05 Jan 2016
2 min 17 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "The Karma of a Motherless Wild Yak Calf." This song is part of a collection of folk songs from the Rebgong cultural area.
འདི་ནི་རང་གི་འབད་རྩོལ་ལ་བརྟེན་ནས་འབྲས་བུ་ཕུལ་བྱུང་བླངས་ཡོད་པ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་འབྲོང་བརྒྱའི་མཐའ་ན་ཡོད་པའི་མ་མེད་ཀྱི་འབྲོང་ཕྲུག་དེ་དུས་དེང་སང་འབྲོང་བརྒྱའི་དཀྱིལ་ན་ཡོད་པ་དང་འབྲོང་རུ་དམར་ཟེར་ན་འདང་ཞིག་ཡོད་པ་སོགས་ལ་དཔེ་བྱས་ཏེ་ནང་ཁྲོམ་པ་གྲལ་ལ་ཚོགས་དུས་སུ་མ་མེད་བུ་ཆུང་མཐའ་ལ་བཀར་བ་དང་། དེ་ནས་རང་གི་རྩོལ་བ་ལ་བརྟེན་ནས་འབྲས་བུ་གཡུར་ཟ་བླངས་པས་དེང་སང་ཁྲོམ་པའི་དཀྱིལ་ན་ཡོད་པ་དང་ཚང་མས་བརྩི་མཐོང་ཆེ་བ་བརྗོད་ཡོད།
- ༼ཡེ་་་ཡ་རེ་ཡ་རེ་་་་་ངས་ཡ་རེ་ལེན། བྱང་ཡ་རེ་ཟེར་ལ་ངསགླུ་ཞིག་ལེན༽
- ནང་འབྲོང་བརྒྱ་རྫ་ལ་ཚོགས་དུས་སུ། །
- ང་མ་མེད་འབྲོང་ཕྲུག་མཐའ་ན་ཡོད། །
- ང་མཐའ་ནས་བུད་དེ་དཀྱིལ་ལ་སོང་། །
- ང་དེང་སང་འབྲོང་བརྒྱའི་དཀྱིལ་ན་ཡོད། །
- འབྲོང་རུ་དམར་ཟེར་ན་འདང་ཞིག་ཡོད། །
- རྟ་བརྒྱ་སྤང་ལ་ཚོགས་དུས་སུ། །
- ང་མ་མེད་རྟེའུ་ཆུང་མཐའ་ན་ཡོད། །
- ང་མཐའ་ནས་བུད་དེ་དཀྱིལ་ལ་སོང་། །
- ང་དེང་སང་རྟ་བརྒྱའི་དཀྱིལ་ན་ཡོད། །
- རྟ་རྐྱང་ངེ་ཟེར་ན་འདང་ཞིག་ཡོད། །
- ནང་ཁྲོམ་པ་གྲལ་ལ་ཚོགས་དུས་སུ། །
- ང་མ་མེད་བུ་ཆུང་མཐའ་ལ་བཀར། །
- ང་མཐའ་ནས་བུད་དེ་དཀྱིལ་ལ་སོང་། །
- ང་དེང་སེང་ཁྲོམ་པའི་དཀྱིལ་ན་ཡོད། །
- བུ་དགའ་བོ་ཟེར་ནས་འདང་ཞིག་ཡོད། །
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །