31 Jan 2012
3 min 39 sec
Video Overview
Creators:
Unknown
A student inquires the librarian about the Tibetan collections at his university.
སློབ་མ་ཞིག་གིས་དཔེ་མཛོད་དོ་དམ་པར་སློབ་གྲྭ་ཆེན་མོའི་དཔེ་མཛོད་ནང་ལ་ཡོད་པའི་བོད་ཡིག་དཔེ་ཆ་སྐོར་ལ་འདྲི་བ་བྱེད་པ།
一位学生向大学图书馆员咨询藏文书籍
- India
- Nepal
- Bhutan
- Sikkim
- China
- སློབ་ཕྲུག Studentབཀྲ་ཤིས་བདེ་ལེགས།Tashi Delek!
- དཔེ་མཛོད་དོ་དམ་པ་ Librarianཕེབས་གནང་།Please come inside.
- སློབ་ཕྲུག Studentརྒན་ངག་དབང་ལགས་ཡིན་ནམ།Are you Mr. Ngakwang lak?
- དཔེ་མཛོད་དོ་དམ་པ་ Librarianལཱ་ཡིན།Yes, I am.
- སློབ་ཕྲུག Studentའདི་བོད་ཡིག་སྡེ་ཚན་གྱི་དཔེ་མཛོད་རེད་པས།Is this the Tibetan section of the library?
- དཔེ་མཛོད་དོ་དམ་པ་ Librarianལགས་རེད།Yes, it is.
- ཨཱ་ཁྱེད་རང་གང་ནས་ཕེབས་པ་ཡིན་ནམ།Where do you come from?
- སློབ་ཕྲུག Studentང་རྒྱ་གར་ནས་ཡོང་པ་ཡིན། ཨཱ་ནི་ང་འདའི་སྤྱིར་བཏང་སློབ་སྦྱོང་བྱེད་ཀ་ཡོང་བ་ཡིན།I came from India. And I am here for studies.
- དཔེ་མཛོད་དོ་དམ་པ་ Librarianལགས་སོ།Okay.
- སློབ་ཕྲུག Studentསློབ་ཕྲུག མཐོ་སློབ་འདིའི་ནང་ལ། ཨཱ་ནི་ང་གཙོ་བོ་རྒྱལ་རབས་ཐོག་ལ་རིག་གཅིག་རྐང་འཛིན་སློབ་སྦྱོང་བྱས་པ་ཡིན།I am a student here in this university, specializing in [Tibetan] history.
- དཔེ་མཛོད་དོ་དམ་པ་ Librarianལཱ་སོ།Okay.
- སློབ་ཕྲུག Studentབྱས་ཙང་འདའི་ཡཱ་ཕྱག་དཔེ་ཨེ་འདྲས་གཡར་གནང་ཡག་ཡོད་པ་ཡིན་ནམ།I wonder if I can borrow any scriptures from the library?
- དཔེ་མཛོད་དོ་དམ་པ་ Librarianཨང་། ལགས་རེད། ལགས་ཡོད། རྒྱ་གར་གང་ནས་ཕེབས་པ་ཡིན་ནམ།Ah, we do have what you need. Which part of India are you from?
- སློབ་ཕྲུག Studentརྒྱ་གར་རྡ་རམ་ས་ལ་ནས།I am from Dharamsala in India.
- དཔེ་མཛོད་དོ་དམ་པ་ Librarianཨ་ལས། ལཱ་སེ། ལཱ་སེ། ལཱ་སེ།I see. Okay.
- སློབ་ཕྲུག Studentཨཱ་ནི་ང་ཕྱག་དཔེ་འདི་གས་ལྟ་ཆོག་གས།Can I have a look at the scriptures?
- དཔེ་མཛོད་དོ་དམ་པ་ Librarianལགས་རེད། ལགས་རེད།Sure. Sure.
- སློབ་ཕྲུག Studentལགས་སོ། ཐུགས་རྗེ།Okay, thank you.
- ཨཱ་ནི་ཕྱག་དཔེ་དེ་ཚོ་ས་གནས་ག་པར་ནས་བསྣམས་ཡོང་བ་རེད།From where these scriptures are brought here?
- དཔེ་མཛོད་དོ་དམ་པ་ Librarianཨཱ། ལྟ་དེབ་དེ་ཕལ་ཆེ་བ་དེ་ང་རང་ཚོ་རྒྱ་གར་ནས་འབྱོར་བ་རེད། ཨཱ་ནི་ང་ཚོ་འབྱོར་སྟངས་དེ་ད་ལྟ་ Library of Congress (གྲོས་ཚོགས་ཀྱི་དཔེ་མཛོད་ཁང་) བརྒྱུད་ནས་ཚུར་གཏོང་ཡོང་གི་ཡོག་རེད།Most of the book came from India through the Library of the Congress. They sent the books here.
- སློབ་ཕྲུག Studentལགས་སོ།I see.
- དཔེ་མཛོད་དོ་དམ་པ་ Librarianཨཱ་ནི་ང་ཚོ་འདའི་འབྱོར་པ་གཞན་དག་ཨཱ་ནི་འབྲུག་ཡུལ་ནས་བྱས། ཨཱ་ནི་བལ་ཡུལ་ནས་བྱས། འབྲས་ལྗོངས་ནས་བྱས་ཀྱི་ཡོག་རེད།The remaining books are sent from Bhutan, Nepal, and Sikkim.
- དཔེ་མཛོད་དོ་དམ་པ་ Librarianལྟ་ཕྱག་དཔེ་ཕལ་ཆེ་བ་རྒྱ་གར་རང་ནས་འབྱོར་གྱི་ཡོག་རེད།Most of the scriptures are sent from India.
- སློབ་ཕྲུག Studentལགས་སོ།Okay.
- སློབ་ཕྲུག Studentལགས་སོ། ཨཱ་ནི་འདི་པ་ཕྱག་དཔེ་ཁ་ཤས་ཡང་ལྷ་ས་མི་རིགས་དཔར་བསྐྲུན་ཁང་དང་། ཡང་པེ་ཅིང་འདི་པ་ནས་འདུག་སེ་གདན་འདྲེན་ཞུས་པ་འདི་འདྲས་ཡོག་རེད་པས།I see. Are some of the scriptures sent from the Nationalities Languages Press in Lhasa or Beijing?
- དཔེ་མཛོད་དོ་དམ་པ་ Librarianཨང་འདི་ང་ཚོ་དམིགས་བསལ་གྱི་དེང་སང་ཅིག་ལྟ་གཅིག་ལེབ་རྦ་རི་(དཔེ་མཛོད་ཁང་)ཐད་ཀར་འབྱོར་པ་འདི་འདྲས་མེད།The library do not receive any book specifically from there.
- སློབ་ཕྲུག Studentལགས་སོ།I see.
- དཔེ་མཛོད་དོ་དམ་པ་ Librarianཡིན་ནའི་སྔོན་མ་ད་ལྟ་འདའི་དཔེ་མཛོད་རང་ལ་ཕྱག་དཔེ་ཡོད་བསྡད་པ་མང་པོ་ཞིག་འདུག དེ་ཚོ་ང་ཚོ་ད་ལྟ་དཀར་ཆག་བཟོས་དང་བཟོ་བཞིན་པ་ཡིན།Nevertheless, there are many existing Tibetan books, which we are currently cataloging them.
- སློབ་ཕྲུག Studentལགས་སོ།Okay.
- དཔེ་མཛོད་དོ་དམ་པ་ Librarianདེ་ཚོ་ཕལ་ཆེ་བ་དེ་རེད་ཤག་ད་ལྟ་མི་རིགས་དཔེ་སྐྲུན་ཁང་དང་། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ཁོང་ཚོ་ནས་དཔེ་སྐྲུན་ཞུས་པ་དེ་ཚང་མ་དེབ་གཟུགས་ཀྱི་ནང་ལ་རེད་ཤགThose books are published by either Nationalities Languages Press or by Tibet Nationality Press.
- སློབ་ཕྲུག Studentཨ་ལས།I see.
- དཔེ་མཛོད་དོ་དམ་པ་ Librarianལྟ་དཔེ་ན་ཆ་བཞག་ན་ཁྱེད་རང་དེ་མཁྱེན་མཁྱེན་པ་རེད་པ།For example, you already know this, right?
- སློབ་ཕྲུག Studentལགས་འོ།Yes.
- དཔེ་མཛོད་དོ་དམ་པ་ Librarianའདི་ང་ཚོ་འདི་རེད་པཱ། གང་ཟེར།This is, how should I put it?
- སློབ་ཕྲུག Studentཕྱག་དཔེ་རང་རེད་པཱ།This is chakpé [scripture].
- དཔེ་མཛོད་དོ་དམ་པ་ Librarianཕྱག་དཔེ་རང་རེད་པཱ།It's chakpé. Right?
- སློབ་ཕྲུག Studentལགས་རེད།Yes, it is.
- དཔེ་མཛོད་དོ་དམ་པ་ Librarianཕྱག་དཔེ་བྱས། ཨཱ་ནི་ཁོང་རྣམ་ཚོས་དེ་འདི་འདྲས་འདྲ་པོ་ཞིག་རེད། དེབ་གཟུགས་བྱས་བྱས། འདི་འདྲས་འདྲ་པོ་བྱས་བྱས་འབྱོར་གྱི་ཡོག་རེད།This is chakpé. Then they also published the books in a book form like this one.
- སློབ་ཕྲུག Studentལཱ་སེ།Okay.
- དཔེ་མཛོད་དོ་དམ་པ་ Librarianདེབ་གཟུགས་བྱས་བྱས། ལགས་འོང་།They are in the form of books.
- ལྟ་དེ་ཚོ་ང་ཚོ་གཞི་ནས་དཀར་ཆག་བཟོ་བཞིན་པ་ཡིན།These books need to be cataloged.
- སློབ་ཕྲུག Studentལཱ་སེ།Okay.
- དཔེ་མཛོད་དོ་དམ་པ་ Librarianལགས་འོང་།Okay.
- སློབ་ཕྲུག Studentཨཱ་ནི་ང་གཙོ་བོ་འདའི་ད་ལྟ་བཅར་དགོས་ཡག་རྒྱུ་མཚན་དེ་རྒྱལ་རབས་ཀྱི་དེབ་འདི་འདྲས་མང་པོ་བཙལ་བར་ཡོང་བ་ཡིན།The main purpose of my visit here is to find some history books.
- དཔེ་མཛོད་དོ་དམ་པ་ Librarianལཱ་སེ།Okay.
- སློབ་ཕྲུག Studentཨཱ་ནི་རྒྱལ་རབས་ནང་གི་གཙོ་བོ་བོད་ནས་བྲིས་བཞག་པ། ཨཱ་ནི་ད་ག་ནང་བཞིན་གཅིག ཨང་གཅིག་བོད་ནས་བྲིས་བཞག་ཟེར་ནའི་བོད་ནས་མར་དཔར་བསྐྲུན་བྱས་པའི་རྒྱལ་རབས་ཀྱི་དེབ་རེད།Specifically, I am looking for books published in Tibet. I mean history books published inside Tibet.
- ད་ག་ནང་བཞིན་གང་ཟེར་རྒྱ་ནག་གི གང་ཟེར་རྒྱ་གར་ནས་དཔར་བསྐྲུན་བྱས་པའི་དེབ་རེད། ཨཱ་ནི་ཡང་ཕྱི་རྒྱལ་ནུབ་ཕྱོགས་པའི་མི་རིགས་འདི་འདྲས་བོད་སྐད་ནང་བྲིས་པའི་རྒྱལ་རབས་ཀྱི་དེབ་ཡོད་པ་ཡིན་ན། གལ་ཏེ་དེ་འདྲས་འདྲ་པོ་ཁ་ཤས་ཤིག་ང་མཁོ་སྒྲུབ་ཞུ་གི་ཡོད།I also need books published in India. Besides those, if you have any history books written by westerners, I also need a few of them.
- དཔེ་མཛོད་དོ་དམ་པ་ Librarianལགས་འོང་ལཱ་སེ།Okay.
- སློབ་ཕྲུག Studentཨཱ་ནི་འདི་གས་ཁྱེད་རང་གིས་གཡར་གནང་ཐུབ་ཀྱི་རེད་པས།I wonder if you could help me borrow those books that I need.
- དཔེ་མཛོད་དོ་དམ་པ་ Librarianལགས་རེད། ལྟ་ང་ཚོ་འདི་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སྐོར་ལ་ཨཱ་འདི་ཡོད་པ་དེ་ད་ལྟ་བོད་སྐད་ཀྱི་ཐོག་ལ་ཡོད་པ་དེ་ང་ཚོ་ཚང་མ། ཨཱ་ད་ལྟ་འདིའི་ནང་ལ་ག་རེ་ཞུ་དགོས་ཀྱི་རེད། མཐོ་སློབ་ད་ག་རང་གིས་ཨས་འདི་དཀར་ཆག་དེ་ད་ལྟ་ཀམ་པུར་ཊར་(རྩིས་རྒྱག་འཕྲུལ་འཁོར་)བརྒྱུད་ནས་འགྲོ་གི་ཡོག་རེད།Sure. You can locate all the books on Tibetan history written in Tibetan language and available in this university library by searching the electronic catalogs on a computer terminal in the library.
- དེའི་ནང་ལ་ཚང་མ་བཙལ། རྒན་ལགས་ད་ལྟ་འདི་རག་ཡག་ཡོག་རེད།If you search the catalogs, you will able to locate them.
- སློབ་ཕྲུག Studentལཱ་སེ།Okay.
