31 Oct 2012
11 min 1 sec
Video Overview
Creators:
Unknown
This video is about Tsolo who is from Chuma Village, Repgong in Amdo. She is telling a traditional story called "Kala Pingka," (The Songbird).
- Repgong
- བྱ་ཀ་ལ་པིང་ཀ་ལེན་དུ་སོང་བ་དེ་བཤད་ཡོང།
- ཡ་ཡ་་་
- བྱ་ཀ་ལ་པང་ཀ་ལེན་དུ་སོང་བ་དེ་བཤད་ཨེ་དགོས།
- བཤད་དགོས།
- ཨ་ཡེ་ཞིག་ཡོད་པ་རེད།
- ཨ་ཡེ་དེ་ལ་བུ་མོ་གསུམ་ཡོད་པ་རེད།
- བུ་མོ་ཆེ་བས།
- གལ་ཏེ་ང་རང་རྒྱལ་བོའི་བཙུན་མོ་བརྒྱ་དང་བརྒྱད་ཀྱི་གྲས་སུ་ཞུགས་ཐུབ་ན།
- ངས་ནས་འབྲུ་གཅིག་གིས་ཁྱིམ་ཚང་གསོ་ཐུབ་གི་ཞེས་བཤད་པས།
- ཨ་ཡེ་ཡིས་རྒྱལ་བོར་དེ་ལྟར་ཡར་ཞུ་བྱས་པས་རྒྱལ་བོས་དེ་བྱས་ཆོག་ཅེས་གསུངས།
- དེ་བུ་མོ་ཆེ་བ་རྒྱལ་བོའི་བཙུན་མོ་བརྒྱ་དང་བརྒྱད་པོའི་གྲས་སུ་ཞུགས་མོད།
- འོན་ཀྱང་མོས་ཁྱིམ་ཚང་གི་ཁ་གསོ་ཆད་ཐུབ།
- མོ་རང་ཉིད་ཀྱང་ཇ་ཐུན་གཅིག་ལའང་ཕོ་བ་རྒྱག་རྒྱུ་མ་བྱུང་།
- ནས་འབྲུ་གཅིག་གི་ཨི་ཡིན།
- རེད་་་ཧ་ཧ་་་ནས་འབྲུ་གཅིག་གིས།
- དེ་བས་ཨ་ཡེ་དགོད་ཁ་ཤོར་བ་རེད།
- ཅི་རེད་ཨ་ཡེ་ཁྱེད་རང་དགོད་དགོས་པ་ཅི་རེད་ཅེས་དྲིས།
- ཨ་ཡེས་བཤད་རྒྱུར་བུ་མོ་འབྲིང་བ་དེས་བཤད་ན།
- གལ་ཏེ་མོ་རང་རྒྱལ་བོའི་བཙུན་མོ་བརྒྱ་དང་བརྒྱད་ཀྱི་གྲས་སུ་ཞུགས་ཐུབ་ན།
- མོས་གྱང་རྩྭའི་གོན་པ་བཟོ་ཐུབ་ཟེར་གི་ཟེར།
- འོ་དེ་ན་མོ་རང་བཙུན་མོ་བརྒྱ་དང་བརྒྱད་པོའི་གྲས་སུ་ཞུགས་ན་ཆོག་ཅེས།
- མོ་རང་བཙུན་མོ་བྱེད་ཏུ་བཅུག
- ཡིན་ཡང་མོས་གྱང་རྩྭའི་གོན་པ་བཟོ་ཆད་ཐུབ།
- མ་ཐུབ་པ་རེད།
- བུ་མོ་ཆུང་བས་བཤད་རྒྱུར་ངས་དེ་འདྲ་བྱེད་མི་ཐུབ་མོད།
