Skip to main content Skip to search
01 Feb 2012
36 min 53 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Lama Norbu Chömpel offers an introduction to Dzingchi Monastery, including its founding in 1025, Kagyü traditions, Zang Mountain area, and topics in the history of the monastery and surrounding area.

Transcript search
No results found for this search
0 of 0
 • བཅའ་འདྲི་བྱ་ཡུལ་
  འོ་ད་ར་དེ་འོ་དེ་ནི་དེ་ནས་ཡར་ཕྱིན། ཨ་ནི་རྗེ་རིན་པོ་ཆེ།
 • བཅའ་འདྲི་བྱ་ཡུལ་
  རྗེ་རིན་པོ་ཆེ་ཟ་ད་གང་ཟ་དེ་ངས་ནོར་གྲོ་༼གྲབས།༽བྱེད་ནོ་ཀ
 • བཅའ་འདྲི་བྱ་ཡུལ་
  ཞལ་ཡས་མགར་མིན་ཡོན་ཏན་གཡུང་དྲུང་ཕེབས་བྱས་དེ་བྱེད་པའི་སྐབས་ལ་ཨ་ནི་
 • བཅའ་འདྲི་བྱ་ཡུལ་
  དགོན་པ་ནི་ཕྱག་ བཏབ།དགོན་པ་ནི་ཕྱག་བཏབ་པའི་སྐབས་ལ་ཨ་ནི་
 • བཅའ་འདྲི་བྱ་ཡུལ་
  རྒྱལ་བ་བྱམས་པ་དེ་མར་གདན་འདྲེན་ཞུས།
 • བཅའ་འདྲི་བྱ་ཡུལ་
  མར་གདན་འདྲེན་ཞུས་པའི་སྐབས་ལ་འོ་ད་ད་གིན་སྔོན་མ་གསུངས་ཡས་ད་ག་ནང་ལྟར་རེད།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རྦད་དོ་དགོང་མར་བཞུགས་སང་ཉིན་ཡར་ལོག་ཕེབས།
 • བཅའ་འདྲི་བྱ་ཡུལ་
  དོ་དགོང་མར་བཞུགས་སང་ཉིན་ཡར་ལོག་ཕེབས་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་འདུག་སེ་རྒྱལ་བ་བྱམས་པའི་ཞབས་ལ་ལྕགས་ཟེར་དེ་འདྲས་རྒྱབ།
 • བཅའ་འདྲི་བྱ་ཡུལ་
  སྔན་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་འདི་འདྲའི་ལྕགས་དེ་འདྲས་ཡོག་རེད་ཟ།
 • བཅའ་འདྲི་བྱ་ཡུལ་
  ཞབས་ལ་ལྕགས་རྒྱབ་པའི་སྨ་ཤུལ་དེ་འདྲས་ཡོག་རེད་ཟ་ལ་ཡང་ད་ལྕགས་ཐག་དེ་འདྲས་ཡོག་རེད་ཟ།
 • བཅའ་འདྲི་བྱ་ཡུལ་
  ད་མིས་སྔན་མ་རང་ཁོ་རའིི་མིས་དེ་དེ་ཁོ་རྣམས་ཚོའི་ད་སྔན་མ་ང་ཚོའི་དགོན་པའི་ནང་ལ་
 • བཅའ་འདྲི་བྱ་ཡུལ་
  བསྡད་ངན་ཁོ་ཚོས་ཁོང་རྣམས་ཚོས་གསུངས་པའི་སྐབས་ལ་དེ་དངོས་གནས་ཁོ་ར་ཡོག་རེད་ཟེར།
 • བཅའ་འདྲི་བྱ་ཡུལ་
  དེ་ཡོད་ཏག་གཅོད་དེ་འདྲས་རེད་སེ།ལོ་རྒྱུས་གསལ་པོ་དེ་འདྲས་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གསུངས་ཀྱིས་འོ་དེ་བྱས་ནས་དགོན་པ་ཁོ་རའི་ད་གཅིག་ཕྱིའི་རྒྱ་ཁྱོན་ཡིན་ནའི་འདྲ།
 • བཅའ་འདྲི་བྱ་ཡུལ་
  ནང་གི་གཅིག་ད་ནོ་པར་ཆ་བཞག་པ་ཡིན་ན་བླ་རྗེ་ཁག་རེད།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་ཁོ་ར་རྒྱ་ཆེན་པོ་དེ་འདྲས་ཡིན་པ་སྔས་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  དངོས་གནས་དྲང་གནས་ཡིན་ན་ད་དགོན་པ་དེའི་རྒྱུ་ནོར་རྫོགས་ཀྱི་རེད་སེ་བྱས་པ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  མི་དངོས་གནས་ཧ་ལམ་ལྕེ་ལེབ་ཧ་ཡས་དེ་འདྲས་ཅིག་ལོ་རྒྱུས་ཡིན་ན་དེ་འདྲས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  གོས་ཆེན་ལ་ཆ་བཞག་པ་ཡིན་ན་གོས་ཆེན་ཟོང་ལྡེམ་ཟེར་དུས་གོས་ཆེན་ཟོང་རྒྱབ་ན་མ་ཤེས་གཏུབ་ཐུབ་ཡས་མེད་པ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གོས་ཆེན་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་དར་གོས་ཆེན་ལ་སོགས་པ།དེ་ནི་རྦད་དེ་འབྲུ་རིགས་ལ་སོགས་པ་ཨ་ནི་དགོན་པ་འདི་ལ་
 • བཅའ་འདྲི་བྱ་ཡུལ་
  གཞིས་ཀ་བྱས་གཞིས་ཀ་ཆེན་པོ་དེ་འདྲས་བྱས་བྱས་ཡང་དགོན་པ་ཁོ་རའི་
 • བཅའ་འདྲི་བྱ་ཡུལ་
  གཅིག་ཁོ་རའི་དེ་བྱས་བྱས་དེ་འདྲས་ཡོག་མ་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་ཁྱོན་ཡོག་མ་རེད་སེ།ད་གཅིག་མཐོ་ཤོས་ར་དེ་ལ་དེའི་བླ་བྲང་གཅིག་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  བླ་བྲང་དེ་ཡ་གའི་ད་ལྟ་འོན་ཆོས་སྡེ་ཟེར་ཡས་གཅིག་ཆོས་སྡེའི་བླ་བྲང་ཟེར་
 • བཅའ་འདྲི་བྱ་ཡུལ་
  ཡས་གཅིག་ཁྱེད་རྣམས་ཚོ་འཐད་མྱོང་ཡོད་ཀྱི་རེད།ཕུ་ད་གར་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་བླ་བྲང་དེ་འདིའི་ཁུངས་རེད། འོན་ཆོས་སྡེ་ལ་བསྐྱལ་གོ་ཆོས་སྡེའི་བླ་བྲང་ལ་ཡ།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་ཁོ་རང་ཡ་འབྲོག་པ་འབྲོག་ཁག་དེ་འདྲས་ཏིག་ཙམ་ཡོད་པ་འདྲ།
 • བཅའ་འདྲི་བྱ་ཡུལ་
  འབྲོག་པ་འབྲོག་ཁག་དེ་འདྲས་ཏིག་ཙམ་ཡོད་པ་ར་ཅིག་བྱས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་གཅིག་ས་ཞིང་ར་དེ་འདྲས་ཏིག་ཙམ་ཡོད་པ།
 • བཅའ་འདྲི་བྱ་ཡུལ་
  གཞན་པས་ཀྱི་དགོན་པ་ཁོ་རང་གཅིག་གི་བླ་བྲང་བྱས་བྱས་དེ་འདྲས་
 • བཅའ་འདྲི་བྱ་ཡུལ་
  གཞིས་ཀ་བྱས་བྱས་དེ་འདྲས་གཅིག་དེ་འདྲས་ཁོ་རང་གི་དྲན་ཚུལ་ད་དེ་འདྲས་
 • བཅའ་འདྲི་བྱ་ཡུལ་
  མེད་པའི་བཟོ་ར་ཅིག་འདུག་གསུངས་བ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ནོར་བྱས་པ་ཡིན་ན་འབྲོག་པ་བྱས་པ་ཡིན་ན་འབྲོག་ཁག་བདུན་བརྒྱད་དེ་འདྲས་ཅིག་འདུག་སེ།
 • བཅའ་འདྲི་བྱ་ཡུལ་
  རྗེ་རིན་པོ་ཆེ་གས་རྦད་ལྷས་ས་སྨོན་ལམ་སྒང་ལ་ཨ་ནི་རྦད་ཞོ་པ་ཟེར་
 • བཅའ་འདྲི་བྱ་ཡུལ་
  བྱས་ནས་ལྷས་ས་སྨོན་ལམ་དང་རྫིང་ཕྱི་སྨོན་ལམ་ཚུགས་པའི་སྐབས་ལ་
 • བཅའ་འདྲི་བྱ་ཡུལ་
  ཞོ་རྒྱག་ངན་གྱི་འབྲོག་པ་དེ་འདྲས་འདུག་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  ཁོ་རྣམས་ཚོའི་དུས་ལའི་རྗེ་རིན་པོ་ཆེ་གས་ཆ་ཤས་ད་ག་རང་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རྫིང་ཕྱི་སྨོན་ལམ་ལ་ཚུར་ཡོང་པའི་སྐབས་ལ་ཨ་ནི་སྨོན་ལམ་མ་གྲོལ་ཕ་ཆད་ཀྱི་ཞོ།
 • བཅའ་འདྲི་བྱ་ཡུལ་
  ཐུད་ཟེར་ཡས་ར་པོ་དེ་འདྲས་བཀྱག་ངན་འདུག་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་ཨེ་འདྲས་ཀྱི་ལོ་རྒྱུས་འདུག་ལའོ།དགོན་པ་འདི་ལ་ཆ་བཞག་པ་ཡིན་ན།
 • བཅའ་འདྲི་བ་
  སྔན་མ་བགྲེས་སྲོང་ཚོ་བཞུགས་པའི་སྐབས་ལ་ཡ་རྫིང་ཕྱི་སྨོན་ལམ་དང་
 • བཅའ་འདྲི་བ་
  ལྷ་ས་སྨོན་ལམ་ཆེན་མོ་གཉིས་ལ་ཡ་ཁྱད་པར་དམིགས་གསལ་དེ་འདྲས་ འདུག་གསུངས་ཀྱི་འདུག་གས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་དེ་འདྲས་འདུག་ལའོ།
 • བཅའ་འདྲི་བྱ་ཡུལ་
  དམིགས་གསལ་གྱི་ཁྱད་པར་དེ་ག་འདྲས་སེ་ཡོག་རེད་ཟེར་ན་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་སྔས་མ་ཡིན་ན་ང་ཚོའི་འདིའི་དགོན་པ་འདིའི་ད།
 • བཅའ་འདྲི་བྱ་ཡུལ་
  འདི་ནས་ཕར་ལྷས་ས་སྨོན་ལམ་ཟེར་ཡས་ར་པོ་ཅིག་གི་ལྷས་ས་ལ་ཕྱིན་པ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  འབྲས་སྤུངས་སྒོ་མང་གྲྭ་ཚང་འོ་དེ་ཡོག་རེད་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  སྒོ་མང་གྲྭ་ཚང་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་དེ་བྱས་ཨ་ནི་
 • བཅའ་འདྲི་བྱ་ཡུལ་
  ལྷས་ས་སྨོན་ལམ་ཆེན་མོ་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཚོགས་ལ་ཕྱིན་ཆོག་པ།
 • བཅའ་འདྲི་བྱ་ཡུལ་
  སྒོ་མང་གྲ་ཚང་ནས་ཚོགས་བསྐལ་དང་དེ་གས་ཡོད་པ།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རྦད་ཚོགས་ཀྱི་མར་ཇ། སྐུ་ཞལ་སྐུ་བསྐལ་དེ་གས་གང་ག་ཡོད་པ།
 • བཅའ་འདྲི་བྱ་ཡུལ་
  སྒོ་མང་གྲྭ་ཚང་ནས་འོ་དེ་འདྲས་ཅིག་ཡོག་རེད་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ལྷ་ས་སྨོན་ལམ་ལ་ཕྱིན་དེ་ནས་ཕར་ཕེབས་པ་ཡིན་ནའི་
 • བཅའ་འདྲི་བྱ་ཡུལ་
  དགེ་འདུན་ལྔ་ཙམ་དྲུག་ཙམ་སྨོན་ལམ་ལ་ཕར་ཕེབས་པ་ཡིན་ནའི།
 • བཅའ་འདྲི་བ་
  འཐུས་མིའི་ཚབ་དེ་འདྲས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས། དེ་རིང་ཁ་སང་དེ་འདྲས་ཡིན་ན་ནི་ག་རེད་ཟེར་གོ་རེད་ད།
 • བཅའ་འདྲི་བ་
  སྐུ་ཚབ།
 • བཅའ་འདྲི་བྱ་ཡུལ་
  སྐུ་ཚབ་བཟོ་འདྲས་ཟེར་དགོས་རེད་པ་ད།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་ཕྱིན་པ་ཡིན་ན་ཕ་གའི་བསྡད་ཆོག་ཆོགའབྲས་སྤུངས་སྒོ་མང་གྲྭ་ཚང་གི་གོ་བསྐལ་ཡོད་པ།ཨ་ནི།
 • བཅའ་འདྲི་བྱ་ཡུལ་
  ཕ་ནས་ཚུར་ད་ཅིག་ང་ཚོའི་སྔས་མ་ད་འོན་རྒྱལ་སྲས་རིན་པོ་ཆེ་སྐུ་ཐོག་གོང་མ་དེ་
 • བཅའ་འདྲི་བྱ་ཡུལ་
  འོ་ཅི་ཟེར་དགོས་རེད་ཁོ་རེའི་ལྡིང་མངའ་དེ་དང་སྐྱིད་སྡུག་གི་བསྐལ་ལ་ར་དེ་འབྲས་སྤུངས་སྒོ་མང་གྲྭ་ཚང་རང་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  བྱས་བྱས་ཁྱད་ཆོས་ར་དེ་འདྲས་འདུག
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དེ་ནས་སྡོད་ས་ར་དེ་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བྱས་ཨ་ནི་ཚུར་དེ་བྱེད་དུས་དེ་
 • བཅའ་འདྲི་བྱ་ཡུལ་
  གནང་གི་འདུག་ག་ལགས་འོ་ལྷས་ས་སྨོན་ལམ་ལ་ཕེབས་དུས་སྒོ་མང་གྲྭ་ཚང་ཁུངས་
 • བཅའ་འདྲི་བྱ་ཡུལ་
  བྱས་བྱས་ལྷས་ས་སྨོན་ལམ་ལ་ཕེབས་ན་ཡང་སྐུ་བསྐལ་གང་ག་ཡོད་པ། འོ་དེ་འདྲས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་ཅིག་འདི་ནས་ཕར་ཕྱིན་བྱས་བྱས་དགོན་པ་འདིའི་ཅིག་ཡོག་རེད་པ། ཕྱག་ཐམ་ཅིག་ཡོག་རེད་པ།
 • བཅའ་འདྲི་བྱ་ཡུལ་
  ད་དེ་རིང་ཁ་སང་ཡིན་ན་མིས་ངོ་སྤྲོད་ཡི་གེའི་བཟོ་ར་གཅིག་ཡོག་རེད་པ། དེ་རིང་ཁ་སང་ཡིན་ན།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་འོ་དེ་འདྲས་ཆིག་འཁྱེར་བྱས་ཕྱིན་པ་ཡིན་ནའི་འོ་ནིའི་དགོན་པ་འདིའི་ཕྱག་ཐམ་དེ་
 • བཅའ་འདྲི་བྱ་ཡུལ་
  འཁྱེར་བྱས་ངོ་སྤྲོད་དེ་འཁྱེར་ཕྱིན་པ་ཡིན་ན་ཨ་ནི་ཕ་གར་ག་ཚད་
 • བཅའ་འདྲི་བྱ་ཡུལ་
  ལྷས་ས་སྨོན་ལམ་མ་གྲོལ་བར་ཆད་ཁྱད་པར་ལྟ་བ་དེ་འདྲས་ཅིག་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  དེ་རྗེ་རིན་པོ་ཆེ་ཕེབས་ནས་དགོན་པ་འདི་ལ་ད་
 • བཅའ་འདྲི་བྱ་ཡུལ་
  འོ་ལྷས་ས་སྨོན་ལམ་གྱི་ལྟ་གོན་དེ་དང་རྟེན་འབྲེལ་དེ་འདི་རུ་མཛད་པ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཕ་གའི་ཕྱིན་པ་ཡིན་ན་ད་མ་གའི་མིས་སྐུ་ཞོགས་མང་པོ་ཡོང་གི་རེད་པ་མིས་
 • བཅའ་འདྲི་བྱ་ཡུལ་
  ལྷས་ས་སྨོན་ལམ་ལ་ཡོང་ཀྱི་ཡོད་ཀྱི་རེད་དེ།
 • བཅའ་འདྲི་བྱ་ཡུལ་
  ད་ང་ཚོའི་དགོན་པ་འདིའི་ཕྱག་ཐམ་དེ་དང་གཅིག་གི་ཁོ་རའི་དཔང་ཡིག་བཟོ་ར་དེ་འཁྱེར།
 • བཅའ་འདྲི་བྱ་ཡུལ་
  ངོ་སྤྲོད་བཟོ་ར་དེ་ད་དེ་རིང་ཁ་སང་ངོ་སྤྲོད་རང་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་དེ་འདྲས་ཅིག་བསྐུར་བྱས་བྱས་སྔས་མ་མི་ནི་འདྲས་ནི་འདྲས་སེ་ཡོད།
 • བཅའ་འདྲི་བྱ་ཡུལ་
  ཕར་ཕྱིན་པ་ཡིན་ན་ཨ་ནི་ཕ་ནས་གཅིག་གི་བཀག་སྡོམ་གཅིག་གི་བྱེད་ངན་ཡོག་མ་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཕ་གའི་ཡར།
 • བཅའ་འདྲི་བ་
  ཨ་ནི་འདིའི་བཞུགས་བཞུགས་མཁན་ཚོས།
 • བཅའ་འདྲི་བྱ་ཡུལ་
  མཆོད་པ་དེ་ཚོ་བཞངས་དེ་འདྲས་བྱེད་ཀྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ཨ་བཅོ་ལྔ་ཆོས་པ་དེ་འདྲས་བྱས་ལགས། དེ་གནང་དག་ཡོག་མ་རེད་ཟ་ལའོ། སྔས་མ་ཡིན་ན་འདའི།
 • བཅའ་འདྲི་བ་
  མཆོད་པ་ཕྱོགས་བཞི་ལ་བཞངས་ཀྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་ཕྱོགས་བཞི་ལ། ཚེས་པ་བཅོ་ལྔའི་དགོང་མོ་དེ་ང་ཚོས་འདིི་ནས་མར་དེ་ནི་འཆམ།
 • བཅའ་འདྲི་བྱ་ཡུལ་
  ཚེས་པ་བཅོ་ལྔའི་ཉིན་སྒང་དེ་འཆམ་སྒྲིག་བྱས་བྱས་གྲོས་བྱེད་ཀྱི་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེའི་སྔོན་ལ་བཅོ་ལྔ་ཚེས་པ་བྱས་གང་མིན་ཚད་ཡོད་པ་འདྲ།
 • བཅའ་འདྲི་བྱ་ཡུལ་
  དེའི་ཞུག་གུ་ལ་ཡང་དམངས་གཙོའི་བཅོས་བསྒྱུར་མ་བཏང་ཙམ་དེ་པར།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ཆོས་པ་དེ་སྤྱིར་བཏང་བྱས་པ་ཡིན་ན་གྲ་མི་འགྲིག་པའི་བཟོ་ར་ཅིག་ཆགས་སོང་ལགས།
 • བཅའ་འདྲི་བྱ་ཡུལ་
  གཅིག་གི་ད་སྔོན་མ་སྐུ་ཞབས་ཕྱག་ལས་འཛིན་མཁན་ཁག་ཅིག་དེ་འབྲས་དེ་བྱས་
 • བཅའ་འདྲི་བྱ་ཡུལ་
  བཞེངས་ལ་འཐད་ཨ་ནི་ཆུང་ང་དེ་ཚོས་ཡིས་རྦད་དེ་ད་ཅིག་དཔེ་ཆ་ཡག་གོ་དེ་འདྲས་མ་བྱས་སྐྱ་ར་དེ་འབྲས་
 • བཅའ་འདྲི་བྱ་ཡུལ་
  ཕབ་བྱས་བྱས་ནས་ང་ཚོ་ད་རྒན་ཁོང་རྣམས་ཚོ་འོ་ཚུར་འདུས་ཡག་གི་དོ་འར་ཆོས་པ་འདུག་གསུངས་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ཆོས་པ་བཤད་པ་ཡིན་ན་ཕལ་ཆེར་ལོ་ཁ་ཤས་ཤིག་བཞངས་ཐུབ་མ་སོང་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  མ་གཞི་སྨོན་ལམ་དེ་རྟག་པར་རེ་ཞིག་ཚུགས་པ་རེད་གསུངས་བ་རེད།
 • བཅའ་འདྲི་བ་
  ཨ་ནི་སྨོན་ལམ་གྱི་རིང་ལ་དེ་འདྲས་དགེ་བཤེས་དང་དེ་འདྲས་ཚོགས་བཞངས་གནང་བྱས།
 • བཅའ་འདྲི་བྱ་ཡུལ་
  ད་ང་ཚོའི་དགོན་པ་དེའི་མཚན་ཉིད་དེ་ཡོག་མ་རེད་ལགས། བཤད་སྒྲ་དེ།
 • བཅའ་འདྲི་བ་
  གཙོ་བོ་སྔགས་རེད་པས།
 • བཅའ་འདྲི་བྱ་ཡུལ་
  གཙོ་བོ་བསྔགས་རེད། མདོ་དེ་ཡོག་མ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  མདོ་དེ་མཚན་ཉིད་ཀྱི་ད། མདོ་དེ་རྒྱུན་བཙུགས་ཐུབ་ཡོག་མ་རེད་ཟ།
 • བཅའ་འདྲི་བྱ་ཡུལ་
  དེའི་སྔན་ལ་རྗེ་རིན་པོ་ཆེ་ཕེབས་པའི་ཞུག་གུ་དོ་པར།
 • བཅའ་འདྲི་བྱ་ཡུལ་
  འོ་མཚན་ཉིད་ཀྱི་བཤད་སྒྲ་ཅིག་བཙུགས་འདུག་ཟ།བཙུགས་ཡས།
 • བཅའ་འདྲི་བྱ་ཡུལ་
  བཙུགས་ཡས་དེ་ག་འདྲས་སེ་བཙུགས་འདུག་ཟེར་ན་དཀར་ཆག་ནང་ལ་དེ་འདྲས་སེ་ཐོན་གྱི་འདུག་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དུད་ཚང་དེ་འདྲས།གཞིས་ཀ་ཁ་དེ་འདྲས་རེད་ད་མིས་གཅིག་གི་དུས་ཙང་སྒེར་གྱི་འབྱོར་པ་ཆེ་དེ་འདྲས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རྦད་ལྷོ་ཁ་རྫིང་ཕྱིའི་དེ་ནི་དཔེ་ཆ་མཚན་ཉིད་དེ་དེ་འབྲས་ལ་གཞུང་དོན་མཐུན་པ་དེ་འབྲས་ལ་
 • བཅའ་འདྲི་བྱ་ཡུལ་
  འགྱེད་ཡས་ཡས་༼གང་དང་གང།༽བརྒྱབ་པ། ཡང་དེ་འབྲས་ཀྱི་འབྱོར་ཡས་ཡས་བཞག་པ།
 • བཅའ་འདྲི་བྱ་ཡུལ་
  དེ་འབྲས་ཀྱི་དཀར་ཆག་ནང་ལ་དེ་འབྲས་དོན་གྱི་འདུག་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྦྱིན་བདག་འདི་དང་འདིས་སྔན་མ་རྗེ་རིན་པོ་ཆེ་ཕེབས་ནས་བཤད་སྒྲ་དེ་འདྲས་བྱུང་བསྡད་ནི་ཟ།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་ཞུག་གུ་ཡ་བཤད་སྒྲ་དེ་ཡང་རྦད་དེ་ཁུང་མ་འཁྱོལ་པའི་ཟོ་འདྲ་ཅིག་ཆགས་བསྡད་ཡོད་པ་འདྲ།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་བསྔགས་ཕྱོགས་ལ་ཕྱིན་པའི་ཟོ་འདྲ་ཅིག་བྱས།
 • བཅའ་འདྲི་བ་
  བསྔགས་ཕྱོགས་རང་བྱས། བསྔགས་ཕྱོགས་ནང་ནས་རྒྱུད་སྡེ་བཞི་ཆ་ལག་ཆ་ཚང་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་ད་རྒྱུད་སྡེ་བཞིའི་ནང་ནས་ཆ་ཚང་ར་ཅིག་དུས་འཁོར།
 • བཅའ་འདྲི་བྱ་ཡུལ་
  ཨ་དུས་འཁོར་བྱས་འཇིགས་བྱེད་བྱས།གསང་བ་འདུས་པ་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་གསུམ་གྱི་བཟོ་འདྲ་དེ་གང་མིན་ཚད་དེ་འདྲས་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  རྦད་དེ་སྒྲོམ་ཆོག་ཁོ་ར་བྱས་ཚུགས་ཀྱི་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཟླ་བ་གཉིས་པའི་ནང་ལ་སྒྲོམ་ཆོག་བྱས་ནས་དེ་ནི་སྨོན་ལམ་གྲོལ་མ་ཐག་སྒྲོམ་ཆོག་གི་གཏན་འཁེལ་གྱི་རེད་ཟ།
 • བཅའ་འདྲི་བྱ་ཡུལ་
  སྒྲོམ་ཆོག་བྱས་བྱས་དེ་ནི་ཁོ་རཱི་རྒྱུད་སྡེ་རྒྱུད་སྡེ་རྒྱུད་སྡེ་བྱས་མར་མར་བྱས་ད་འོ།
 • བཅའ་འདྲི་བ་
  རྒྱུད་ལ་བཞུགས་པའི་སྐབས་ལ་ཡང་སྔོན་ལ་ལྟ་གོན་གྱི་ཆིག་གི་གང་གནང་གི་ཡོད་དྲོ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ད་དེ་རྒྱུད་ལ་བཞུགས་པའི་སྐབས་ལ་ལྟ་གོན་དེ་ད་འོ་སྔན་མ་འོ།
 • བཅའ་འདྲི་བྱ་ཡུལ་
  སྔན་མ་ལས་ཏིག་ཙམ་ཅིག་ཕར་ར་ཅིག་ཕེབས་པའི་ཞུགས་ལ་ཨ་ནིས་ཅིག་ཡག་རུ་ཕྱིན་སོང་ང་།
 • བཅའ་འདྲི་བྱ་ཡུལ་
  དེ་ལྟ་གོན་རེ་དེ་ཕ་ནས་སྐྱབས་ཆེན་ཕ་རིན་པོ་ཆེ་ཟེར་ཡས་ཅིག་ཡོག་རེད་པ།
 • བཅའ་འདྲི་བྱ་ཡུལ་
  ཕ་རིན་པོ་ཆེ་ད་དེང་སང་ཡིན་ན་དེང་སང་བྱས་པས་མ་བྱུང་སྔན་མ་ཡིན་ན་སེར་ར་ལ་
 • བཅའ་འདྲི་བྱ་ཡུལ་
  དེ་འབྲས་བཞུགས་ཡོད་པ་འདྲ་ད་ཕལ་ཆེར་ཕ་བོང་ཁ་ལ།
 • བཅའ་འདྲི་བྱ་ཡུལ་
  ད་ཕལ་ཆེར་སྐྱབས་ཆེན་རིན་པོ་ཆེ་ཕེབས་ནས་དེ་ནི་འཆམ་ཡིན་ནའི་རེད།
 • བཅའ་འདྲི་བྱ་ཡུལ་
  རྒྱུད་སྡེ་བཞིའི་ཉམས་ལེན་ཡིན་ནའི་རེད།
 • བཅའ་འདྲི་བྱ་ཡུལ་
  ད་དེ་འབྲས་སྐབས་ལ་བླ་མ་གང་མིན་ཚད་དེ་འདྲས་བྱུང་ནས་གཅིག་ནས་
 • བཅའ་འདྲི་བྱ་ཡུལ་
  འཆམ་འཁྲུག་རུ་གཏོང་ཡས་དང་གཉིས་ནས་རྒྱུད་སྡེ་གཙང་རུ་གཏོང་ཡས་དང་།
 • བཅའ་འདྲི་བྱ་ཡུལ་
  གསུམ་ནས་ཡང་གྲ་པའི་ནང་ལོག་ན་ཡང་དེ་འདྲས་ཀྱི་ཅི་ཟེར་དགོས་རེད།
 • བཅའ་འདྲི་བྱ་ཡུལ་
  འདུལ་ཁྲིམས་ཟེར་ཡས་ར་པོ་དེ་ནི་ད་ག་ནང་བཞིན་པའི་གཞུང་ཆེན་དཀའ་པོད་ད་
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་ནང་གི་གང་དགོས་མར་ཆོས་གསུངས་ཡས་དེ་འདྲས། གང་མིན་ཚད་དེ་འདྲས་བྱུང་བྱས་བྱས།
 • བཅའ་འདྲི་བྱ་ཡུལ་
  ཡང་དགོན་པ་ཁོ་རང་ཡང་རྦད་སྟོབས་འབྱོར་ལྡན་པོ་ཡག་གོ་དེ་འབྲས་བྱུང་བསྡད་ཡོག་རེད་ལགས།
 • བཅའ་འདྲི་བ་
  ཨ་ནི་རྒྱུད་ལ་བཞུགས་ཚར་རའི་རྗེས་ལ་ཡང་ལོ་གསུམ་ཕྱོགས་གསུམ་དེ་ངེས་པར་དུ་བཞུགས་དགོས་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་ལོ་གསུམ་ཕྱོགས་གསུམ་གཏོང་ཡས་དེ་ཚོའི་འདིའི་ཆོས་ལུགས་དེ་མེད་པ་དེ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ལོ་གསུམ་ཕྱོགས་གསུམ་གཏོང་ཡས་དེ་བཀའ་རྒྱུད་ཟོ་འདྲ་ཅིག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ང་ཚོའི་འདིའི་ད་དངོས་གནས་དངོས་གནས་ར་ཅིག་བྱས་པ་ཡིན་ན་རྦད་ཨ་ནི་མཚན་ཉིད་བྱས་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རི་ཁྲོད་འགྲིམ།རི་ཁྲོད་འགྲིམ་ནས་རྒྱུད་ལ་ཕེབས།
 • བཅའ་འདྲི་བྱ་ཡུལ་
  རྒྱུད་ནས་ཚུར་ཕེབས་བྱས་དེ་ནི་གཞི་ནས་ནིའི་ནང་གི་བླ་མ་ཁྲི་པ་དེ་འདྲས་བྱེད་ཡས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  འོ་འགྲོ་ལུགས་ལྟར་མ་སོང་ལོ་རྒྱུས་ལྟར་མ་སོང་འོ་དེ་འདྲས་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་དང་པོ་ང་ཚོ་གྲ་རྒྱུན་དེ་དྭགས་པོ་གྲ་ཚང་ལ་གཏོང་དགོས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དྭགས་པོ་གྲ་ཚང་བྱས་མངའ་རིས་གྲ་ཚང་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེ་འདྲས་ལ་འགྲོ་རྒྱུན་བྱས་དཔེ་ཆ་ཡག་གོ་བྱས་བྱས་གང་མིན་ཚད་དེ་འབྲས་བྱུང་སོང་ནི་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་འོ་རྒྱུད་ལ་ཕེབས།
 • བཅའ་འདྲི་བྱ་ཡུལ་
  རྒྱུད་ནས་ད་མཐར་ཕྱིན་པ་དེ་འདྲས་བྱས་བྱས་ད་མདོ་ཕྱོགས་བསྔགས་གསུམ་ཟེར་གྱི་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  མདོ་དང་བསྔགས་དེ་འདྲས་གང་ག་ལ་མཆོག་ཏུ་འགྱུར་པ་བྱུང་པ་ཡིན་ན་ཨ་ནི་ཚུར་ཡོང་བྱས་
 • བཅའ་འདྲི་བྱ་ཡུལ་
  འདིའི་ནང་ལ་རྦད་དེ་ཕོ་པར་དགེ་བཤེས་དེ་འདྲས་བཏང་བྱས་བྱས་ཚུར་ཡོང་ན་
 • བཅའ་འདྲི་བྱ་ཡུལ་
  གཞི་ནས་ང་ཚོའི་འདིའི་ནང་ནས་རྦད་བླ་མ་ཁྲི་པ་དེ་འདྲས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  དེ་ནི་འོ་བསྔགས་ཕྱོགས་ཀྱི་དེ་སྦྱིན་སྲེག་གཏོང་ཡས་ར་པོ་དབང་ཆུང་བསྐུར་ཡས་ཡིན་ནའི་རེད་
 • བཅའ་འདྲི་བྱ་ཡུལ་
  ད་དེ་གས་ཀྱི་ཐོག་ལ་ཕལ་ཆེར་བྱང་ཆུབ་པ་དེ་འདྲས་ཆག་ནས་འོ་དེ་འདྲས་བྱས་ནས་དེ་ནི་དགོན་པ་
 • བཅའ་འདྲི་བྱ་ཡུལ་
  འདིའི་བླ་མ་ཁྲི་པ་དེ་འདྲས་བྱས་བྱས་བྱས།
 • བཅའ་འདྲི་བ་
  འདིའི་ཁྲི་པ་གནང་པའི་སྐབས་ལ་ད་དགའ་ལྡན་ཁྲི་པ་ནང་བཞིན་གྱི་
 • བཅའ་འདྲི་བ་
  གཅིག་གི་ཨ་ནི་དགེ་བཤེས་དང་རྒྱུད་ལ་བཞུགས་ཨ་ནི་བྱང་རྩེ།
 • བཅའ་འདྲི་བ་
  ཤར་རྗེའི་ཆོས་རྗེ་གནང་། ཨ་ནི་དེ་འདྲས་ཀྱི་འགྲན་བསྡུར་ཤུགས་ཆེན་པོ་དེ་འདྲས་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་འདྲས་ཀྱི་འགྲན་བསྡུར་ཤུགས་ཆེན་པོ་དེ་འདྲས་དགོན་པ་ཁོ་རའི་གང་ལ་མིན་འདུག་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ཁོང་རྣམས་ཚོ་འདི་ནས་ཐོན་བྱས་བྱས་གཅིག་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འདི་ནས་རྒྱུད་བཏང་འདི་ནས་གྲ་པ་དེ་ད་ཕར་བཏང་།
 • བཅའ་འདྲི་བྱ་ཡུལ་
  ཕར་བཏང་ཚར་པའི་ཞུག་གུ་ལ་འོ་མངའ་རིས་གྲ་ཚང་ལ་ཡིན་ནའི་འདྲ།
 • བཅའ་འདྲི་བྱ་ཡུལ་
  དྭགས་པོ་གྲ་ཚང་ལ་ཡིན་ནའི་འདྲ་འོ་ད་དེ་འདྲས་ཅིག་ལ་བཏང་ཚར་པ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་ཅིག་བཏང་བྱས་བྱས་དེ་ནི་དགེ་བཤེས་བཏང་དེ་ནི་དེ་ཕ་གའི་བྱང་དགུན་མཆོད་ཟེར་ས་ད་གར་ཕེབས་དེ་ནི།
 • བཅའ་འདྲི་བ་
  ད་ལྟ་ཆུ་ཤུར་དེའི།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་དེའི། བྱང་དགུན་མཆོད་དབྱར་མཆོད་དགུན་མཆོད་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་དེ་འདྲས་ཅིག་ཕེབས་བྱས་བྱས་འོ་ད་དོ་པར་ཁོ་རྣམས་ཚོ་བྱང་ཆུབ་པ་དེ་འདྲས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་དེ་འདྲས་ཚར་ཚར་པའི་ཞུག་གུ་ལ་ད་དེ་ནས་རྦད་ང་ཚོའི་དེ་རིང་ཁ་སང་གི་ཡིག་ཚད་
 • བཅའ་འདྲི་བྱ་ཡུལ་
  བཟོ་ར་དེ་ལོན་པའི་བཟོ་ར་ཅིག་ཆགས་ཚར་སོང་ནི་རྒྱུད་ལ་ཕེབས་དགོས་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  རྒྱུད་ལ། རྒྱུད་སྨད་ལ་ཕེབས་དང་སྟོད་ལ་ཕེབས་དེ་ནི་ད་ཕར་ནས་གང་བྱས་ཁོ་རའི་འགྲོ་ལུགས་ར་དེ་དེ་བྱེད་ཀྱི་ཡོད་པ་འདྲ།
 • བཅའ་འདྲི་བྱ་ཡུལ་
  འོ་འདུག་སེ་བྱས་བྱས་ཕ་ནས་གང་ག་ལོག་གོ་༼ཚང་མ།༽ཚར་ཚར་པའི་ཞུག་གུ་དེའི་དེ་ནི་ཚུར་ཡོང་
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དགོན་པ་འདི་ལ་གཞི་ནས་བླ་མ་ཁྲི་པ་བྱས་ཆོག་གི་ཡོག་རེད། འོ་འདུ་ག་སེ་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ང་ཚོ་དགོན་པ་ཁོ་རཱི་ནང་ཁུག་ནས་བླ་མ་ཁྲི་པ་བྱས་བྱས་ཡོན་ཏན་བྱས་བྱས་ཡང་
 • བཅའ་འདྲི་བྱ་ཡུལ་
  ཁ་གཅིག་མི་སྐུ་རྒྱུད་ཀྱི་བླ་མ་དེ་འདྲས་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཁག་གཅིག་ནི་མི་རང་རྒྱུད་ཀྱི་བླ་མ་དེ་འདྲས་ཡོན་ཏན་དེ་འདྲས་བྱས་ནས་བླ་མ་དེ་འདྲས་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་འདུག་སེ་བྱས་བྱས་དགོན་པ་ཁོ་རའི་ནང་ཁུག་ལ་ཆ་བཞག་པ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  ད་ཁོ་རཱི་ང་ཚོའི་ནི་ནས་ཡར་ཐོན་བྱས་བྱས་མིན་པ་ད་དགོན་པ་གཞན་པས་ལ་བསླབ་གྲའི་བཟོ་ར་གཅིག་
 • བཅའ་འདྲི་བྱ་ཡུལ་
  བཏང་བྱས་བྱས་རྦད་དེ་མཐར་ཕྱིན་པ་དེ་འདྲས་དཔེ་ཆ་དགུང་ལོ་ལྔ་བཅུ།
 • བཅའ་འདྲི་བྱ་ཡུལ་
  དྲུག་ཅུ། བདུན་ཅུ་དེ་འདྲས་བྱས་ན་མ་ཤེད་དགོན་པ་འདིའི་ཁྲིའི་སྒང་ལ་འཛགས་༼འཛེགས།༽མ་ཐུབ་པ་དེ་འདྲས།
 • བཅའ་འདྲི་བྱ་ཡུལ་
  ཕལ་ཆེར་ལོ་རྒྱུས་ལྟར་མ་སོང་འོ་དེ་འདྲས་ཅིག་འདུག་ལགས།
 • བཅའ་འདྲི་བ་
  ངས་ད་གིན་གོང་ལ་བཀའ་འདྲི་ཞུ་ཡས་གཅིག་འདིའི་སྨོན་ལམ་འདིའི་ཚོགས་པའི་སྐབས་ལ་
 • བཅའ་འདྲི་བ་
  བཅུ་དྲུག་ཉིན་པ་བྱམས་པ་གདན་འདྲེན་ཞུ་ཡས་དེ་འདྲས་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་བཅོ་ལྔའི་ཉིན་པ་དེའི་ད་མཆོད་པ་བྱས་བྱས་སྔས་མ་ངས་ད་གིན་སྔན་མ་ཞུ་ཡས་ད་ག་རང་རེད།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་ཁོ་རཱི་སྨོན་ལམ་སྐབས་དེའི་བྱས་སྨོན་ལམ་བཅོ་ལྔའི་ཉིན་སྒང་དེའི་གྲོལ།
 • བཅའ་འདྲི་བྱ་ཡུལ་
  བཅོ་ལྔ་བྱས་བཅུ་དྲུག་ཉིན་སྒང་དེའི་གྲོལ་ད་བྱམས་པ་གདན་འདྲེན་ཞུས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  འོ་ད་ཡང་དེའི་དེ་མེད་པའི་བཟོ་ར་ཅིག་འདུག་ལགས་དེ་མེད་པའི་བཟོ་ར་ཅིག་འདུ་ཟེར་ཡས་དེའི་
 • བཅའ་འདྲི་བྱ་ཡུལ་
  རྒྱུ་རྐྱེན་དེ་ག་རེ་རེད་ཟེར་ན་ཕ་གའི་ལྷས་སཱི་སྨོན་ལམ་གྱི་བྱམས་པ་གདན་འདྲེན་ཞུ་ཡས་དེ་དང་
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ལ་འཐུས་པ་ཡིན་སེ་བྱས་ནས་སྔས་མ་གི་བཤད་སྲོལ་དེ་འདྲས་འདུག་ཟ།
 • བཅའ་འདྲི་བྱ་ཡུལ་
  ལོ་རྒྱུས་ཡི་ད་ག་རང་རེད་སེ། ལགས་འོ་ལགས། འོ་དེ་འདྲས་ཅིག་འདུག་ལགས།
 • བཅའ་འདྲི་བ་
  ད་གིན་གོང་དེའི་ཡ་རྗེ་རིན་པོ་ཆེ་འོལ་ཁ་ཆུ་ལུང་ལ་བཞུགས་པའི་སྐབས་ལ་ཡ་ད་གྲུབ་བཤགས་གནང་ང་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས།
 • བཅའ་འདྲི་བ་
  བཤགས་པ་མཛད་པའི་སྐབས་ལ་ཡ་སྟོང་བཤགས་ཀྱི་སངས་རྒྱས་སོ་ལྔ་དེ་གས་ཀྱི་
 • བཅའ་འདྲི་བ་
  ཞལ་མ་གཟིགས་པ་བྱས་ད་སྐུ་ལུས་དེ་གས་གཟིགས་མེད་པའི་ཟོ་ར་ཅིག
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེ་འདྲས་ཆགས་བསྡད་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་རྗེ་རིན་པོ་ཆེས་ལུང་བསྟན་དེ་འདྲས་གནང་བ་རེད་པ་རྗེ་རིན་པོ་ཆེ་ལ་ད་
 • བཅའ་འདྲི་བྱ་ཡུལ་
  འོ་ཁོ་རང་གི་ད་ལྟུང་བཤགས་སུམ་ཅུ་སོ་ལྔ།
 • བཅའ་འདྲི་བྱ་ཡུལ་
  ཡིག་རྒྱ་འབུམ་ཡིན་ནའི་རེད། མཎལ་འབུལ་ནའི་རེད་
 • བཅའ་འདྲི་བྱ་ཡུལ་
  ད་སྐྱབས་འགྲོ་ཕྱག་འབུམ་རྟེན་རེ་རེ་ཕུལ་གནང་པའི་སྐབས་ལ་དེ་བཞིན་བཤེགས་པ་གི་དབུ་མེད་པའི་གི་
 • བཅའ་འདྲི་བྱ་ཡུལ་
  མཇལ་ནས་ཨ་ནི་ད་ང་ཚོའི་བསམ་བློ་ལ་བྱས་པ་ཡིན་ན་གཉིད་ལམ་ལ་བཏང་པའི་བཟོ་ར་གཅིག
 • བཅའ་འདྲི་བྱ་ཡུལ་
  རྗེ་བཙུན་འཇམ་དཔལ་དབྱངས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་རྗེ་རིན་པོ་ཆེ་ལ་ལུང་བསྟན་མ་སོང་དེ་འདྲས་བྱུང་ནས་ཨ་ནི་
 • བཅའ་འདྲི་བྱ་ཡུལ་
  འོལ་ཁའི་རྫིང་ཕྱི་རྣམས་གསུམ་མཛད་དགོས་པ་དེ་འདྲས་བྱུང་ཨ་ནི་འོལ་ཁ་རྫིང་ཕྱི་
 • བཅའ་འདྲི་བྱ་ཡུལ་
  དེ་ད་རྗེ་རིན་པོ་ཆེས་ད་ང་ག་འདྲས་བྱེད་དགོས་ཡིན་ན།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་ཆེན་པོ་ཞེ་པོ་འདི་ཉམས་གསོ་བྱེད་ཡས་དེ་ད་གང་འདྲས་སེ་བྱེད་དགོས་ཡོད་ན་བསམ།
 • བཅའ་འདྲི་བྱ་ཡུལ་
  བསམ་བསམ་ར་གཅིག་བྱེད་པའི་སྐབས་ལ་ཨ་ནི་རྗེ་རིན་པོ་ཆེ་གས་གཏོར་མ་གཏོང་ཡས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  གཏོར་ཆས་དེ་འདྲས་བཙོངས་གནང་བྱས་བྱས།ཨ་ནི་དེའི་གོང་ཚད་ར་དེ་ཞོ་གང་ལས་ཁུད་མིན་འདུག་ག་ལགས།
 • བཅའ་འདྲི་བྱ་ཡུལ་
  ཞོ་གང་པོ་དེ་ལ་ནི་འབྲོག་པ་དེ་འདྲས་གཅིག་གི་རྩ་ནས་མར་ཉོས་འདུག་ག་ལགས།
 • བཅའ་འདྲི་བྱ་ཡུལ་
  མར་ཚུར་གཟིགས།མར་ཚུར་ཉོས་བྱས་བྱས་བྱེད་པའི་སྐབས་ལ་
 • བཅའ་འདྲི་བྱ་ཡུལ་
  ད་མཆོད་མ་དེ་འདྲས་ཕུལ་པའི་སྐབས་ལ་མཆོད་མ་ཏིང་ལོ་སྒང་དེ་རིང་ཕུལ་ན་
 • བཅའ་འདྲི་བྱ་ཡུལ་
  སང་ཉིན་ཏག་ཏག་ཉིན་དགུང་གི་དེ་རིང་ཕུལ་ཡས་ཀྱི་དེ་ཚད་གཞི་དེ་ནས་སང་ཉིན་ཏག་ཏག་
 • བཅའ་འདྲི་བྱ་ཡུལ་
  འདང་པའི་ཐུ་ནུས་དེ་འདྲས་བྱུང་བ་རེད་གསུངས་བ་རེད་རྗེ་རིན་པོ་ཆེ་གས།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དེ་འདྲས་ཅིག་རྗེ་རིན་པོ་ཆེས་རྒྱལ་པོ་ཆེན་པོ་གནམ་ཐོས་སྲས་ལ་རྫས་འདུར་ཕུལ།
 • བཅའ་འདྲི་བྱ་ཡུལ་
  དབུ་རུ་གཅོད་པ་བཀར་དེ་ནི་འོལ་ཁ་སྟག་རྩེའི་སྦྱིན་བདག་བཀྲ་ཤིས་རབ་བརྟན་ཟེར་
 • བཅའ་འདྲི་བྱ་ཡུལ་
  ཡས་ཅིག་འདུག་ག་ལགས།འོ་དེ་ལ་ཞལ་ལྟ་ཕུལ་ནས་དེ་ནི་དེས་ཞལ་ཁེབས་བཞེས་ནས་
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དགོན་པ་འདི་གཞི་ནས་ཉམས་གསོ་བྱས་བྱས་འོ་དེ་འདྲས་ཅིག་བྱུང་ནོ་ག་ལགས།
 • བཅའ་འདྲི་བ་
  སྦྱིན་བདག་གཙོ་བོ་དེ་འོལ་ཁ་སྟག་རྩེའི།
 • བཅའ་འདྲི་བྱ་ཡུལ་
  འོ་འོལ་ཁ་སྟག་རྩེའི་སྦྱིན་བདག་བཀྲ་ཤིས་རབ་བརྟན་ཞུ་གི་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཁོང་གི་མཚན་ལ་བཀྲ་ཤིས་རབ་བརྟན།
 • བཅའ་འདྲི་བྱ་ཡུལ་
  ད་བཀྲ་ཤིས་རབ་བརྟན་སེ་བྱས་ནས་ཁོ་རང་ད་སྦྱིན་བདག་རྫོང་དཔོན་རེད་ནོ་ག་ལགས་དེ།
 • བཅའ་འདྲི་བྱ་ཡུལ་
  རྫོང་དཔོན་རང་རེད།
 • བཅའ་འདྲི་བྱ་ཡུལ་
  རྫོང་དཔོན་བྱས་བྱས་དེ་ནི་སྦྱིན་བདག་ལ་ཞལ་བརྡ་བཏང་བྱས་བྱས་བཀྲ་ཤིས་རབ་བརྟན་ལ་ཞལ་བརྡ་
 • བཅའ་འདྲི་བྱ་ཡུལ་
  བཏང་བྱས་བྱས་སྦྱིན་བདག་དེ་འདྲས་མཛད་དེ་ནི་དགོན་པ་དེ་ཉམས་གསོ་དེ་འདྲས་མཛད་ནོ་ག་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་འདུག་སེ་འདུག
 • བཅའ་འདྲི་བ་
  དེ་ནས་ད་ལྟ་དེའི་སྐབས་ལ་ཡང་ཉམས་གསོ་མ་གནང་པའི་གོང་ལ་ཡ་
 • བཅའ་འདྲི་བ་
  བཀའ་རྒྱུད་པའི་གདན་ས་ཡིན་པ་འདྲ་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  རེད། རེད། བཀའ་རྒྱུད་པའི་ལྡེབས་རིས་དེ་འདྲས་དེ་འདྲས་འདུག་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་ཁ་སྔ་ཁོང་རྣམས་ཚོ་འོ་ད་ང་ཚོ་ལྷོ་ཁའི་རིག་དངོས་ཅུད་བྱས་
 • བཅའ་འདྲི་བྱ་ཡུལ་
  ད་ལྟ་རང་སྐྱོངས་ལྗོངས་ཀྱི་ཁོང་རྣམས་ཚོ་བྱས་ཕེབས་པའི་སྐབས་ལ་
 • བཅའ་འདྲི་བྱ་ཡུལ་
  ད་ལོ་རྒྱུས་ཁོ་རཱི་སྒང་ལ་བཀའ་རྒྱུད་པའི་རེད་སེ་བྱས་ནས་ང་ཚོ་ད་ལྟ་བཤད་སྲོལ་དེ་འདྲས་ཅིག་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ད་དངོས་པོའི་དཔང་རྟགས་ཟེར་ནའི་འདྲ་འོ་དེ་འདྲས་ཅིག་གོ་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  དངོས་པོའི་དཔང་རྟགས། ལོ་རྒྱུས་སྒང་ལ་བྱས་པ་ཡིན་ན་བཤེས་གཉེན་མགར་མིན་ཡོན་ཏན་གཡུང་དྲུང་ད་
 • བཅའ་འདྲི་བྱ་ཡུལ་
  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དུས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཡིན་པ་
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཡིན་ན་གང་གས་བཤད་ཐུབ་ཀྱི་རེད་སེ།བཤད་ཐུབ་ཀྱི་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ད་དེ་ཡིན་པ་སྔན་ལ་འོ་ད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དུས་ནས་རེད་ཟེར་ཡས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  དཔང་རྟགས་ཅིག་དགོས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་རྙིང་པ་ཡིན་པ་ཡིན་ན་དགོན་པ་ཁོ་རང་ས་ཤུལ་ད་སྔོག་བྱས་བྱས་དེ་འདྲས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  ནང་ནས་ཨ་ནི་བཀའ་གདམས་ཀྱི་བླ་མ་ཡིན་ན་བཀའ་གདམས་ཀྱི་བླ་མའི་ཚ་ཚ་ར་དེ་འདྲས་དང་
 • བཅའ་འདྲི་བྱ་ཡུལ་
  ཡང་དེ་འདྲས་ཡི་དགོས་ཡོག་རེད་སེ།བཀའ་གདམས་ཟེར་ནའི་འདྲས་བཀའ་རྒྱུད་ཀྱི་འོ་དེ་འདྲས་
 • བཅའ་འདྲི་བྱ་ཡུལ་
  ཚ་ཚ་དེ་འདྲས་དགོས་ཡོག་རེད་སེ་ཚ་ཚ་ལ་ཞིབ་འཇུག་བྱེད་ཡས་ཡོག་སེ།
 • བཅའ་འདྲི་བྱ་ཡུལ་
  ད་རིག་གནས་ཀྱི་དཔེ་ཆ་ཡིན་ནའི་རེད་དེ་འདྲས་ཀྱི་ཐོག་ལའི་ཞིབ་འཇུག་བྱེད་ཡས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེ་བྱས་པའི་སྐབས་ལ་ང་ཚོ་འདིའི་རྒྱབ་ལ་ཚེ་དཔག་ལྷ་ཁང་ཟེར་ཡས་ཅིག་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཚེ་དཔག་ལྷ་ཁང་དེ་ཅིག་གི་ད་དེ་འདྲས་མང་ཚོགས་དེ་འདྲས་ལ་ཕར་
