གྲངས་མང་པོ་ཡོད་པ།
- དེ་ནས་རྩོམ་འབྲི་བ་དུས་དེབ་ལ་སོགས་པའི་སྟེང་དུ་རིག་རྒྱུ་ཡོད་ཀི།
- དྲ་ཚིགས་ཀྱི་སྟེང་ནས་རིག་རྒྱུ་ཡོད་ཀི།
- རང་རང་གི་སྒེར་གྱི་དེབ་ཐོག་ཏུའང་སྤེལ་མཁན་མང་པོ་ཡོད་ཀི།
- དེ་ནས་ང་ཚོས་དེང་རབས་རྩོམ་རིག་ལོ་རྒྱུས་བཤད་དུས།
- འདི་ཚོ་འདི་ཡིན་པ་ལས་རང་གི་ཁྱབ་ཁོངས་མ་རེད་ཅེས།
- རྒྱ་ནང་གི་ཁྱབ་ཁོངས་མ་རེད་ཅེས་ཕྱིར་འཕེན་ས་མི་འགྲོ།
- གལ་ཏེ་ཁྱོད་ཀྱིས་དེང་རབས་རྩོམ་རིག་འདི་ཁ་ཚང་ཞིག་གླེང་རྒྱུ་ཟེར་ན།
- དེ་རྣམས་ཕྱིར་འཕེན་ས་མ་འགྲོ།
- དེ་བཞིན་དུ་དཔེ་འཇོག་རྒྱུ་ན་ང་ཚོ་བུད་མེད་ཀྱི་རྩོམ་རིག་བཤད་དུས།
- རྒྱ་ནང་གི་བུད་མེད་བཤད་དགོས་པ་མ་ཟད།
- ཕྱི་ན་ཡོད་པའི་བུད་མེད་ངེས་པར་དུ་བཤད་དགོས་པ་རེད།
- དེའི་རྒྱུ་མཚན་གྱིས་ཁྱབ་ཁོངས་ཀྱི་ངོས་ཐད་ནས་བཤད་ན་རྒྱ་གར་ལྟ་བུ།
- དེ་བཞིན་དུ་ཡོ་རོབ་གླིང་དང་འཛམ་པོ་གླིང་ལ་ཁྱབ་ཡོད་ཅེས་བཤད་ན་ཆོག།
- ཡོ་རོབ་གླིང་གི་ས་ཆ་མང་པོ་དང་སོག་པོ་ལ་སོགས་པ།
- དེ་འདྲ་ས་ཆ་མང་པོ་ཞིག་ལ་ཁྱབ་ཡོད།
- འདི་ནི་ང་ཚོའི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག་གཉིས་ཀྱི་མི་འདྲ་ས།
- ང་ཚོས་ས་རྒྱུས་ཀྱི་ངོས་ནས་བཤད་ན་ཧ་ཅང་རྒྱ་ཆེ་བ་རེད།
- དེའི་རྒྱུ་མཚན་གྱིས་ང་ཚོས་དེང་རབས་རྩོམ་རིག་ཟེར་བ་འདིའི་མིང་འདོག་སྟངས་ཀྱི་སྟེང་ནས།
- དེ་གཞུང་ལུགས་ཀྱི་སྟེང་ནས་གླེང་དུས་དཀའ་ཁག་མང་པོ་ཞིག་ཡོད།
- དེ་ལྟ་བུ་རེད།
- དེ་ནས་རིག་གནས་ཀྱི་ཁྱབ་ཁོངས་ཀྱི་སྟེང་ནས་བཤད་ནའང་དེ་རེད།
- ས་རྒྱུས་ཀྱི་ཕན་ཆད་ནས་རིག་གནས་ཀྱི་ཁྱབ་ཁོངས་ཀྱི་སྟེང་ནས་བཤད་ནའང་དེ་བཞིན་རེད།
- ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་རེད།
- དེའི་འཕྲོ་ནས་ནས་རྩོམ་པ་པོའི་མི་རིགས་ཀྱི་ཆ་ནས་འདང་བརྒྱབ་ན་ཡང་སྣ་ཚོགས་རེད།