- འོན་ཀྱང་ངས་ངོ་མས་བཤད་ན།
- ང་རང་གིས་རྗེས་མར་གསེར་གྱི་བུ་ཞིག་དང་།
- དངུལ་གྱི་བུ་དང་དུང་གི་བུ་མོ་ཞིག་བཅས་སྐྱེས་རྒྱུ་རེད་ཟེར།
- བཙུན་མོ་བརྒྱ་དང་བརྒྱད་པོའི་གྲས་བྱས་ན།
- ཡང་ཨ་ཡེ་དེ་ལྟར་ཧ་ཆ་བརྒྱབ།
- ཨ་ཡེ་ཅི་རེད་ཅེས་དྲིས་པར།
- ངེད་ཚང་གི་བུ་མོས་དེ་ལྟར་བཤད་ཅེས་ཞུས།
- དེ་ན་མོ་རང་བཙུན་མོ་བརྒྱ་དང་བརྒྱད་པོའི་གྲས་སུ་ཞུགས་ཞེས་བཤད་ནས་ཞུགས་པ་རེད།
- དེ་ནས་མོ་ལ་མངལ་ཆགས་པ་རེད།
- རྒྱལ་བོར་བཙུན་མོ་ངན་པ་གཉིས་ཡོད་དེ།
- རིགས་ངན་པོའི་བུ་མོ་ཞིག་དང་ཨ་མར་གན་ཏི་ཟེར་བ་ཤིག་ཡོད་པ་རེད།
- དེ་གཉིས་ནི་བཙུན་མོ་རྣམས་ལས་ཆེས་ངན་པ་གཉིས་ཡིན་པ་རེད།
- དེ་གཉིས་ཀྱིས།
- རྒྱལ་བོ་གཟུ་བཤད་དུ་འགྲོ་དགོས་པ་རེད།
- ཁྱེད་ཚོས་མོ་ལ་བདག་བྱས་ནས་མོ་ལ་ཡག་པོ་སྐྱེས་སུ་བཅུག་ཅེས་བཤད།
- ཡ་་་ཞེས་བཤད་པ་རེད།
- བཙུན་མོ་དེ་གཉིས་ཀྱིས་ཁོག་ལ་ནན་པོ་དྲན་ནས།
- སྒོ་ན་ཁྱི་ཕྲུག་འགའ་ཡོད་པ་དེ་དག་རྫ་མ་ཞིག་གི་ནང་དུ་བཅུག་ནས།
- བུ་མོས་གསེར་གྱི་བུ་ཞིག་དངུལ་གྱི་བུ་ཞིག་དུང་གི་བུ་མོ་ཞིག་བཅས་སྐྱེས་པ་རེད།
- གསེར་གྱི་བུ་ཞིག་དངུལ་གྱི་བུ་ཞིག་དུང་གི་བུ་མོ་ཞིག་བཅས་སྐྱེས་པ་རེད།
- བཙུན་མོ་གཉིས་ཀྱིས་རྫ་མ་ཞིག་གི་ནང་དུ་བཅུག་ནས།
- གོ་ཐུམ་བརྒྱབ་སྟེ་ཆུ་ལ་བསྐུར་བས།
- ཨ་ལགས་རི་ཁྲོད་པ་ཞིག་གིས་ཆུ་ཁ་ན་བརྒྱ་རྩ་བསྔོས་ནས་བསྡད་ཡོད།
- རྫ་མ་དེ་བྲག་ལ་ཐུག་ན་གཡས་སུ་བསྐོར་ནས་རྡོ་ལ་ཐུག་ན་གཡོན་ཏུ་བསྐོར་ནས།
- ཨ་ལགས་རི་ཁྲོད་པའི་སྔུན་ལ་འཕངས་བ་རེད།
- ཨ་ལགས་རི་ཁྲོད་པས་གོ་ཐུམ་བཤུས་ནས་རྫ་མའི་ནང་དུ་གཟིགས་དུས།
