Video Overview
བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་སྤྱི་བསང་གི་དུས་ཆེན་དང་བསྟུན་ནས་གཏོང་སྲོལ་ཡོད་པའི་བོད་ཀྱི་མཆོད་པ་ཆེན་པོ་བཞི་ཡི་ཡ་གྱལ་ཞིག
ཉིན་འདིར་ཡུལ་སྡེ་གཅིག་གི་ཁྱིམ་ཚང་རེའི་ལོ་ན་༡༣་ནས་༦༠བར་གྱི་སྐྱེས་པའམ་གྲྭ་བ་གང་རུང་རེ་མི་རྟ་ཆ་བསྒྲིགས་ཏེ་ལྷ་ཤིང་ཤུག་པ་དང་བསང་རྩམ་བསང་མར། སྐྱེམས་ཆང་དང་དར་ཤིང་། རྒྱལ་མཚན་རྩེ་མོ་དང་སྒྲོལ་མ། བར་ཆད་ལམ་སེལ་དང་བསམ་པ་ལྷུན་གྲུབ། རླུང་རྟ་དང་དར་ལྕོག་སོགས་གྲ་སྒྲིག་དག་གཙང་གནང་ནས་འཛོམས་དགོས་ཤིང་རང་སྡེའི་མདུན་རི་དང་རྒྱབ་རི། གཡས་རི་དང་གཡོན་རི། མཐའ་འཁོར་གྱི་གནས་རི་རྩ་ཆེན་སོགས་གྲགས་ལྡན་གྱི་རི་མགོ་མཐོ་ས་དག་ལ་བསང་གསུར་གསེར་སྐྱེམས་སོགས་བཏང་སྟེ་སྤྱིར་འགྲོ་བ་ཡོངས་དང་སྒོས་སུ་འཛམ་བུ་གླིང་གི་རྩེ་མོ་བོད་གངས་རིའི་ལྗོངས་ཀྱི་ཕྱི་སྣོད་འཇིག་རྟེན་ལ་སྲུང་སྐྱོང་ལེགས་པར་མཛད་པའི་འཕྲིན་ལས་དག་ས་དེ་ན་གནས་པའི་ཡུལ་ལྷ་དང་གཞི་བདག་དག་ལ་བཅོལ་ཏེ་ལེགས་གསོལ་ཞུ་བའི་ཆོ་ག་ཞིག་ཡིན་པ་རེད།
藏历五月十五是传统的举行煨桑(烟祭)仪式的“世界煨桑”日,是藏族四大祭供节日之一。
藏历五月十五的这一天,村子里13-60岁的僧俗男子们,都会各自骑着自家的马匹,带着青柏树枝、糌粑、酥油、供酒、绸缎,以及经幡和纸印风马等祭祀用品,齐聚在村中。然后在村庄的前山、后山以及左右的高山上进行煨桑(烟供)仪式,祈愿众生离苦得乐,祈愿雪域藏地风调雨顺、人畜兴旺。
The world smoke offering ceremony is one of the four Tibetan offering festivals, and is held on the fifteenth day of the fifth Tibetan lunar month.
- བཤད་མཁན་དང་པོ།དེ་རིང་ཡིན་ན་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་རེད།
- བྰ་གླིང་སྡེ་བའི་མི་ཐམས་ཅད་འཛོམས་ནས།
- ང་ཚོའི་གཞི་བདག་འདི།
- ང་ལོ་བཅུ་གསུམ་གྱི་སྟེང་ནས།
- ང་ཐེངས་དང་པོའི་གཞི་བདག་མཆོད་སར་འོང་སྐབས།
- ལབ་ཙེ་འདི་ཐད་ཀར་མཆོད་ཆོག་པ་ཞིག་མ་རེད།
- ཕ་རྒན་གྱིས་ཁྲིད་འོང་ནས་གཞི་བདག་ལ་ངོ་སྤྲོད་བྱེད་དགོས་པ་རེད།
- དེ་ནས་གཞི་བདག་ལ་བཅོལ་བ་དང།
- ངེད་ཚང་གི་བུ་འདི་རྗེས་ཕྱོགས་ཁྱེད་ལ་མཆོད་ས་འོང་བ་རེད།
- ཁྱེད་ཀྱིས་བུ་འདི་ལ་མགོན་སྐྱབས་དང་གདོང་གྲོགས་མཛད་རོགས།
- དེ་རིང་ནས་གཟུང་ཁྱེད་ལ་མཆོད་ས་ཡོང་བ་རེད།
- མི་དང་གཞི་བདག་བར་ལ་ངོ་སྤྲོད་ཡག་པོ་བྱེད་དགོས་པ་རེད།
- ང་ཚོའི་སྡེ་བར་གཞི་བདག་ལྔ་དྲུག་ཅིག་ལ་མཆོད་རྒྱུ་ཡོད་རེད།
- བཤད་མཁན་གཉིས་པ།ལོ་སར་སྐབས་སུ་ཚེས་གསུམ་ལ་མཆོད་རེད།
- གནའ་ནས་རྟ་ལ་སྒ་ཆས་དང་འགྲོ་སྐར་བཞག
- བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ལ་གཞི་བདག་འདི་ལ་མཆོད་པ་རེད།
- རྒྱལ་ལྔ་ལྷ་བསང་འདོན་པ་དང།
- མར་གཡག་འདྲ་ཡག་པོར་བཅའ་བ་རེད།
- དེ་ནས་ང་ཚོས་རྟ་རྒྱུགས་བྱེད་པ་རེད།
- རྟ་རྒྱུགས་ཚར་རྗེས་དགའ་དགའ་སྐྱིད་སྐྱིད་བྱས་ནས་འདུག་པ་རེད།
- ཉི་མ་གནའ་ནས་བྰ་གནས་སྐུ་ཆེན་གྱི་རིང་ལ་གཞི་བདག་འདི།
- བྰ་གནས་སྐུ་ཆེན་དང་སྐུ་ཆུང་གཉིས་ཀྱི་སྐུ་ཕྲེང་དྲུག་བདུན་གྱི་སྔོན་ལ།
- རྟ་རྒྱུགས་འདི་བཙུགས་པ་རེད།
- བཤད་མཁན་གསུམ་པ།བྰ་ལངས་འདི་ལྟ་བུ་ཞིག་ལ་ཆ་མཚོན་ན།
- ཡུལ་ལྷ་གཞི་བདག་གང་མང་མང་ཞིག་གསོ་ཀི་ཡོད་ནི་རེད།
- དེའི་ནང་ནས་ཀྱང་དེ་རིང་འདི་ན་གསོ་ཀི་ཡོད་པ་འདི་ཡིན་ན།
- བྱང་རི་ལྷ་རྒྱལ་སྟག་རྩེ་ཟེར་བའི་གཞི་བདག་ཅིག་རེད།
- འདིའི་ཐོག་ནས་ང་ཚོས་རི་བསང་ངམ་ལྷ་གསོ་བྱས་ནས།
- འདི་ལྟ་བུའི་ཁྱད་ཆོས་ཅན་གྱི་ཚན་རིག་དང་མཐུན་པ།
- ནང་ཆོས་ཀྱི་ལྟ་བ་དང་མཐུན་པ།
- སྐྱེས་ཁམས་རང་བྱུང་གི་སྲུང་སྐྱོབ་རང་བཞིན་ཅན་གྱི།
- དགེ་མཚན་ལྡན་པའི་རིག་གནས་འདི་ཚོ་མུ་མཐུད་དུ།
- སླར་གསོ་རེ་བྱེད་ཐུབ་ན་ཧ་ཅང་ཡག་ས་རེད་བསམ།