- འདི་ལ་རྩོད་གཞི་ཡོད་ཀི།
- འདིའི་སྔོན་ལ་ཚོགས་འདུ་ཚོགས་དུས་གླེང་ཕྱོགས་འདི་ལ་ལྟ་ཚུལ་མི་འདྲ་བ་མང་པོ་བྱུང་།
- ང་རང་ཉིད་ཀྱིས་ཀྱང་འདི་ལ་འདང་བརྒྱབ།
- རྩོམ་ཐུང་ཐུང་འདིའི་ཁ་བྱང་ལ་母语文学ཟེར།
- མ་གཞི་ནས་འདི་གླེང་ན་མི་འགྲིག
- ང་རང་གི་ལྟ་ཚུལ་ཡིན་ལ་མང་པོ་ཞིག་གི་ལྟ་ཚུལ་ཡང་རེད།
- མ་ཡུམ་གྱི་སྐད་ཆ་ཡིས་བརྩམས་པའི་རྩོམ་རིག་ཅིག་ཡིན་ཞེས་གླེང་དགོས་དོན་མེད་ཀི།
- ཅིའི་ཕྱིར་ཞེ་ན་སྲོལ་རྒྱུན་གྱི་རྩོམ་རིག་གི་སྟེང་ན་འདི་འདྲའི་གླེང་ཕྱོགས་ཤིག་ཡོད་པ་མ་རེད།
- རྩོད་གཞི་ཡང་མེད་ལ་གླེང་ཕྱོགས་ཀྱང་མེད།
- འདི་མ་ཡུམ་གྱི་སྐད་ཆ་ཡིས་བརྩམས་པའི་བོད་ཀྱི་རྩོམ་རིག་ཡིན།
- འདི་ཡང་གཞན་གྱི་སྐད་ཆ་ཡིས་བརྩམས་པའི་བོད་ཀྱི་རྩོམ་རིག་ཡིན་ཟེར་རྒྱུ།
- དེ་འདྲའི་རྩོད་གཞི་ཞིག་མ་གཞི་ནས་ཡོད་པ་མ་རེད།
- ལོ་རྒྱུས་ཀྱི་སྟེང་ན།
- བཅིང་འགྲོལ་མ་བྱས་སྔོན་ལ་དེ་ཡོད་པ་མ་རེད།
- བཅིང་འགྲོལ་བྱས་པའི་རྗེས་སུ་ད་གཟོད་འདི་འདྲའི་ཐ་སྙད་བྱུང་བ་རེད།
- དེ་ཡིན་ན་རྒྱ་ཡིག་གི་ལམ་ནས་འབྲི་དུས་བཀོད་པ་མེད།
- བཀོད་པ་མེད་པས་གཙོ་བོ་ངས་གང་བསྟན་པ་ཡིན་ཟེར་ན།
- བོད་ཡིག་བོད་སྐད་ཀྱི་རྩོམ་རིག་བརྩམས་ཆོས་དེ་བསྟན་པ་ཡིན།
- འདི་ང་ཚོ་མཚོ་སྔོན་ནས།
- རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་རྩོམ་པའི་རྩོམ་པ་པོ་དང་དེའི་རྩོམ་རིག་གི་སྣང་ཚུལ་དེ།
- བོད་ལྗོངས་ནང་བཞིན་ཧ་ཅང་ཡར་ལ་འཇོག་པ་དང་དེ་འདྲ་དྲིལ་བསྒྲགས་ཀྱང་བྱེད་མི་ཐུབ།
- བྱེད་མི་ཐུབ་རུང་དེ་ལ་གོ་གནས་ཁྱད་པར་བ་ཞིག་ཡོད།
- གོ་གནས་ཁྱད་པར་བ་ཞིག་ཡོད།
- དཔེ་འཇོག་རྒྱུ་ན་རྩོམ་པ་པོ་ཡིན་ནའང་ཆེད་ལས་ཀྱི་རྩོམ་པ་པོ་ཡོད་རུང་བ་རེད།
- ཡོད་ཆོག་ཆོག་རེད།
- ཡིན་ཡང་བོད་ཡིག་བོད་སྐད་ཀྱི་ངོས་ཐད་ནས་བཤད་ན།
- ང་ཚོར་རྩོམ་འབྲི་མཁན་ཤིན་ཏུ་མང་པོ་ཞིག་ཡོད་ཀི།
- ཡོད་མོད་དེའི་ནང་ན་ཆེད་ལས་ཀྱི་རྩོམ་པ་པོ་ཟེར་བ་ཞིག
- བོད་ཀྱི་ས་ཆ་ན་ཕལ་ཆེར་མེད་པ་འདྲ།
- ད་སྐབས།
- ང་ཚོ་མཚོ་སྔོན་དང་སི་ཁྲོན་ན་ཆད་ཡོད།
- བོད་ལྗོངས་ནའང་ཆེད་ལས་ཀྱི་རྩོམ་པ་པོ་ཟེར་བ་ཞིག་ཕལ་ཆེར་མེད་པ་འདྲ།
- བུད་མེད་ཀྱི་ནང་དུ་ལྷག་པར་དུ་བཤད་མ་དགོས་པ་རེད།
- བུད་མེད་ཀྱི་ནང་དུ་ལྷག་པར་དུ་བཤད་མ་དགོས་པ་རེད།
- དེ་ན་དེ་འདྲའི་གནས་ཚུལ་གྱི་མངའ་འོག་ནས།
- བཀོད་པ་མེད་པར་母语文学ཞེས་ང་རང་གིས་རྒྱ་ཡིག་གི་སྟེང་ནས་འབྲི་དུས།
- འདི་ལྟར་མ་བཤད་རང་བཤད་རེད།
- བོད་ཡིག་གི་སྟེང་ནས་དེ་ཉིན་ཚགས་པར་ཞིག་གིས་ཁོ་ཚོས་བསྒྱུར་ཏེ་སྟེང་དུ་བཀོད་དགོས་ཟེར།
- དེ་བོད་ཡིག་ལ་བསྒྱུར་དུས་ངས་འདིའི་ཁ་བྱང་བསྒྱུར་བ་ཡིན།
- ཨ་མདོ་དང་བོད་ཀྱི་དེང་རབས་རྩོམ་རིག་བར་གྱི་འབྲེལ་བ།
- ཁ་བྱང་ལ་དེ་བཏགས།
- འབྲེལ་བའི་བློས་བསླང་།
- དེ་ན་དཔེ་འཇོག་རྒྱུ་ན་母语文学ཟེར་བའི་ཐ་སྙད་འདི་དྲངས་དགོས་པའི་རྒྱུ་མཚན་ཡང་།
- ཕྱོགས་གཅིག་དེ་རེད།
- ཕྱོགས་གཞན་ཞིག་ནས་བཤད་ན།
- རྩོམ་པ་པོའི་ངོས་ཐད་ནས་བཤད་ན་རྙོག་དྲ་ཧ་ཅང་མང་པོ་ཞིག་ཡོད་ཀི།
- ལ་ལས་ཅི་ཟེར་ཞེ་ན།
- དེང་རབས་རྩོམ་རིག་གི་ནང་གི་བོད་ཀྱི་སྐད་དང་ཡི་གེ་ཡིས་བརྩམས་པ་འདི།
- བོད་ཀྱི་དེང་རབས་རྩོམ་རིག་ཡིན་ཞེས་བཤད་ན།
- ཨ་ཁུ་ཡི་དམ་ཚེ་རིང་ཅི་བྱེད།
- ཧ་ཅང་གིས་ལན་འདེབས་ས་མི་འགྲོ་བ་དེ་འདྲ་འདྲི་རྒྱུ་ཡོད་ཀི།
- ཨ་ཁུ་ཡི་དམ་ཚེ་རིང་ཅི་བྱེད།
- དེ་ནི་འཐུས་ཚབ་རང་བཞིན་གྱི་སྐད་ཆ་ཞིག་རེད།
- དེ་གཅིག་ཡིན་པ་དང་ད་དུང་ཅི་ཟེར་ཞེ་ན།
- འོ་ན་ཁ་ཆེ་ཡི་རྩོམ་རིག་ཅི་བྱེད།
- ཁ་ཆེ་ཡི་རྩོམ་རིག
- དེ་ལ་སྐད་དང་ཡི་གེ་ཡོད་མོད།
- རྒྱ་ནང་གི་ཁ་ཆེ་ལྟ་བུ་ལ་མཚོན་ན་སྐད་དང་ཡི་གེ་མེད་པ་ལྟ་བུར་བརྩིས་འདུག
