Video Overview
གླུ་དབྱངས་འདི་ནི་དཔེ་དོན་ཟུང་འབྲེལ་གྱི་ལམ་ནས་གྱེར་བའི་བོད་ཀྱི་ཚོ་ཤོག་རིག་གནས་ཀྱི་ནང་དོན་སྟོན་པའི་གླུ་དབྱངས་ཤིག་རེད།།
གླུ་དབྱངས་འདིར་ཁྱོན་ཚིག་དུམ་གསུམ་ཡོད་ལ། ཚིག་དུམ་སྔ་མ་གཉིས་ནི་དཔེ་དང་ཕྱི་མ་ནི་དོན་ཡིན་པ་རེད།གླུ་དབྱངས་འདིའི་བརྗོད་བྱའི་སྙིང་བོ་ནི་བོད་ཀྱི་འདས་པའི་དུས་ཀྱི་ཚོ་ཤོག་རིག་གནས་ཁྲོད་དུ་སྡེ་དཔོན་ནམ་ཚོ་དཔོན་ལ་མི་ཀུན་གྱིས་བཀུར་ཞིང་བརྩི་ལ། ཚོ་དཔོན་ཤེས་རྒྱ་ཅན་ཞིག་ཡོད་པ་ནི་སྡེ་མི་ཀུན་གྱི་རེ་བའི་མིག་གི་ལྟ་ས་ཡིན་པ་བསྟན་འདུག དོན་དེ་གླུ་དབྱངས་འདིའི་ཚིག་རྐང་རྗེས་མས་གསལ་བོར་བསྟན་འདུག་སྟེ། དཔོན་བྱང་སེམས་ཅན་ལ་རུ་སྡེ་འཁོར་ཞེས་པ་དེའོ།།
This song praises ideal leadership through example.
This song has three parts: the first two are examples of leadership, and the third describes the results. Its lyrics recount how in the past, all people respected and listened to the village or tribe leader. Everyone expected their leader to be experienced and wise. The last part of the song states that the village or the tribe will support and agree with compassionate leadership.
这首歌主要通过比喻的手法展现了藏族部落文化。
这首民歌可分为三个部分,前两部分是比喻,后部分为是原意。这首歌主要讲述了在过去部落文化中,部落人是如何尊重和倾听部落首领的号召。每个人都期望有明智的部落首领。这首民歌的最后一部分通过举例说明慈悲的首领最得人心,人们会自愿的跟随他。
- དགའ་བདེ།སྟོད་ཡན་ལ་རི་རྒན་སྨུག་པ་ཅན།།
- རི་སྨུག་པ་ཅན་ལ་ཤྭ་ཡུ་འཁོར།།
- བར་གན་ལ་དཔོན་ལོ་བྱང་སེམས་ཅན།།
- དཔོན་བྱང་སེམས་ཅན་ལ་རུ་སྡེ་འཁོར།།
- སྨད་མས་ན་མཚོ་རྒན་གནས་པ་ཅན།།
- མཚོ་གནས་པ་ཅན་ལ་ཉ་སྲམ་འཁོར།།