Video Overview
གླུ་དབྱངས་འདི་ནི་བོད་མི་དཀྱུས་མ་ཞིག་གི་འཚོ་བ་དང་།འདས་པའི་དུས་ཀྱི་བོད་ཀྱི་ཚོ་ཤོག་རིག་གནས་དང་འབྲེལ་བའི་དམངས་གླུ་ཞིག་རེད།
ཚོ་ཤོག་རིག་གནས་ཀྱི་གནས་ཚུལ་ཞིག་ཀྱང་ལྷན་དུ་མངོན་འདུག ནང་བའི་ཆོས་ལུགས་ནི་བོད་མི་ཀུན་གྱི་དད་ཡུལ་གྱི་ཆོས་ལུགས་གཙོ་བོ་དེ་ཡིན་ལ། བླ་མའི་ཅི་གསུང་ཆོས་ཞེས་བླ་མ་ལ་བོད་མི་ཀུན་གྱིས་མཐོང་ཆེན་པོ་བྱེད་པ་རེད། དེ་ནི་ཤོ་ལ་ཀ་དང་བོའི་བསྟན་དོན་ཡིན་དེ། ཆོས་ཡག་པོ་ཁྲིག་ཐོག་བླ་ལོས་འདོན།།དེ་ལོས་འདོན་ཕྱི་མ་འགྲོ་ཆོས་རེད།།ཅེས་པ་ལས་གསལ་བོ་བརྗོད་འདུག།ཤོ་ལོ་ཀ་གཉིས་པའི་ནང་དུ་མི་སྒེར་གྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཞིག་བརྗོད་འདུག་སྟེ།རི་ཁའི་ལུག་རྗི་ཞིག་ལ་མཚོན་ནས་བཤད་ན་གླུ་དབྱངས་ལེན་པ་ནི་དུས་ཚོད་གཏོང་བའི་ཐབས་བཀོད་གལ་ཆེན་ཞིག་ཡིན་པ་བརྗོད་ཡོད་པ་རེད།ཤོ་ལོ་ཀ་གསུམ་པ་ནི་འདས་པའི་དུས་ཀྱི་བོད་ཀྱི་ཚོ་ཤོག་རིག་གནས་ཁྲོད་དུ་ཤེས་རྒྱ་ཆེ་བའི་སྡེ་དཔོན་ཅིག་གི་གལ་ཆེའི་རང་བཞིན་གསལ་བརྗོད་བྱས་འདུག
This is a folk song, describes the lives of different members of traditional Tibetan society.
这是一首描述普通藏人的生活,以及过去的部落文化的民歌。
这首民歌讲述了西藏传统社会中一个普通藏人的生活,以及其代表的部落文化。藏传佛教是藏族人们主要信奉的宗教,人们非常珍视喇嘛的佛法传授。比如我们可以从第一部分指出喇嘛就应该在宝座上传授佛法,而这就是我们为下一世做准备的机会。第二部分主要讲述了一个普通藏人的个人生活,唱歌是牧羊人打发时间的一种重要方式。第三部分主要表达了拥有智慧的部落首领是何等的重要。藏族部落文化中具有智慧的村长。
- ལྕགས་ཐར།ཆོས་ཡག་པོ་ཁྲིག་ཐོག་བླ་ལོས་འདོན།།
- དེ་ལོས་འདོན་ཕྱི་མ་འགྲོ་ཆོས་རེད།།
- གླུ་ཡག་པ་ལ་ཁའི་ལུག་རྫིས་ལེན།།
- དེ་ལོས་ལེན་མི་ལོ་རིང་ནི་རེད།།
- གཏམ་ཡག་པོ་གོ་ཤེས་དཔོན་པོས་བཤད།།
- དེ་ལོས་བཤད་སྡེ་བ་འདུག་ཆོས་རེད།།