 • བཅའ་འདྲི་བྱ་ཡུལ་
  བཅོས་བསྒྱུར་དང་མ་སོང་དེ་འདྲས་ཕྱིན་པ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ལྷ་ཁང་དེ་བྱེད་པའི་སྐབས་ལ་ཚ་ཚ་རབ་དང་རིམ་པ་དེ་འདྲས་འདུག་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཚུར་བསྔོགས་ཡོང་པའི་སྐབས་ལ་ད་སྔན་མ་ཚ་ཚ་དེ་ལ་ཁྱད་ཆོས་ཅི་ཡོག་རེད་ཟེར་ན།
 • བཅའ་འདྲི་བྱ་ཡུལ་
  རྗེ་རིན་པོ་ཆེ་ཕེབས་པའི་སྐབས་ཀྱི་ཚ་ཚ་དེ་ལ་དཀྱིལ་ལ་རྒྱལ་བ་བྱམས་པ་ཡོད་པ་
 • བཅའ་འདྲི་བྱ་ཡུལ་
  གཡོན་ལ་རྗེ་ཡབ་སྲས་གསུམ་ཡོད་པ་དེ་འདྲས་ཅིག་ཡོག་རེད་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་ད་ལྟ་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཅུད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ཞིག་འདུག
 • བཅའ་འདྲི་བྱ་ཡུལ་
  བཤེས་གཉེན་མགར་མིན་ཡོན་ཏན་གཡུང་དྲུང་གཡུང་དྲུང་གི་དུས་ལ་ཚ་ཚ་བཞེངས་པ་དེ་ལ་
 • བཅའ་འདྲི་བྱ་ཡུལ་
  རྐུབ་ལ་ཨི་ཁུང་རྒྱབ་པ་ཅིག་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ལ་ཚ་ཚ་དེལ་དབྱེ་བ་གཉིས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ད་ང་ཚོས་ཕར་འཚལ་༼བརྩལ།༽བའི་སྐབས་ལ་བྱམས་པ་བྲག་ཕུག་ནང་པ་ཁ་ཤས་ཅིག་འདུག
 • བཅའ་འདྲི་བྱ་ཡུལ་
  མི་ཁོང་རྣམས་ཚོ་ལ་ཡག་པོ་ཞེ་པོ་བྱུང་སོང་མིས་དེ་ངས་ཡི་འོ་ད་ཚ་ཚ་གང་ག་ཡོ་པར་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཁྱེད་རྣམས་ཚོ་ཡ་པར་ཕེབས་དང་སེ།ང་ཚོས་ནི་ཚ་ཚ་ངོ་ཤེས་ཀྱི་མེད་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་ལབ་པ་ཡིན་པ།ལབ་པས་ནི་འོ་ད་བྱས་ན་ཚ་ཚ་ཡོད་ན་འགྲིག་གི་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཚ་ཚ་ཡོད་ན་འགྲིག་གི་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དོ་པར་ཅིག་གི་ཞིབ་འཇུག་གཅིག་བྱས་ན་ཡོག་པོ་ཞེ་པོ་ཡོག་རེད་སེ་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ཞིབ་འཇུག་བྱས་ནས་དེ་ནི་དཔང་རྟགས་དང་མ་སོང་དེ་འདྲས་གསལ་པོ་གཅིག་དོན་སོང་ང་།
 • བཅའ་འདྲི་བྱ་ཡུལ་
  དོན་ནས་འོ་རྗེ་བཙུན་ཏ་ར་ན་ཐའི་གདུངརྟེན་ཡོག་རེད་ཟེར་ཡས་དེ་དང་ཚ་ཚ་དེ་
 • བཅའ་འདྲི་བྱ་ཡུལ་
  རྟག་རྟག་ཁོ་ར་རྦད་དེ་སྒ་བརྒྱབ་བྱས་དེ་འདྲས་བྱུང་སོང་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  ཁོང་རྣམས་ཚོས་ལོ་ངོ་དངོས་གནས་དྲང་གནས་༡༠༢༥ཟེར་དེ་ཡོག་རེད་སེ་འདི། ཡོག་རེད་སེ་འདི།
 • བཅའ་འདྲི་བྱ་ཡུལ་
  གསལ་པོ་དེ་འདྲས་སེ་རེད། ད་དེ། དཔང་རྟགས་གསལ་པོ་དེ་འདྲས་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཡིན་ནའི་ད་ང་ཚོས་གཅིག་གི་ད་ཁ་ནས་གཅིག་བྱས་བྱས་ལོ་རྒྱུས་དངོས་པོའི་དཔང་རྟགས་དེ་དང་
 • བཅའ་འདྲི་བྱ་ཡུལ་
  མི་ཕ་གའི་གཅིག་མཚུངས་པ་གཅིག་དགོས་ཡོག་རེད་པ་མིས།
 • བཅའ་འདྲི་བྱ་ཡུལ་
  ཏག་ཏག་ཅིག་དགོས་ཙང་ཨ་ནི་ང་ཚོ་ཡི་ལོ་ཆུང་ཆུང་རྐྱང་བྱས་དེའི་རྦད་ལོ་ངོ་༡༠༢༥
 • བཅའ་འདྲི་བྱ་ཡུལ་
  འགྲི་ཡི་ཡོག་རེད་ཟེར་ཀྱི་དཔང་རྟགས་དེ་བརྟན་བརྟན་རྦད་དེ་ཡོག་མ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་དཀར་ཆག་དེ་འདྲས་གཅིག་དང་ལོ་རྒྱུས་དེ་འདྲས་གཅིག་གི་ནང་ལ་སྣང་།
 • བཅའ་འདྲི་བྱ་ཡུལ་
  ཟེར་ཡས་ཡོག་མ་རེད་པ་ལགས་ད་དེ།
 • བཅའ་འདྲི་བྱ་ཡུལ་
  བྱས་ཙང་ད་དེ་རིང་ཁ་སང་བཤད་པ་ཡིན་ན་འི་ད་དེའི་ནང་ལ་འདུག་ཟེར་
 • བཅའ་འདྲི་བྱ་ཡུལ་
  ད་ལྟ་ང་ཚོའི་དགོན་པ་ནི་ཆ་ཚང་ནོར་བུ་གླིང་ག་ལ་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ནོར་བུ་གླིང་ག་ལ།ང་ཚོའི་དགོན་པའི་དེ་ཆ་ཚང་ལྡེབས་རིས་ཁོ་ར།
 • བཅའ་འདྲི་བྱ་ཡུལ་
  ལོ་ག་ཚོད་འགྲོ་ཡི་ཡོད་མེད།ནོར་བུ་གླིང་ཁའི་དེ་བསྐལ་བཟང་ཕོ་བྲང་དོ་པར་ནང་གཅིག་ལ་སྣང་མ་ཟེར་པས།
 • བཅའ་འདྲི་བ་
  རྒྱལ་དབང་སྐུ་ཕྲེང་བདུན་པའི།
 • བཅའ་འདྲི་བྱ་ཡུལ་
  འོ་དོ་པར་གཅིག་ལ་སྣང་ཟེར་ལགས།
 • བཅའ་འདྲི་བྱ་ཡུལ་
  བསྐལ་བཟང་ཕོ་བྲང་ནང་དོ་པར་གཅིག་ལ་སྣང་ཟེར་༼མཐོང་རྒྱུ་འདུག་ཅེས་པའོ།༽ ལགས།
 • བཅའ་འདྲི་བྱ་ཡུལ་
  ང་ཚོས་ན་ནིང་མིག་ཅིག་དོ་པར་གཅིག་བལྟས་བྱས་བྱས་པར་གཅིག་རྒྱབ་ཡས་བྱུང་ན་
 • བཅའ་འདྲི་བྱ་ཡུལ་
  བསམ་བྱུང་ངས་ཨ་ནི་ཁོ་རའི་ནང་ལ་བཏང་གི་མིན་འདུག་ག དེའོ་ནང་ལ་ཡ།
 • བཅའ་འདྲི་བྱ་ཡུལ་
  ད་ང་ཚོས་དེའི་ནང་ལ་སླེབས་དགོས་ཡས་རྒྱུ་རྐྱེན་དེ་ཅི་རེད་ཟེར་ན།
 • བཅའ་འདྲི་བྱ་ཡུལ་
  ད་དེ་རྗེ་རིན་པོ་ཆེ་གིིས་༼ཡིས།༽དེའི་ནང་ལ་མཛད་ཆེན་བཞིའི་དགོངས་པ་བྱས་
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གཅིིག་སོང་ཙང་གཉིས་ནས་ལོ་རྒྱུས་མཐོ་པོ་དེ་འདྲས་བྱས།
 • བཅའ་འདྲི་བྱ་ཡུལ་
  གསུམ་ནས་ད་གཅིག་འདིའི་ནང་ནས་ཕར་ལྷས་ས་སྨོན་ལམ་ལ་ཕེབས་པའི་སྐབས་ལ་ཡིན་ནའི་རེད།
 • བཅའ་འདྲི་བྱ་ཡུལ་
  ད་ག་ནང་བཞིན་པའི་གཅིག་གི་ད་ཁོ་རའི་གཞོན་འབྲིང་མཐའ་གསུམ་གྱི་རིགས་དེ་
 • བཅའ་འདྲི་བྱ་ཡུལ་
  ཕ་གའི་ཕར་བསྐྱལ་དགོས་རེད་པ་ལགས་ལྷས་ས་ལ་སྔས་མ།
 • བཅའ་འདྲི་བྱ་ཡུལ་
  འོ་འདུག་སེ་སོང་ཙང་འོ་དེའི་ནང་ལ་ཡི་ཆུད་༼ཚུད།༽ཡས་རེད་འདུག་ག་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དེང་སང་དགོན་པ་འདིི་རིག་དངོས་སྲུང་སྐྱོབས་ནང་ལ་ཡ་གཅིག་གི་ཆུད་ཡས་ཀྱི་ང་ཚོས་གཅིག་ཡར།
 • བཅའ་འདྲི་བྱ་ཡུལ་
  ལོ་རྒྱུས་ལྟར་མ་སོང་འོ་དེ་འདྲས་གཅིག་ཞུས་བཞག་ཡོད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཞུས་བྱས་ད་འོ་ཁོང་རྣམས་ཚོས་ད་རེ་བ་ཁོ་རའི་ནང་ལ་ཕར་ཚུར་གཅིག་འགྲོ་དགོས་ན།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གཅིག་གི་ལོ་རྒྱུས་དེ་གསལ་པོ་དགོས་ཡོག་རེད་གསུངས་གིས་ལགས།
 • བཅའ་འདྲི་བྱ་ཡུལ་
  དཔང་རྟགས་བཟོ་འདྲ་དེ་འོ་དེ་འདྲས་གཅིག་དགོས་ཡོག་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  ཁོང་རྣམས་ཚོ་རིག་དངོས་ཅུད་དེ་ཚོས་ཁ་སང་དོ་མར་༼འདིར།༽ཕེབས་ཡས་ཡི་འོ་དེ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གཅིག་ཡིན་ལགས། ལའོ།
 • བཅའ་འདྲི་བ་
  འོ་བྱས་ན་ད་ལྟ་མཇལ་རྒྱུ་ཡོད་པའི་ང་ཚོ་ལྡེབས་རིས་ཐ་རེ་ཐོར་རེ་དེ་གས་དེ་
 • བཅའ་འདྲི་བྱ་ཡུལ་
  ད་ལོ་དྲུག་བརྒྱ་ལྷག་ཙམ་ཕྱིན་པ་རེད་ཞུ་གི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  རེད། རེད།
 • བཅའ་འདྲི་བ་
  རྗེ་རིན་པོ་ཆེའི་སྐུ་དུས་ལ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས་རེད་ལགས། ལོ་དྲུག་བརྒྱ་ལྷག་ཕྱིན་པ་རེད་ལགས། རྗེ་རིན་པོ་ཆེའི་སྐབས་ལ་རེད་པ་ལགས།
 • བཅའ་འདྲི་བ་
  འོ་ད་ལྟ་ད་ཏིག་ཙམ་ལྷག་ཡོད་པ་དེ་སྐུ་ཞོག་༼ཞབས།༽གིས་འདི་ནས་རྣས་སྲས་དུ་བྱས་རེད་པ་ལགས།
 • བཅའ་འདྲི་བ་
  ལགས་རེད་ལགས།
 • བཅའ་འདྲི་བ་
  ད་དེ་ནས་ཡར་བང་སྒྲིག་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ལྟུང་བཤགས་སུམ་ཅུ་སོ་ལྔ་བྱས། ད་ད་ལྟ་ལྷག་བསྡད་པ་དེ།
 • བཅའ་འདྲི་བ་
  ལྡེབས་རིས་དེ་གས་ཆ་ཚང་གཅིག་གསུངས་གནང་དང་།
 • བཅའ་འདྲི་བྱ་ཡུལ་
  ལྷོ་ངོགས་ནས་བྱས་པ་ཡིན་ན་ལྷ་བསྐོས་མཆོག་གསུམ་དེ་བཞུགས་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ལྷ་བསྐོས་མཆོག་གསུམ་ནང་ནས་ད་རྒྱ་པོ་ཆེན་པོ་རྣམ་ཐོས་སྲས་དེ་དང་
 • བཅའ་འདྲི་བྱ་ཡུལ་
  མགོན་པོ་ཕྱག་དྲུག་པ་དེ་འོ་ད་ནུག་སེ་༼འདི་འདྲ།༽ར་ཅིག་བཞུགས་བསྡད་ནིས་མགོན་པོ་ཕྱག་དྲུག་པ་དེ།
 • བཅའ་འདྲི་བྱ་ཡུལ་
  རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ར་དེ་ད་སྐུ་ཆ་ཚང་ར་ཅིག་ཞུགས་བསྡད་ནིས། འོ་དེ་འདྲས་བཞུགས་ནིས་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་ནས་ཡར་ཕྱིན་པ་ཡིན་ན་ལྟུང་བཤགས་སུམ་ཅུ་སོ་ལྔ་དེ་ལ་ཆ་བཞག་པ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  ཡང་རྦད་མ་ཚང་པའི་བཟོ་ར་ཅིག་དེ་འདྲས་ཆགས་བསྡད་ནིས་ལགས། ལྟུང་བཤགས་སུམ་ཅུ་སོ་ལྔ་དེ།
 • བཅའ་འདྲི་བྱ་ཡུལ་
  ད་ཡ་གའི་དེ་བྱང་ངོགས་ནས་མར་ཞལ་སློག་༼ཞལ་གཏད།༽པ་དེ་ཚོ་འཁོར་དག་པ་རྣམ་པ་བརྒྱད་
 • བཅའ་འདྲི་བྱ་ཡུལ་
  ཡོག་རེད་པ་ལགས།འཁོར་དག་པ་རྣམ་པ་བརྒྱད་ཀྱི་ནང་ནས་དཀྱིལ་དེ་
 • བཅའ་འདྲི་བྱ་ཡུལ་
  རྗེ་རིན་པོ་ཆེ་བྱས་རྣམ་པ་བརྒྱད་དེའི་ནང་ནས་འོ་ད་དེ་པད་མའི་གདབ་མ་དེ་ཚོ་
 • བཅའ་འདྲི་བྱ་ཡུལ་
  གང་ག་ལོགས་གོ་༼ཚང༌མ།༽ཏིག་ཙམ། ཏིག་ཙམ།
 • བཅའ་འདྲི་བྱ་ཡུལ་
  དེ་བྱས་བསྡད་ཡོག་རེད་ལའོ།
 • བཅའ་འདྲི་བྱ་ཡུལ་
  པད་མའི་གདབ་དེ་གས་དང་ཡང་འཁོར་དམ་པ་རྣམ་པ་བརྒྱད་དེ་ཚོ་ཁག་གཅིག་ཡང་
 • བཅའ་འདྲི་བྱ་ཡུལ་
  རྦད་མ་ཚང་པའི་བཟོ་ར་གཅིག་ཆགས་བསྡད་ཞག
 • བཅའ་འདྲི་བྱ་ཡུལ་
  ད་དེ་ནས་ཕར་རྗེ་བོ་སྟོན་ཕྲེང་བ་ཡོད་སའི་ད་ག་ནང་ལྟར་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་ཁོ་རང་རྦད་དེ་འབྲུ་ཁང་བཟོས་བྱས་འདུག་སེ་བཟོས་བཞག་ཙང་ས་སྨུག་ལངས་བྱས་
 • བཅའ་འདྲི་བྱ་ཡུལ་
  རྗེ་བོ་སྟོན་ཕྲེང་བ་རང་དང་ཨོ་ཙམ་བཞུགས་བསྡད་ཡོག་རེད་དེ་ཡང་གཞན་པན་༼གཞན་དག༽དེ་ཚོ་ཡང་
 • བཅའ་འདྲི་བྱ་ཡུལ་
  ཏིག་ཙམ་ཏིག་ཙམ་ཡང་ཉམས་རྒུད་དེ་འདྲས་ཕྱིན་བསྡད་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ཕ་གའི་ནང་ལ་ཆ་བཞག་པ་ཡིན་ན།
 • བཅའ་འདྲི་བྱ་ཡུལ་
  ཤར་ངོགས་དེ་ལ་ཆ་བཞག་པ་ཡིན་ན་ཤར་ངོགས་དེ་ལ་ཚུར་ཕྱོགས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  གནས་རྟེན་བཅུ་དྲུག་དེ་གས་ལ་ཆ་བཞག་པ་ཡིན་ན་གནས་རྟེན་བཅུ་དྲུག་ནང་ནས་
 • བཅའ་འདྲི་བྱ་ཡུལ་
  གནས་རྟེན་གསུམ་གྱི་བཟོ་འདྲ་གཅིག་མ་གཏོགས་ཆ་ཚང་སེ་བཞུགས་མི་འདུག་ལགས།
 • བཅའ་འདྲི་བྱ་ཡུལ་
  ཁག་གཅིག་དབུ་ཡོད་པ་ར་གཅིག ཁག་གཅིག་ཡིན་ནའི་པད་མ་དེ་འདྲས་མེད་པའི་བཟོ་ར་དེ་འདྲས།
 • བཅའ་འདྲི་བྱ་ཡུལ་
  ཡང་ཁ་གཅིག་དེ་འདྲས་ཕྱག་དེ་འདྲས་མ་ཚང་པའི་བཟོ་ར་དེ་འདྲས།
 • བཅའ་འདྲི་བྱ་ཡུལ་
  ཡང་ཁག་གཅིག་ཕྱག་མཚན་དེ་འདྲས་མ་ཚང་པའི་བཟོ་ར་དེ་འདྲས།དེ་འདྲས་ཆགས་བསྡད་ནིས་ལགས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་ནུབ་ངོགས་ཀྱི་དེ་སྔས་མ་རྒྱལ་པོ་གུ་པའི་རྒྱལ་ཁང་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེའི་འོག་ད་གར་༼དེ་གར།༽ནུབ་ངོགས་ལ་མར་ཆ་བཞག་པ་ཡིན་ན།
 • བཅའ་འདྲི་བྱ་ཡུལ་
  རྒྱལ་པོ་གུ་པའི་རྒྱལ་ཁང་དེའི་ནང་ལ་ཨ་ནི་སྔས་མ་སྐུ་འབུར་སྐུ་གཅིག་བྱས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔའི་ཉིན་མོ་དཀོན་མཆོག་ཞལ་འཇལ་སེ་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ཁོ་རང་ལོ་ལྟོར་གཅིག་ཕུལ་ཀྱི་ཡང་དེ་འདྲས་ཀྱི་
 • བཅའ་འདྲི་བྱ་ཡུལ་
  ཚེས་པ་བཅུ་གཉིས་ལ་ཡང་དཀོན་མཆོག་ཞལ་འཇལ་སེ་བྱས་ནས་ཡང་ཁོ་རའི་དུས་ཆེན་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བ་
  དྲུག་པའི་བཅོ་ལྔ་ལ་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  དྲུག་པའི་བཅུ་གཉིས་ལ། བཅུ་གཉིས་ནས་བཅོ་ལྔ་བར་ཆད་རེད་ལགས།
 • བཅའ་འདྲི་བ་
  ལགས་སེ།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཁོ་རའི་དུས་ཆེན་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་འོལ་ཁ་རྫོང་ཨུད་ཀྱིས་ཡར་ཕེབས་ནས་འོལ་ཁ་རྫོང་གིས་ཐུམ་དཀྲུག་དེ་འདྲས་བྱས་སྒོ་དེ་ལ།
 • བཅའ་འདྲི་བྱ་ཡུལ་
  འོལ་ཁ་རྫོང་ཕེབས་ན་མ་གཞན་ང་ཚོའི་སྒོ་དེ་ཕྱེ་ཁོ་ར་ཆོག་གི་མ་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་ཁོ་རའི་ལོ་རྒྱུས་དང་ཁྲིམས་ལུགས་ལྟར་མ་སོང་དེ་འདྲས་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཁྲིམས་ར་དེ་འོ་རྫོང་ཡར་ཡོང་དེ་གས་བྱས་ཚར་ན་བཤས་པ་རྨི་རུ་རྩེ་ཟེར་བྱས་ནས་བཤས་པ་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེས་ལུག་གི་ཁོག་རེ་རེ་ཕུལ་དགོས་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  གསོལ་ཚིགས་དེ་ལ།དེའི་ཡོད་ཐག་གཅོད་དེ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ང་ཚོས་དེ་ཐོག་དེ་འཇལ་པའི་སྐབས་ལ་ཨ་ནི་རྦད་རུས་ཁོག་དཀྱིལ་ལ་ཁ་བཟས་དཀྱིལ་ལ་ཕྱིན་པའི་བཟོ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ང་རང་རང་ང་ཚོ་རང་གིས་རེད་ད།དེང་སང་འགྲོ་ཡས་ཡིན་ནའི་རུས་ཁོག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་དངོས་གནས་དྲང་གནས་དེ་འདྲས་རེད་ལགས།རུས་ཁོག་ཡོད་ཐག་གཅོད་དེ་འདྲས་རེད་ལགས།
 • བཅའ་འདྲི་བ་
  ཨ་ནི་དེ་ཤན་པ་༼བཤས་པ།༽དེས་བསྐྱལ་གྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་དེ་བཤས་པ་རྨི་རུ་རྩེ་པ་ཟེར་དེས་ཉིན་མ་བདུན་གཙང་ཞག་པིད་༼ཕུད།༽
 • བཅའ་འདྲི་བྱ་ཡུལ་
  ཉིན་མ་བདུན་ཆུ་རྒྱག་ཡས་ལ་སོགས་པ་ཁོ་ར་དེ་བྱས་ལུག་གཅིག་བྱས་
 • བཅའ་འདྲི་བྱ་ཡུལ་
  ད་དེའི་ལྟོར་མ་སྦྱང་ངན་༼ལྟོར་མ་བཟོ་མཁན།༽དང་དེ་འདྲས་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེ་དུས་བླ་མ་ཁྲི་པ་ཡིན་ནའི་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དེ་རྦད་དེ་གང་དགོན་པ་མི་དང་སྐྱེད་པ་དེ་སྐུ་ཞོག་སྐྱེད་པ་དེ་རྦད་དེ་གཙང་ཞག་
 • བཅའ་འདྲི་བྱ་ཡུལ་
  པིད་ནས་ཤ་ཡི་བཟས་མི་ཆོག་པ།དེ་གས་གང་ག་ཆ་ཚང་ཉིན་མ་བདུན་གཅིག་གཙང་ཞག་པིད་གཞི་ནས་
 • བཅའ་འདྲི་བྱ་ཡུལ་
  དེ་ནི་ཟླ་བ་དྲུག་པའི་ཚེས་པ་བཅུ་གཉིས་ཉིན་སྒང་དེ་སྒོ་པྱེ་༼སྒོ་ཕྱེ།༽དེ་ནི་ཡར་ལྟོར་མ་འབུལ་ཡས་དང་
 • བཅའ་འདྲི་བྱ་ཡུལ་
  གསོལ་སྤྲུམ་འབུལ་ཡས་དང་འོ་དེ་གས་འདུག་སེ་བྱས་འོ་དེ་འདྲས་ཀྱི་ལོ་རྒྱུས་འདུག་ལགས།
 • བཅའ་འདྲི་བ་
  དེ་དབྱར་གནས་ཀྱི་དུས་ཚོད་དང་འབྲེལ་བ་ར་ཅིག་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་དབྱར་གནས་དུས་ཚོད་དང་འབྲེལ་བ་ར་གཅིག་བྱས་པ་ཡིན་ན་
 • བཅའ་འདྲི་བྱ་ཡུལ་
  ད་མགོན་པ་མི་རྟ་བརྒྱད་པོ་དེ་དེའི་ནང་ཁུག་གི་མགོན་པ་དེ་གས་འདིའི་སྒང་དགར་
 • བཅའ་འདྲི་བྱ་ཡུལ་
  མགོན་པ་བྱས་ནས་མགོན་ཁང་ཀ་བརྒྱད་ཡོག་རེད།ཀ་བཞི་གདུང་བརྒྱད་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེའི་ནང་གི་མགོན་པ་དེ་མི་གས་ད་ལོ་རེ་རེར་རེས་མོས་ཁེལ་གྱི་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  རེས་མོས་ཁེལ་རེས་བཞིན་ནས་འོ་འདུག་སེ་བྱས་བྱས། འོ་འདུག་སེ་བྱེད་ཀྱི་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་ད་དེ་སྲུང་མ་ཁོ་རང་གི་རྒུད་པོ་དེའི་ངོས་ནས་གང་མན་ཚད་དེ་འདྲས་ཡོག་རེད་ལགས།
 • བཅའ་འདྲི་བ་
  གཙོ་བོ་དེ་དབུས་མཆོག་ཐུགས་ཀྱི་རྒྱལ་པོ་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  དབུས་མཆོག་ཐུགས་ཀྱི་རྒྱལ་པོ།གཙོ་བོ་དེ་དབུས་མཆོག་ཐུགས་ཀྱི་རྒྱལ་པོ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  སྐུ་སྔན་དེ་དབུས་མཆོག་ཀྱི་རྒྱལ་པོ་དེ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་ཡར་བྱས་ཡིན་ན་སྐུ་ལྔ་རྐྱང་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྐུ་འབུར་སྐུ་ལྔ་རྐྱང་། ད་ཆེན་པོ་ཆེན་པོ་དེ་འདྲས་མེད་པ་འདྲ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་བྱས་བྱས་སྐུ་ལྔ་རྐྱང་དེ་འདྲས་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་གཡས་གཡོན་ལ་བྱམས་པ་གི་འབག་དེ་གས་བྱས་བྱས་རྒྱ་ཆེན་པོ་དེ་འདྲས་ཡོད་གསུངས་བ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  མི་མང་པོ་ཁོང་རྣམས་ཚོད་ད་ཁོང་རྣམས་ཚོ་སྐུ་བགྲེས་པ་ཁོང་རྣམས་ཚོས།
 • བཅའ་འདྲི་བ་
  ད་འཆམ་འཁྲབ་གནང་ཡས་དེ་གཙོ་བོ་ག་རེ་འཁྲབ་གནང་གི་ཡོད་ན།
 • བཅའ་འདྲི་བྱ་ཡུལ་
  ད་འཆམ་འཁྲབ་ཡས་ར་དེ་གཙོ་བོ་ར་དེ་བྱས་པ་ཡིན་ན།ཨ་ནི་ད་འོ་ཞ་ནག་ཟེར་ཡས་འདྲ་པོ།
 • བཅའ་འདྲི་བྱ་ཡུལ་
  ཤྭ་ཟེར་ཡས་འདྲ་པོ་དེ་ནས་ལོ་འཁོར་བཅུ་གཉིས་ཟེར་ཡས་འདྲ་པོ།
 • བཅའ་འདྲི་བྱ་ཡུལ་
  འཆམ་སྣ་ར་བྱས་པ་ཡིན་ན།འཆམ་སྣ་བརྒྱད་ཟ་དགུ་ཟ་གཅིག་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྣ་ཁ་ར་བྱས་པ་ཡིན་ན་འོ་དེ་འདྲས་འཁྲབ་ཀྱི་ཡོག་རེད་ཟ་ལགས། རྒྱག་གི་ཡོག་རེད་ཟ་ལགས།
 • བཅའ་འདྲི་བ་
  ད་དེང་སང་དེ་འདྲས་བསླབས་ངས་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་དེང་སང་ད་དེ་འདྲས་བྱེད་ཡས་ཀྱི་བསླབ་ནས་ཡི་སྔས་མ་ཁོང་རྣམས་ཚོ་བགྲེས་པ་
 • བཅའ་འདྲི་བྱ་ཡུལ་
  ཁོང་རྣམས་ཚོ་ནི་བཤགས་པ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་འདྲས་གཅིག་འཆམ་ལས་བྱེད་ཡས་དེ་སྐུ་ལས་ཁག་པོ་ཞེ་པོ་བྱེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  པུ་གུ་གང་ག་ཆུང་ཆུང་རྐྱང་རྐྱང་བྱས་ད་ཁོ་བསླབ་མཁན་གཅིག་ཡོད་ན་
 • བཅའ་འདྲི་བྱ་ཡུལ་
  སྦྱངས་ཡས་ནི་ཤེས་བདེ་པོ་ར་གཅིག་ཆགས་ཀྱི་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་གཅིག་གི་དགོན་པ་ཁོ་རའི་ནང་ཁུག་ལ་ཆ་བཞག་པ་ཡིན་ནའི་གཅིག་གི་དཔལ་འབྱོར་
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་ཡི་ཡང་ཆུང་ཆུང་དེ་འདྲས་ཡིན་པ།
 • བཅའ་འདྲི་བྱ་ཡུལ་
  ཆུང་ཆུང་དེ་འདྲས་བྱས་ད་དེ་རིང་ཁ་སང་བྱས་པ་ཡིན་ན་ད་དགོན་པས་དགོན་པ་གསོ་ཡས་ཟེར་ཡས་དེ་
 • བཅའ་འདྲི་བྱ་ཡུལ་
  དཀའ་ལས་ཆེན་པོ་དེ་འདྲས་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  གཅིག་གི་སྐུ་ངལ་ཆེན་པོ་དེ་འདྲས་སོང་ཙང་ད་སྔན་མ་ཡིན་ན་ནི་དེའི་སྒང་གི་ཐོག་ཁ་དེ་གས་གཅིག་གི་ཡི་ཡོག་མ་རེད།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་འདི་རབ་གསལ་འདི་གཟིམ་ཆུང་ཆེ་ཟེར་ག་བྱས་བྱས་དེ་ནི་རྫིང་ཕྱི་སྨོན་ལམ་ཚོགས་དུས་འོ་
 • བཅའ་འདྲི་བྱ་ཡུལ་
  དེ་ནས་མར་ལ་གཟིགས་མོ་གཟིགས་ས་དེ་འདྲས་གཅིག་བྱས་འདིའི་རྒྱབ་ཀྱི་གཟིམ་ཆུང་གཅིག་ཡོག་རེད་དེ་
 • བཅའ་འདྲི་བྱ་ཡུལ་
  རྒྱལ་སྲས་རིན་པོ་ཆེ་གི་གཟིམ་ཆུང་བྱས་བྱས་ཡང་དེ་ནས་མར་གཟིགས་མོ་གཟིགས་ས་བྱས་བྱས་འོ་དེ་འདྲས་ཅིག་ཡོད།
 • བཅའ་འདྲི་བ་
  འོན་གྱི་རྒྱལ་སྲས་ཟེར་གྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས། འོན་གྱི་རྒྱལ་སྲས། སྔས་མ།
 • བཅའ་འདྲི་བྱ་ཡུལ་
  ད་ན་ནིང་གཞིས་ནིང་ལོ་ཙམ་ཞིག་ལ་བཤགས་པ་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཡོད་ཡས་རགས་པོ་བྱས་པ་ཡིན་ན་ཕོ་པར་ཆབ་སྲིད་གྲོས་ཚོགས་ནང་ལ་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་ངས་མཇལ་མྱོང་ལགས།མཇལ་མྱོང་།
 • བཅའ་འདྲི་བྱ་ཡུལ་
  ཁོ་རང་འཁྲུངས་ཡུལ་ར་དེ་བྱས་པ་ཡིན་ན་ཨམ་མདོ་དོ་པར་ཡིན་པ་འདྲ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྔས་མ་ང་ཚོའི་འོ་སྐུ་ཞོག་རྒན་པ་དེས་འཁྲིད་མྱོང་།
 • བཅའ་འདྲི་བྱ་ཡུལ་
  ཁོང་རྣམས་ཚོ་ད་སྔས་མ་དམངས་གཙོའི་བཅོས་བསྒྱུར་གོང་དོ་པར་ཁོ་རང་སྐུ་གཟུགས་ཆུང་ཆུང་དེ་འདྲས་བྱས།
 • བཅའ་འདྲི་བྱ་ཡུལ་
  ཆུང་ཆུང་དེ་འདྲས་བྱས་བྱས་ནོ་མར་དགོན་པར་ཕེབས་ཀྱོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཕེབས་བྱས་བྱས་གོ་རོ་ཞུགས་ཀྱོག་རེད་ཟ་ལགས།
 • བཅའ་འདྲི་བ་
  ཨ་ནི་འདིའོ་དགོན་པ་འདིའི་ལོ་གཅོག་ནང་ལོགས་ལ་ཡ་གོས་སྐུ་འགྲིམས་ཡས་དེ་གྲས་ཡོག་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་ལོ་གཅིག་ནང་ཁུག་ལ་སྔས་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན་རྫིང་ཕྱི་སྨོན་ལམ་ཟེར་ཡས་དེ་
 • བཅའ་འདྲི་བྱ་ཡུལ་
  ད་དགོན་པ་ཁོ་རའི་འོ་ཞོལ་པའི་གོས་སྐུ་བྱས་གོས་སྐུ་གཉིས་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  གོས་སྐུ་ཆེན་པོ་དེ་འདྲས་གཅིག་གཉིས་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྟོན་པའི་གོས་སྐུ་གཅིག་དང་རྒྱལ་བ་བྱམས་པའི་གོས་སྐུ་གཅིག་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  གོས་སྐུ་གཉིས་ཡོག་རེད་ཟ་ལགས་སྔས་མ།
 • བཅའ་འདྲི་བ་
  ད་དེ་དུས་ཚོད་ཉིན་མ་གཅིག་གི་ནང་ལ་བཀྲམ་གྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་དེ་འདྲ་ལགས།ཟླ་བ་དང་པོའི་ཚེས་པ་བཅོ་ལྔའི་ཉིན་པར་དེ་རྒྱལ་བ་བྱམས་པ་བྱས།
 • བཅའ་འདྲི་བ་
  མ་འོངས་པའི།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས།འོ་ཚེས་པ་བཅོ་ལྔ་ལ།
 • བཅའ་འདྲི་བྱ་ཡུལ་
  ཕལ་ཆེར་གོས་སྐུ་གཉིས་ཀ་ལོ་གཅིག་ལ་གོས་སྐུ་གཅིག་བཀྲམ་ན་ལོ་གཅིག་ལ་གཅིག་བཀྲམ་གྱི་ཡོད་པ་འདྲ་ལགས།
 • བཅའ་འདྲི་བྱ་ཡུལ་
  ལོ་གཅིག་ལ་སྟོན་པ་དེ་བཀྲམ་པ་ཡིན་ན་ལོ་གཅིག་ལ་རྒྱལ་བ་བྱམས་པ་དེ་བཀྲམ་དགོས་ཀྱི་ཡོད་པ་འདྲ་ལགས།
 • བཅའ་འདྲི་བ་
  འོ་ཚེས་གཅིག་པ་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་ཚེས་གཅིག་པ་བྱས། འོ་འདུག་སེ་ཡིན་པ་འདྲ་ལགས།ད་ཁོ་ར་དེ་ལ་ཡག་སྡུག་ར་གཅིག་ཡོག་ཟ། འཆམ་ཡིན་ནའི་འདྲ།
 • བཅའ་འདྲི་བྱ་ཡུལ་
  འཆམ་ཆས་ཡིན་ནའི་འདྲ།ད་དེ་ཁོ་རའི་དེ་གས་ཡག་སྡུག་ར་གཅིག་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ལོ་འཆམ་ཡག་གི་རེད།
 • བཅའ་འདྲི་བྱ་ཡུལ་
  འཆམ།གོས་ཟས་ཟེར་དགོས་རེད་པ་ལགས་ད་དེ་རིང་ཁ་སང་ཡིན་ན་འོ་དེ་འཆམ་ཆས་ད་ལོ་ཡག་རེས་རེད།
 • བཅའ་འདྲི་བྱ་ཡུལ་
  འཆམ་ཆས་ད་ལོ་སྡུག་རེས་རེད།འོ་དེ་འདྲས་ལོ་རྒྱུས་ཡོག་རེད་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  ཁོ་རའི་ལོ་རྒྱུས་ར་གཅིག་བྱས་པ་ཡིན་ན་ཡག་རེས་སྡུག་རེས་ར་གཅིག་ཡོག་རེད་ཟ་ལགས།
 • བཅའ་འདྲི་བ་
  བྱས་ན་དེ་རྫིང་ཕྱི་སྨོན་ལམ་དེ་གྲུབ་པའི་རྗེས་ལ་རེས་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས་རེད་ལགས།
 • བཅའ་འདྲི་བ་
  ཚེས་བཅུ་དྲུག་ལ་དམིགས་གསལ་གྱི་བྱེད་སྒོ་ར་དེ་འདྲས་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ཚེས་བཅུ་དྲུག་ལ་དམིགས་གསལ་གྱི་དགོན་པ་རང་གི་བྱས་བྱས་མེད་པ་འདྲ་དེ་
 • བཅའ་འདྲི་བྱ་ཡུལ་
  མང་ཚོགས་ཀྱིས་ཡང་དོ་པར་མགར་དང་གཞས་ཞབས་བྲོ་དེ་འདྲས་ཚེས་པ་བཅུ་དྲུག་ཉིན་སྒང་
 • བཅའ་འདྲི་བྱ་ཡུལ་
  དེ་ད་ཁོ་རའི་སྐྱིད་ཞག་བཟོ་ར་དེ་བྱས་བྱས་བྱས་རྦད་དེ་སྡོད་ཀྱི་ཡོག་ཟ་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གཅིག་འདུག་ལགས། ལའོ། ལགས།
 • བཅའ་འདྲི་བ་
  ཨ་ནི་སྐུ་ཞོགས་ད་ད་ལྟ་འདིའི་ཐག་ཉེ་པོ་ཡིན་པའི་འོ་སྡེ་གུང་རྒྱལ་ཡོག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས་རེད་ལགས།
 • བཅའ་འདྲི་བ་
  འོ་སྡེ་གུང་རྒྱལ་སྐོར་དེ་ཏིག་ཙམ་གསུངས་ཡས་ཨ་ཡོད།
 • བཅའ་འདྲི་བྱ་ཡུལ་
  ད་ལྷ་ཆེན་འོ་སྡེ་གུང་རྒྱལ་སེ་བྱས་ཅི་ཟེར་དགོས་རེད་ད་དེ་དགུང་རྒྱལ་རང་གི་དེ་ཁོ་རའི་དེ་
 • བཅའ་འདྲི་བྱ་ཡུལ་
  མགོ་ནས་ཞུག་ཕན་ཆད་སེ་དེ་ངས་གཏན་གཏན་ཤོད་ཡས་མེད་ལགས།