- དཔེ་མཛོད་དོ་དམ་པ་ Librarianལྟ་འདི་བཙལ་སྟངས་དེ་ཡང་ན། འོ་འདི་གང་ཟེར་དགོས་ཀྱི་རེད། འདི་དེབ་འབྲི་མཁན་གྱིས་རྩོམ་པོ་ཡི་མཚན་ཐོག་ནས་བཙལ་ཡག་གཅིག་དང་།To locate a book, how should I put it? You can search by using the author's name.
- སློབ་ཕྲུག Studentཨ་ལས།I see.
- དཔེ་མཛོད་དོ་དམ་པ་ Librarianགཅིག་ཡང་བརྗོད་གཞི་ག་རེ་ཡིན་མིན་འདིའི་ཐོག་ནས་བཙལ་གནང་ཡག་ཡོག་རེད།You can also do a search based on topic.
- སློབ་ཕྲུག Studentལཱ་སེ།Okay.
- དཔེ་མཛོད་དོ་དམ་པ་ Librarianཨཱ་ནི་ད་ལྟ་བོད་མི་མ་ཡིན་པས་བྲིས་པ་དེ་ཕྱག་དེབ་དེ་ཚོ་སྐད་ཡིག་གཞན་དག་ཐོག་ནང་ཡོག་རེད།Books written by foreign authors are kept along with other books.
- སློབ་ཕྲུག Studentཨ་ལས།I see.
- དཔེ་མཛོད་དོ་དམ་པ་ Librarianདེ་ཚང་མ་ང་ཚོ་འདའི་མེད་པ་བྱས། སྤྱིར་བཏང་འོ་དེབ་སྤྱི་ཡོངས་ཀྱི་ནང་བཞག་བཞག་ཡོག་རེད།Those books are not here but kept in the general sections.
- སློབ་ཕྲུག Studentཨཱ་ནི་འདི་ལའི་དེབ། འོ་དེབ་ཁང་གཙོ་བོ་ག་གིའི་ནང་། ད་ག་རང་རེད་པས།Is this the main and the only section?
- དཔེ་མཛོད་དོ་དམ་པ་ Librarianའདི་མ་རེད། འདི་ང་ཚོ་ད་ལྟ་འདི་གཙོ་བོ་དེ་ད་ལྟ་འདིའི་ནང་ལ་ཡང་ང་ཚོས་དཀར་ཆག་བྱས། ཨཱ་ནི་གང་ཟེར་དགོས་ཀྱི་རེད། ཚིག་མཛོད་འདྲ་མི་འདྲ་བྱས། འོ་ལྟ་འདི་འདྲས་འདྲ་པོ་རེད།No, it is not. In this room, we mainly have catalogs, different dictionaries, and the like.
- སློབ་ཕྲུག Studentལགས་འོང་།I see.
- དཔེ་མཛོད་དོ་དམ་པ་ Librarianལྟ་ང་ཚོ་དཔེ་ཆ། འོ་བོད་པའི་དཔེ་ཆ་ཚང་མ་ཁང་པ་འོག་ཐོག་ཡང་ཡོད།We have kept all the scriptures at on the basement floor.
- སློབ་ཕྲུག Studentལགས་སོ།Okay.
- དཔེ་མཛོད་དོ་དམ་པ་ Librarianལཱ་རེད།Right.
- སློབ་ཕྲུག Studentཨཱ་ནི་ང་ལ་ཁ་ཤས་ཤིག་གཡར་དགོས་ཀྱི་འདུག བྱས་ཙང་འོག་ཁང་འདི་ལ་ཡཱ་གཅིག་ཁྱེད་རང་ཕེབས་ཡག་ཐུབ་ཀྱི་ཡོད་དམ།I need to borrow some books. Can you please come with me to the basement?
- དཔེ་མཛོད་དོ་དམ་པ་ Librarianལགས་རེད། ད་ལྟ་ང་བཅར་ན་འགྲིག་གི་འདུག ལག་ཐོགYes. I can come with you now.
- སློབ་ཕྲུག Studentའོ་ཐུགས་རྗེ་གནང་།Thank you very much.
- སློབ་ཕྲུག Studentཨཱ་ནི་འདའི་འགྲོ་ས་གང་རེད།How should we go from here?
- དཔེ་མཛོད་དོ་དམ་པ་ Librarianལགས་སོ། ལགས་སོ།Okay.
- དཔེ་མཛོད་དོ་དམ་པ་ Librarianའོ་ད་ལྟ་ཕེབས་སྟངས་དེ་མཉམ་དུ་བཅར་གྱི་ཡིན།I will come with you and show you.
- སློབ་ཕྲུག Studentལགས་སོ།Okay.