- གསེར་གྱི་བུ་དང་དངུལ་གྱི་བུ། དུང་གི་བུ་མོ་ཞིག་ཡོད་པ་མཐོང་།
- ཁོང་གིས་བསྔོ་བ་མཚམས་བཞག་ཏེ་ཡུལ་དུ་སོང་ནས་བྱིས་པ་གསུམ་པོ་གཉོར་སྐྱོང་བྱས།
- བྱིས་པ་གསུམ་པོ་ལག་ཆགས་ན།
- ང་རང་སོང་ནས་རྒྱལ་བོ་རི་ལུང་ལ་ཁྱོད་ཚོར་གཞི་མ་ཞིག་སློང་ཟེར།
- རྒྱལ་བོ་རི་ལུང་ལ་གཞི་མ་ཞིག་བསླང་དུས།
- རྒྱལ་བོ་རི་ལུང་གིས་གཞི་མ་ཞིག་བྱིན་པ་རེད།
- གཞི་མ་དེ་ལས་ནས་འོག་གི་ས་བླངས་དུས་གསེར་ནག་མཆིན་པ་འདྲ་ཞིག་རྙེད།
- འདི་ང་ཚོས་ཆ་གསུམ་དུ་གཏོང་དང་།
- རང་རང་རྗེས་མར་ཤི་ན་ཆོས་བཅའ་ལ་བཟང་ངོ་ཞེས་བཤད་དེ་བགོས།
- དེ་ནས་ཨ་ལགས་རི་ཁྲོད་པར་ན་ཚ་བྱུང་ནས་སྔོན་ལ་སྐུ་གཤེགས་སོང་བ་རེད།
- བྱིས་པ་ཚོས་ཨ་ལགས་རི་ཁྲོད་པར་ཆོས་ཧ་ལས་པ་ཡག་པོ་བཅོས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད།
- ཁྱོད་ཚོས་གཞན་གྱི་ཟ་མ་མང་པོ་ཟ་མི་ཉན།
- གཞན་གྱིས་བྱིན་པ་ཁྱི་ལ་འཕངས་ནས་ཁྱི་ལ་སྐྱོན་མེད་ན་ཟོ་དང་།
- དེ་མིན་ན་མ་ཟ་ཞེས་བཤད།
- ཉིན་ཞིག་རིགས་ངན་བུ་མོ་དང་ཨ་མར་གནཏི་གཉིས་ཀྱིས་ཟ་མའི་ནང་ལ་དུག་བཏབ་ནས་ཁྱེར་ཡོང་།
- བུ་མོས་མི་ཉོ་ཞེས་ཅི་ལྟར་བཤད་ཀྱང་ཐབས་མེད་པས་ཅུང་ཙམ་ཉོས་ཏེ་ཕྱིར་ཡུལ་དུ་ལོག
- ཕུ་བོ་གཉིས་ཀྱིས་ང་ཚོར་ཨ་ལགས་རི་ཁྲོད་པས་མ་ཟ་ཞེས་ཡོད་དེ།
- ང་ཚོས་སྔོན་ལ་ཁྱི་ལ་ཅུང་ཙམ་སྟེར་དང་ཞེས།
- ཁྱི་ལ་བྱིན་རྗེས་ཁྱིས་དེ་ཟོས་མ་ཐག་ཏུ་ཤི་སོང་བ་རེད།
- དེ་ནས་ཁོ་ཚོས་ཟ་མར་དུག་ཡོད་པ་ཤེས་ནས་མ་ཟོས་པ་རེད།
- ཉིན་ཞིག་ཡང་བཙུན་མོ་ངན་པ་གཉིས་ཀྱིས་གོ་རེ་ཁྱེར་ཡོང་སྟེ་བཙོང་བ་རེད།
- གོ་རེ་ཉོ་རྒྱུ་མིན།
- ཁྱོད་རྒྱལ་བོའི་བཙུན་མོ་ཡིན་པ་རེད་མ་གཏོགས་ཁྱོད་གསོད་ངེས་ཡིན་ཞེས་བཤད།
- བྱིས་པ་གཉིས་ཀྱིས་དེ་ལྟར་བཤད།
- བྱིས་པ་གཉིས་གྱིས་དེ་ལྟར་བཤད་བཞིན་འདུག་ཅེས་བཤད།
- དེ་བཙུན་མོ་གཉིས་ཀྱིས་ཧོ་་ཡ་་་
- ཁྱོད་གཉིས་བུ་དེ་འདྲ་དཔའ་བ་ཡིན་ན།
- གསར་བུ་ཐམས་ཅད་བྱ་ཀ་ལ་པིང་ཀ་ལེན་དུ་འགྲོ་ཐུབ་ཀྱིན་མེད།
- མ་སེམས་ཅན་བྱ་ཀ་ལ་པིང་ཀ་ལེན་དུ་འགྲོ་བཞིན་ཡོད།
- དེ་ལྟར་བུ་དེ་ལ་བཤད་མས།
- དེ་ལྟར་བུ་དེ་ལ་བཤད་པས།
- བུ་གཉིས་ཀྱིས་དེ་བདེ་བ་རེད།
- བྱ་ཀ་ལ་པིང་ཀ་ལེན་དུ་འགྲོ་མ་ཐུབ།
- བུ་ཆེ་བས་ཐོག་མར་བདག་འགྲོ་ཟེར།
- གལ་ཏེ་བདག་ཕྱིར་ཡོང་མེད་སོང་ན་ཆོས་ཡག་པོ་ཞིག་བཅའ་རོགས་ཞེས་བཤད།
- ཡ་་་ཞེས་བཤད་པ་རེད།
- དེ་ནས་བུ་ཆེ་བ་སོང་ནས་ལོ་གཅིག་ལ་ཕྱིར་ཡོང་རྒྱུ་མ་ཡོད་པ་རེད།
- དེ་བས་བུ་ཆུང་བ་དང་སྲིང་མོ་ཆུང་བ་གཉིས་ཀྱིས་ཆོས་ཡག་པོ་ཞིག་བཅོས་པ་རེད།
- དེ་ནས་བུ་ཆུང་བས་ང་འགྲོ་ཟེར།
- གལ་ཏེ་ང་ཕྱིར་མ་ཡོང་ན་ང་ལ་རྒྱུ་བསྐལ་ཡོད་པ་དེས་ཆོས་ཞིག་བཅའ་རོགས།
- ཅེས་བཤད་རྗེས་ཁོ་ཡང་ལམ་ལ་ཆས།
- དེ་ནས་ཁོ་ཡང་ཕྱིར་ཡོང་རྒྱུ་མ་ཡོད་པས་སྲིང་མོ་ཆུང་བས་ཆོས་ཡག་པོ་ཞིག་བཅོས་རྗེས།
- ལོ་སྐལ་སྤྲེའུ་ཡིན་པའི་སྲིང་མོ་ཡང་ལམ་ལ་ཆས་ཏེ་བུད་སོང་།
- མོ་རང་སོང་རྗེས་ནགས་གསེབ་ཅིག་ཏུ་ཨ་ཁུ་རི་ཁྲོད་པ་སྟོབས་ཅན་ཞིག་ཡོད་པར་འཕྲད།
- ཁོས་མོ་ལ་ཁྱོད་རང་གང་དུ་འགྲོ་གི་ཡིན་ཞེས་དྲིས་པར།
- མོས་རང་ཉིད་བྱ་ཀ་ལ་པིང་ཀ་ལེན་དུ་འགྲོ་གི་ཡོད།
- ངའི་ཕུ་བོ་གཉིས་ཀྱང་བྱ་ཀ་ལ་པིང་ཀ་ལེན་དུ་སོང་ནས་ཕྱིར་མ་ཡོང་བ་རེད།
- ད་ནི་ང་འགྲོ་གི་ཡིན་ཞེས་བཤད།
- མ་སྤྲེལ་ལོ་བ་ཞིག་མར་ན་བཞུགས་ཡོད་ཀི།
- ཁྱོད་ཀྱི་ལོ་རེའི་སྤྲེལ་ཨེ་ཡིན་ཞེས་དྲིས།