- དེའི་རྒྱུ་མཚན་གྱིས་ཁོ་ཚོས་འབྲི་བཞིན་པ་ནི།
- ཀྲང་ཁྲིན་ཀྲིས་ལྟ་བུ་འདི་འདྲ་མང་པོ་ཞིག་གིས།
- བརྩམ་དུས་རྒྱ་ཡིག་རྒྱ་སྐད་ཀྱི་སྟེང་ནས་བརྩམས་པ་རེད།
- རྒྱ་ཡིག་རྒྱ་སྐད་ཀྱི་སྟེང་ནས་བརྩམས་པ་རེད།
- ཡིན་ཡང་ཁོ་ཚོར་回族文学ཞེས་མིང་དེ་ལྟ་བུ་ཞིག་བཏགས་ནས།
- དེ་ལྟར་ངོས་བཟུང་ཡོད་པ་ལ་རྩོད་གཞི་ཡོད་པ་མ་རེད།
- དེ་ལྟར་ཁ་ཆེ་མི་རིགས་ལ་མཚོན་ན་རྒྱ་ཡིག་གི་སྟེང་ནས་བརྩམས་མོད།
- ཁོ་ཚོས་回族文学ཞེས་པའི་མིང་དེ་བཏགས་ཡོད་པ་རེད།
- དེའི་རྒྱུ་མཚན་གྱིས་ཁྱོད་ཀྱིས་དེར་ཡང་འདང་རྒྱག་དགོས་ཞེས་ནང་དོན་དེ་རེད།
- བོད་ཡིག་བོད་སྐད་ཁོ་ན་ལ་འདང་བརྒྱབ་ན་དེར་འདང་རྒྱག་དགོས།
- དེའི་འཕྲོ་ནས་撒拉文学སཱ་ལ་རྩོམ་རིག
- སཱ་ལ་ལྟ་བུར་མཚོན་ན་རང་གི་སྐད་དང་ཡི་གེ་ཡོད་པ་གཞིར་བཞག་གི་སྟེང་ནས།
- རྒྱ་ཡིག་གི་སྟེང་ནས་འབྲི་བ་མང་པོ་ཡོད།
- ཁོ་ཚོས་རང་གི་སྐད་དང་ཡི་གེ་ཡི་སྟེང་ནས་བྲིས་པ་ཤིན་ཏུ་ཉུང་ཉུང་རེད།
- རྒྱ་ཡིག་གི་སྟེང་ནས་བྲིས་པ་ཤིན་ཏུ་མང་།
- དེའི་རྩོམ་པ་པོ་དང་སྙན་ངག་པ་ཤིན་ཏུ་མང་པ་དེ་ལྟ་བུ་ཅི་བྱེད།
- དེ་འདྲའི་དྲི་གཞི་མང་པོ་ཡོད།
- དེའི་སྐབས་སྟེ་ང་རང་ཉིད་ཐབས་ཟད་པ་དང་འུ་ཐུག་པའི་སྐབས་དེར།
- འདི་འདྲའི་བཤད་ཚུལ་ཞིག་སྟེ།
- བོད་ཡིག་གི་སྟེང་ནས་བཤད་ས་འགྲོ་བ་དང་རྒྱ་ཡིག་གི་སྟེང་ནས་བཤད་ས་མི་འགྲོ་བ།
- བོད་ཡིག་གི་སྟེང་ནས་བཤད་ས་འགྲོ་བ་དང་རྒྱ་ཡིག་གི་སྟེང་ནས་བཤད་ས་མི་འགྲོ་བ།
- དེ་ཅི་ལྟར་བཤད་པ་རེད་ཟེར་ན།
- ཁྱོད་ཚོས་ཀྱང་རྒྱ་ཡིག་གིས་འབྲི་བ་དང་།
- བོད་ཡིག་གི་སྟེང་ནས་གསར་རྩོམ་བྱེད་བཞིན་པ་གཉིས་ལ་ཁྱད་པར་ཞིག་བགར་ན།
- ངས་ཅི་ལྟར་བྱས་ནས་བགར་ན་འདོད་ཟེར་ན།
- བོད་ཀྱི་རྩོམ་པ་པོ་དང་བོད་རིགས་ཀྱི་རྩོམ་པ་པོ་ཞེས་རིགས་བགར་ན་འདོད།