- ཡིན་་་སྤྲེལ་ཡིན་ཞེས་བཤད།
- དེ་ན་ཁྱོད་རང་གིས་ལམ་ནས་ཐོ་བསླང་སྟེ་རྟགས་བརྒྱབ་ནས་སོང་དང།
- ཀ་མགོ་ཞིག་ན་སྤྲེལ་ཞིག་བཀལ་ཡོད།
- དེའི་ནང་དུ་ལྷ་འབོད་ཀླུ་འབོད་བྱས་ན་བྱ་ཀ་ལ་པིང་ཀ་དེར་འབབ་ཡོང་།
- གལ་ཏེ་མི་ཤི་བོ་ཡོད་ན།
- དུས་ཚོད་ཅུང་འགོར་མེད་ན་དེ་ཚོའང་ཕྱིར་གསོན་ནུས་པ་རེད་ཅེས་བཤད།
- ཅུང་འགོར་ན་ལོག་འགྲོ་སྟེ་མི་ཐུབ་པ་རེད་ཅེས་བཤད།
- ཡ་ཞེས་བཤད།
- བུ་མོས་ལམ་དུ་ཐོ་འཇོག་བཞིན་ཡར་སོང་བ་ན།
- ཀ་མགོ་ཞིག་ཏུ་སྤྲེལ་ཞིག་བཀལ་ཡོད་པ་མཐོང་།
- མོས་དེའི་ནང་དུ་ལྷ་འབོད་ཀླུ་འབོད་བྱས་པས།
- བྱ་ཀ་ལ་པིང་ཀ་མོས་ཕྲག་པ་གཡས་སུ་བབས་སོང་།
- དེ་ནས་མོས་བྱ་ཀ་ལ་པིང་ཀ་ཁྱེར་དེ་ཕྱིར་ཡོང་བ་ན།
- ལམ་དུ་ཤིང་སྒོ་ཞིག་ཡོད་དེ་དེའི་ནང་དུ་མི་མང་པོ་ཤི་འདུག་པ་མཐོང་།
- འདི་ཅི་ཡིན་ཞེས།
- ཕུ་བོ་གཉིས་ཤི་འདུག
- བྱ་ཀ་ལ་པིང་ཀས་གཤོག་པ་སྡེབ་ནས་ཕར་ཅིག་འཕུར་ཚུར་ཅིག་འཕུར་བ་ན།
- མོས་ཕུ་བོ་གཉིས་ཀ་ཕྱིར་གསོན་ཡོངས།
- ཁོ་མི་རྟ་བཞི་བོ་ཕྱིར་གསོན་ཏེ་བྱ་ཀ་ལ་པིང་ཀ་ཁྱེར་ཏེ་ཕྱིར་ཡུལ་དུ་ལོག
- དེའི་ཕྱི་ཉིན་ཁོ་ཚོས་བྱ་ཁྱེར་ཏེ་རྒྱལ་བོའི་མདུན་དུ་སོང་།
- བྱ་ཀ་ལ་པིང་ཀས་བུ་དང་བུ་མོ་ཚོར།
- གལ་ཏེ་རྒྱལ་བོས་ཁྱོད་ཚོར་ཐུག་པ་ཞིག་ཁྱེར་ཡོང་ན།
- ཁྱོད་ཚོས་འདི་ལྟར་བྱ་རོགས།
- བུ་ཆེ་བས་ཧུབ་གང་འཐུང་རྗེས་བུ་འབྲིང་བའི་ལག་ཏུ་ཞོག
- འབྲིང་བས་ཧུབ་གང་འཐུང་རྗེས་ཆུང་བའི་ལག་ཏུ་ཞོག
- དེ་མ་གཏོགས་ཟས་གཞན་མ་ཟ་ཞེས་བཤད།
- ཁོ་ཚོས་ཡ་ཞེས་བཤད་ནས་རྒྱལ་བོའི་འདུན་དུ་སོང་བ་ན།
- རྒྱལ་བོས་ཐུག་པ་ཁྱེར་ཡོང་ནས་ཅོག་ཙེ་ཐོག་ཏུ་བཞག
- དེ་ནས་བུ་ཆེ་བས་ཧུབ་གང་འཐུང་རྗེས་འབྲིང་བའི་ལག་ཏུ་བཞག
- ཁོས་ཧུབ་གང་འཐུང་རྗེས་བུ་མོའི་ལག་ཏུ་བཞག
- དེ་ནསཕྱིར་མདུན་ཅོག་སྟེང་དུ་བཞག
- རྒྱལ་བོས་འདི་རུ་ཟས་མང་པོ་ཡོད་ཀྱང་ཁྱོད་ཚོས་འདི་ལྟར་འཐུང་དོན་ཅི་ཞེས་དྲིས་པར།
- བྱ་ཀ་ལ་པིང་ཀ་ཡོང་ནས།
- རྒྱལ་བོ་ལགས་འདི་ཚོ་ནི་ཁྱེད་ཀྱི་སྲས་དང་སྲས་མོ་གསུམ་པོ་ཡིན་པ་རེད།
- བཙུན་མོ་ཨ་མར་གནཏི་དང་རིགས་ངན་གྱི་བུ་མོ་གཉིས་ཀྱིས།
- ཁོང་ཚོ་བཙས་མ་ཐག་རྫ་མའི་ནང་དུ་བཅུག་སྟེ།
- ཆུ་ལ་བསྐུར་བ་རེད།
- ཁོང་ཚོའི་མ་ཡུམ་གྱིས་ཁྱི་ཞིག་སྐྱེས་སོང་ཞེས་མོ་ཁྱིའི་གྲས་སུ་བཏགས་ཡོད་པ་དེ་རེད།
- རྒྱལ་བོས་དེ་གོ་བས་བརྒྱལ་སོང་།
- དེ་ནས་དབང་བོ་ཕྱིར་ཐོན་དུས་ཡང་བསྐྱར་བརྒྱལ།
- དེ་འདྲ་མང་བོ་བྱས་རྗེས་རྒྱལ་བོས།
- ཨ་མར་གནཏི་དང་རིགས་ངན་གྱི་བུ་མོ་གཉིས་རྒྱང་འཕེལ་དུ་གཏོང་གྲབས་བྱས་ཏེ།
- ཁྱོད་གཉིས་ལ་ལམ་དུ་རྟ་དགོས་སམ་ཅི་ཞིག་དགོས་ཞེས།
- བཙུན་མོ་གཉིས་ཀྱིས་རྟ་དགོས་ཅེས་ལན་བཏབས།
- ཏ་ལེན་གཅིག་གི་ནང་དུ་ཕུག་རོན་གང་བཅུག་ནས།
- ཏ་ལེན་གཅིག་གི་ནང་དུ་ཐལ་གང་བཅུག་སྟེ།
- འདི་ནི་ཁྱོད་གཉིས་ཀྱི་ལམ་བྲོ་ཡིན་ཞེས་བཤད།
- དེ་ནས་མོ་གཉིས་སོང་སོང་ཏེ་བྲག་ངོ་ཞིག་ཏུ།
- འུ་གཉིས་ཀྱིས་བྲོ་ཞིག་ཟ་དང་ཞེས་བཤད་དེ་ཁ་ཕྱེ་དུས།
- ཕུག་རོན་རྣམས་ཟིང་ཟིང་ལང་ལོངས་བྱས་ཏེ་ཕྱིར་འཕུར་བ་དང་རྟ་དེར་འདྲོགས་ནས།
- མོ་གཉིས་དྲུད་དེ་བྲག་ནང་དུ་མཆོངས་སྟེ་མོ་གཉིས་ཤི་སོང་བ་རེད།
- དེ་ནས་རྒྱལ་བོ་དང་བུ་བུ་མོ་ཚོས་མ་ཡུམ་ཁྱི་བཏགས་ཡོད་ས་ནས་ཕྱིར་བླངས་ཏེ།
- ཁྲུས་བྱས་ནས་གཙང་མར་བཟོས་ཏེ།
- རྒྱལ་བོ་དང་སྲས་སྲས་མོ་རྣམས་སྐྱིད་པོ་བྱས་ནས་བསྡད་པ་རེད།