- བོད་ཀྱི་རྩོམ་པ་པོ་དང་བོད་རིགས་ཀྱི་རྩོམ་པ་པོ།
- ཨ་ཁུ་ཡི་དམ་ཚང་ཡིན་ནའང་བོད་རིགས་ཀྱི་རྩོམ་པ་པོ་ཨེ་ཡིན་ཟེར་ན་ཡིན།
- བོད་ཡིག་བོད་སྐད་ཀྱི་སྟེང་ནས་གསར་རྩོམ་བྱེད་པ་ཅི་ཡིན་ཟེར་ན།
- བོད་རིགས་ཡིན་པ་གཞིར་བཞག་དང་བོད་རིགས་མིན་ནའང་ཆོག
- བོད་ཀྱི་རྩོམ་པ་པོ།
- དེ་རྒྱ་ཡིག་རྒྱ་སྐད་ཀྱི་སྟེང་ནས་ངས་བཤད་མི་ཤེས།
- 藏族的作家和藏族作家གཉིས་ལ་ཁྱད་པར་མེད་པ་འདྲ།
- ཁྱད་པར་མེད་པ་འདྲ།
- བོད་སྐད་ཀི་སྟེང་ནས་བཤད་ན་བཤད་ས་འགྲོ་བ།
- བོད་རིགས་ཀྱི་རྩོམ་པ་པོ་དང་བོད་ཀྱི་རྩོམ་པ་པོ།
- བཤད་ས་འགྲོ་བ་རེད།
- གཏམ་དཔེ་ཞིག་ཡོད་པ་མི་སེམས་ལ་སྡུག་དང་རྟ་རྒྱབ་ལ་རྨ་ཟེར་བ།
- དེ་མི་འཇོག་པ་གལ་ཆེ།
- དེ་མ་གཏོགས་དེང་རབས་རྩོམ་རིག་ལ་ལོ་རྒྱུས་ཤིག་འབྲི་ན།
- དེ་མ་བཤད་ས་མི་འགྲོ་བ་དང་བཞག་ས་མི་འགྲོ་བ་ཞིག་རེད།
- ང་རང་གིས་མ་མཐའ་ཡང་དེ་ལྟར་བསམ་བཞིན་ཡོད།
- དེང་རབས་རྩོམ་རིག་ཟེར་བ་འདི་ལ་གཞུང་ལུགས་ཀྱི་ངོས་ཐད་ནས།
- དེ་ལ་མ་ལག་ཅིག་ཆག་རྒྱུའི་ཕྱོགས་ལ་ཧུར་བརྩོན་ཞིག་བྱས།
- ཡང་ན་འདི་ལ་ལོག་རྒྱུས་ཤིག་འབྲི་རྒྱུ་ཟེར་ན།
- དེ་ལྟར་མ་གྱུར་ས་འགྲོ་བསམ།
- ཁྱོད་ཀྱིས་དེའི་ནང་དུ་རྒྱ་ཡིག་གི་བརྩམས་ཆོས་ཤིག་ཁྱེར་ཡོང་།
- ཨ་ལད་ཀྱི་བརྩམས་ཆོས་ཤིག་ཁྱེར་ཤོག
- དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ནང་དུ་འབྲི་ས་ཨེ་འགྲོ་ལྟོས།
- ངས་བལྟས་ན་མི་འགྲོ་བ་རེད།
- མི་འགྲོ་མོད་མི་འགྲོ་བ་རེད་ཅེས་ཚོགས་ཐོག་འདི་ནས་བཤད་དེ།
- ལྷག་པར་དུ་རྩོམ་གྱི་ཐོག་ནས་བཤད་ན་སྔོན་ལ་བཤད་ཟིན་པ་དེ་རེད།
- མི་མང་པོ་ཞིག་གིས་སེམས་ལ་སྡུག་ཟེར་ན་མི་ཤེས་མོད་གང་ལྟར་ཀྱང་ཕོག་ཐུག་གཏོང་བ་རེད།
- དེ་འདྲའི་དོན་དག་ཡོད།
- དེ་ནས་ང་ཚོས་ཁྱབ་ཁོངས་ཀྱི་ངོས་ཐད་ནས་བཤད་ནའང་།
- ས་རྒྱུས་ཀྱི་ཁྱབ་ཁོངས་དང་རིག་གནས་ཀྱི་ཁྱབ་ཁོངས།
- རྩོམ་པ་པོའི་རིགས་ཀྱི་ཁྱབ་ཁོངས་འདི་དག་སོ་སོའི་སྟེང་ནས་བཤད་ན།
- བོད་ཡིག་གིས་འབྲི་མཁན་གྱི་ནང་ན་མི་རིགས་གཞན་པ་ཡང་ཡོད།
- དེར་འདང་རྒྱག་དགོས།
- སྔོན་ཆད་ང་ཚོའི་ལོ་རྒྱུས་ཀྱི་སྟེང་ན་དཔེ་འཇོག་རྒྱུ་ན།
- ཨ་ལག་ཤ་ལྟ་བུ་འདི་འདྲའི་མཁས་པ་དང་སྙན་ངག་འབྲི་མཁན་ཡོད་པ་བཞིན་དུ།
- ད་ལྟའི་དུས་སྐབས་ཡིན་ནའང་དེ་ལྟ་བུ་ཡོད་པ་རེད།
- དེ་ཡིན་ན་བོད་ཀྱི་དེང་རབས་རྩོམ་རིག་ཟེར་དུས།
- དེ་རྣམས་རིགས་ཀྱི་ངོས་ཐད་ནས་བཤད་ན་མི་རིགས་གཞན་ཞིག་ཡིན་པས།
- ཕར་གཡུག་ཞོག་ཅེས་བཤད་ས་མི་འགྲོ།
- དེ་ངེས་པར་དུ་ནང་དུ་བླངས་ནས་འབྲི་དགོས།
- རྩོམ་བྱེད་སྐད་དང་ཡི་གེ་དེ་རེད།
- དེ་བས་ཕྱོགས་གང་ཐད་ལ་འདང་བརྒྱབ་ནས་མཐར་གཏུག་ནས་ཡོང་ན།
- ཕར་ཆེར་སྐད་དང་ཡི་གེའི་སྟེང་དུ་བབས་འདུག
- འཚོ་བ་ལ་སོགས་ཀྱི་སྟེང་དུ་བབས་མེད།
- བོད་ཀྱི་འཚོ་བ་མཚོན་ན་བོད་ཀྱི་རྩོམ་རིག་ཡིན་ཞེས་བཤད་མཁན་མང་པོ་ཞིག་ཡོད།
- དེ་ཡིན་ན་འགྲིག་གིན་མེད།
- གང་ལྟར་ཀྱང་ངས་བཤད་བྱ་གཉིས་པ་དེ་རེད།
- དེ་རབས་རྩོམ་རིགས་ཟེར་བ་དང་རྩོམ་རིག་གསར་བ་ཟེར་བ།
- དུས་སྐབས་གསར་བའི་རྩོམ་རིག་ཟེར་བ།
- སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་རྩོམ་རིག་ཟེར་བ།
- མིང་སྣ་མ་སྣ་ཚོགས་ཤིག་བྱུང་ནས།
- ད་སྐབས་ད་དུང་གཏན་འཁེལ་བྱེད་མི་ཐུབ་པའི་རྒྱུ་མཚན་གཉིས་པ་དེ་རེད།
- ཁྱབ་ཁོངས་ཀྱི་ངོས་ཐད་ནས་བཤད་ན་རྙོག་དྲ་རེད།
- ཁྱོད་ཚོ་གསར་རྩོམ་བྱེད་མཁན་ཞིག་ཡིན་ན་འདི་ལ་འདང་བརྒྱབ་ཡོད་ན་ཐང་ལ་མེད་ནའང་ཐང་།
- རྒྱག་དགོས་ན་ཐང་ལ་མི་དགོས་ནའང་ཐང་།
- ཡིན་ཡང་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་ཞིག་ཡིན་པ་རེད།
- དེའི་རྒྱུ་མཚན་གྱིས་ཁྱོད་ཚོས་འདི་ཤེས་ན་བཟང་།