 • བཅའ་འདྲི་བ་
  ལགས་སེ།
 • བཅའ་འདྲི་བྱ་ཡུལ་
  མེད་ལགས།ད་དེ་ཁོ་རའི་ཡོད་ཡས་རགས་པོ་བྱས་པ་ཡིན་ན་བསྟོད་བཤད་ཟེར་ཡས་རགས་པོ་དེ་
 • བཅའ་འདྲི་བྱ་ཡུལ་
  ཁོ་རའིི་ཡོད་པ་འདྲ་ལགས།ང་ཚོའི་ཡ་རུ་ཆོས་ལུང་གི་ཁོང་རྣམས་ཚོའི་གཅིག་གསུངས་རྒྱུ་འདུག་ལགས།
 • བཅའ་འདྲི་བ་
  ནམ་རྒྱུན་དགོན་པའི་ནང་ལོགས་ལ་དེ་འོ་སྡེ་དགུང་རྒྱལ་
 • བཅའ་འདྲི་བ་
  ལ་གསོལ་མཆོད་འབུལ་ཡས་བཟོ་ར་དེ་འདྲས་ཡོག་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ཡོག་རེད་ལགས།དེ་ང་ཚོས་བཏང་གི་ཡོག་རེད་ལགས།
 • བཅའ་འདྲི་བ་
  བཏང་གི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  བཏང་གི་ཡོག་རེད་ལགས།
 • བཅའ་འདྲི་བ་
  ཨ་ནི་དེ་དཔེ་ཆ་ཡོག་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ཡོག་རེད་ལགས། དཔེ་ཆ་ཁོ་ར་ཡོག་རེད་ལགས་དེ། ཆ་ཚང་ང་ཚོ་ལ་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་སྐད་དེ་དཔེ་ཆ་དེ་ཕ་གའི་གཅིག་ཡོག་རེད་འདི་རུ་གཅིག་འཁྱེར་ཤོག་དང་།
 • བཅའ་འདྲི་བ་
  ཨ་ནི་དེ་འོ་སྡེ་གུང་རྒྱལ་བྱས་དོ་སྡེ་དགུང་རྒྱལ་འཁོར་གྱི་ལྷ་དང་གཅིག་སྲས་སྲས་མོ་དེ་ཚོའི་
 • བཅའ་འདྲི་བ་
  སྐོར་གསལ་གྱི་འདུག་གས་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དཔེ་ཆའི་ནང་ལོགས་ལ།
 • བཅའ་འདྲི་བ་
  འོ།
 • བཅའ་འདྲི་བྱ་ཡུལ་
  ད་ཨིན་ཡས་བྱས་ན་སངས་རྒྱས་འོད་སྲུང་གི་དུས་ནས་སྣང་ངོ་ལགས།
 • བཅའ་འདྲི་བྱ་ཡུལ་
  དངོས་བསྟུན་སྟོན་པའི་སངས་རྒྱས་འོད་ཟེར་ཤཱཀྱའི་རྒྱལ་པོས།
 • བཅའ་འདྲི་བ་
  འདས་པའི་སངས་རྒྱས་འོད་སྲུང་སྐབས་དེའི།
 • བཅའ་འདྲི་བྱ་ཡུལ་
  འོ། འོ། སངས་རྒྱས་འོད་སྲུང་། འདས་པའི་སངས་རྒྱས་འོད་སྲུང་ནས་འདུག་ལགས་དེ་།
 • བཅའ་འདྲི་བ་
  ཁྱེད་རྣམས་ཚོའི་ད་ལྟའི་ཕྱག་དཔེ་དེའི་ནང་ལོགས་ཡ་འོ་སྡེ་གུང་རྒྱ་དང་སྤུ་སྡེ་གུང་རྒྱལ་དང་ཟེར་ཡས་
 • བཅའ་འདྲི་བྱ་ཡུལ་
  དེ་ཚོ་འབྲེལ་བ་གས་གསུངས་ཡོད་ཀྱི་མ་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་གས་མིན་འདུག་ལགས།འོ་སྡེ་གུང་རྒྱལ་རང་གི་བསྟོད་པའི་བཟོ་ར་གཅིག་འདུག་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་ཁོ་རའི་བཤད་བརྗོད་ར་དེ་དང་སྟོང་བརྗོད་ར་དེ་ལ། སྤྱན་འགྲེལ་སྤྱན་འགྲེལ་བྱས།
 • བཅའ་འདྲི་བྱ་ཡུལ་
  བཤགས་པ་བཤགས་པ་བྱས་འདུག་ལགས་ཁོ་རང་ལ།བསྟོད་པ་བསྟོད་པ་བྱས།
 • བཅའ་འདྲི་བ་
  ཨ་ནི་དགོན་པའི་ལྡེབས་རིས་ལྷག་བསྡད་པ་དེ་ཚོའི་ནང་ལ་ཡ་འོ་སྡེ་གུང་རྒྱལ་གྱི་གཟུགས་དེ་འདྲས་གསལ་ཡོད་ཀྱི་མ་རེད།
 • བཅའ་འདྲི་བྱ་ཡུལ་
  དེ་མིན་འདུག་ལགས། དེ་སྔས་མ་ནས་དགུང་རྒྱལ་གྱི་ལྡེབས་རིས་ཡོག་རེད་སེ་
 • བཅའ་འདྲི་བྱ་ཡུལ་
  རྒན་ཁོང་རྣམས་ཚོས་གའི་གསུངས་ཡས་ཁོ་ར་མིན་འདུག་ལ།
 • བཅའ་འདྲི་བྱ་ཡུལ་
  ད་དགུང་རྒྱལ་གྱི་དེ་ཁོ་ར་གཞི་བདག་བཟོ་ར་བྱས་བྱས་རྐང་གསོལ་ནང་ལ་
 • བཅའ་འདྲི་བྱ་ཡུལ་
  ཁོ་རང་གཞིས་བདག་གི་དེ་ཁོ་རང་སྔས་མ་ཡི་གཏོང་ཕྱོགས་ད་ག་རེད་ཟ།
 • བཅའ་འདྲི་བྱ་ཡུལ་
  དེ་རིང་ཁ་སང་ཡི་ད་ག་རང་བཏང་གི་ཡོག་རེད་ལགས།
 • བཅའ་འདྲི་བ་
  གཙོ་བོ་དེ་ས་མཐོ་པོ་ར་གཅིག་ལ་ཙིས་ཀྱི་ཡོག་ན་མ་མཐོ་ལ་བརྩིས་ཀྱི་ཡོད་ན།
 • བཅའ་འདྲི་བྱ་ཡུལ་
  འོ་སྡེ་དགུང་རྒྱལ་དེ་ལགས།
 • བཅའ་འདྲི་བ་
  ལའོ།
 • བཅའ་འདྲི་བྱ་ཡུལ་
  ས་རང་ད་མཐོ་པོ་མིན་པ་འདྲ་ལགས།
 • བཅའ་འདྲི་བ་
  འཇིག་བརྟེན་པ་ཆགས་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས། འཇིག་རྟེན་པའི་བཟོ་འདྲ་གཅིག་འདྲ་ལགས། འོ་དེ།
 • བཅའ་འདྲི་བྱ་ཡུལ་
  ད་ཁོ་རའི་གཞི་བདག་ར་དེ་ནི་ཤ་རྫ་ར་བཀྲ་ཤིས་ཚེ་རིང་ཟེར་ཡས་དེ་འདྲས་ནོར་བུ་བཀྲ་ཤིས་ཟེར་ཡས་འདྲ་པོ།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་དོ་པར་ཤ་ཚ་ཡོག་རེད་ལགས།འོ་སྡེ་དགུང་རྒྱལ་གྱི་སྲས།
 • བཅའ་འདྲི་བྱ་ཡུལ་
  སྲས་མོ་དང་སྲས་དང་དེ་འདྲས་ཡོག་ཐག་གཅོད་དེ་འབྲས་ཡོག་རེད་དེ་
 • བཅའ་འདྲི་བྱ་ཡུལ་
  ད་དེ་ང་ལ་ཆ་ཚང་ཡག་པོ་བཤོད་རྒྱུ་མེད་ལགས་ཡང་།
 • བཅའ་འདྲི་བ་
  ལགས་སེ།དེ་སངས་མཆོད་འབུལ་ཡས་དུས་ཚོད་དེ་གཅིག་གི་ཉིན་རེའི་འཆར་རྗེན་ནང་ལ་འཕུལ་དགོས་རེད་པས།
 • བཅའ་འདྲི་བྱ་ཡུལ་
  དམིགས་གསལ་གྱི་དུས་ཚོད་གཅིག་ཡོག་རེད་པས་ལོ་གཅིག་ནང་ལ།
 • བཅའ་འདྲི་བྱ་ཡུལ་
  འོ་ཡོག་མ་རེད་ང་ཚོའི་དེ།
 • བཅའ་འདྲི་བྱ་ཡུལ་
  ང་ཚོའི་འདི་ད་རྐང་གསོ་གཏོང་མཁན་དེ་ཉིན་མ་གཅིག་ལ་ཐེངས་རེད་གསོལ་དགོས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཉིན་མ་གཅིག་ལ་ཐེངས་རེད་གསོལ་དགོས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་བཀའ་ཆག་དེ་རིང་བཏང་སང་ཉིན་མ་བཏང་ཡང་དེ་རིང་མ་བཏང་སང་ཉིན་བཏང་དེ་
 • བཅའ་འདྲི་བྱ་ཡུལ་
  བྱེད་ཡས་ཁྱོན་ཡོག་མ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་རེད་ད་ཞོགས་པ་དཔེ་ཆ་ར་བཞག་དེ་བྱེད་དགོས་རེད་ལགས། བཏང་དགོས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་སྡེ་དགུང་རྒྱལ་གྱི་གསོལ་ཁ་དེ་ད་ག་བཏང་དགོས་རེད་ལགས། ང་ཚོའི་དེ་བཏང་དགོས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ང་ཚོའི་དེ་ཁོ་རའི་སྲུང་མ་དེ་རྒྱལ་པོ་བྱས་གཞི་བདག་དེ་འོ་སྡེ་གུང་རྒྱལ་རྩིས་ཀྱི་རེད་ལགས།
 • བཅའ་འདྲི་བ་
  ལགས་སོ། ཤེ་ནི་གཞི་བདག་ལ་བྱས་ན་ལོ་རྒྱུས་ནས་བྱས་ན་ལྷ་རི་མང་པོ་གཅིག་ལས་ལོ་རྒྱུས་རིང་ང་འདུག་ག
 • བཅའ་འདྲི་བྱ་ཡུལ་
  ལགས་སོ།
 • བཅའ་འདྲི་བ་
  མང་པོ་གཅིག་དེའི་སྲས་ཆགས་འགྲོ་གི་འདུག་ག
 • བཅའ་འདྲི་བྱ་ཡུལ་
  ཏག་ཏག་ལགས།ད་དེ་ས་བཅུ་ཐོབ་པའི་བཟོ་འདྲ་གཅིག་གི་མིན་འདུག་ལགས།
 • བཅའ་འདྲི་བ་
  ས་བཅུ་ཐོབ་པ་ཟེར་ན་ཨ་ནི་འཇིག་རྟེན་ལས་འདས་པ་རེད་པོ།
 • བཅའ་འདྲི་བྱ་ཡུལ་
  རེད་ལགས། འོ་ལགས།ས་བཅུ་ཐོབ་མེད་པའི་བཟོ་འདྲ་གཅིག་འདུག་ལགས།
 • བཅའ་འདྲི་བ་
  ས་བཅུ་ཐོབ་མེད་པའི་བཟོ་འདྲ་གཅིག་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་དེ་ང་ཚོའི་དེ་རྐང་གསོ་ཁོ་ར་གཏོང་སྟངས་ནང་ནས་བཤད་པ་ཡིན་ན་དེ་སྔོན་ལ་རྒྱལ་པོ་གུ་དཀར།
 • བཅའ་འདྲི་བྱ་ཡུལ་
  དཔེ་ཆ་བཞག་པ་ཡིན་ན།ལྷ་མགོན་ཆོས་གསུམ་བཏང་ཀྱི་རེད་པ་ལགས། ལྷ་མགོན་ཆོས་གསུམ་བཏང་།
 • བཅའ་འདྲི་བྱ་ཡུལ་
  དེའི་རྐུབ་ལ་༼རྗེས་ལ།༽རྒྱལ་གསོའི་སྐུ་ངལ་དེ་བཏང་ཀྱི་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  དེའི་ཞུག་གུ་ལ་དེ་ནི་འོ་སྡེ་གུང་རྒྱལ་གྱི་དེ་བཏང་ཡོང་ནོ་ཀ་ལགས།
 • བཅའ་འདྲི་བ་
  སྐུ་ངལ་རྗེས་ལ་ཡ།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས།སྐུ་ངལ་རྗེས་ལ་ཡ་བཏང་ཡོང་ཀྱི་རེད་པ་ལགས།
 • བཅའ་འདྲི་བྱ་ཡུལ་
  སྐུ་ངལ་སྔོན་ལ་ཁོ་གསུངས་བ་མ་སྣང་གོ་ལགས། ལགས་འོ།
 • བཅའ་འདྲི་བ་
  ཨ་ནི་འོ་སྡེ་གུང་རྒྱལ་བྱས་འཁྲིས་ལ་ཡོད་པའི་ལྷ་རི་གཞན་དག་སངས་མཆོད་བཏང་གི་མ་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས།དེ་བཏང་གི་མ་རེད་ལགས།དེ་བཏང་གི་མ་རེད།
 • བཅའ་འདྲི་བ་
  ཨ་ནི་གལ་ཆེན་པོ་གཅིག་ཆགས་བསྡད་ཡོག་རེད་རེད་པ་ལགས།
 • བཅའ་འདྲི་བ་
  ལགས་འོ་ལགས།ད་དེ་ཡང་ང་ཚོའི་རྒྱལ་པོ་སྐུ་དབང་དེ་བཏང་ཚར་ནས་ཡང་འོ་སྡེ་གུང་རྒྱལ་གྱི་དེ་མ་བཏང་ན་ནི།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་གོས་ལ་གོང་བ་མེད་པ་དང་ཁྱད་མེད་གསུངས་བ་རེད་ལགས།
 • བཅའ་འདྲི་བ་
  འོ་ལགས་སེ་ལགས་སེ།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས།འོ་དེ་ད་འོལ་ཁ་རྒྱུད་ཀྱི་གཞི་བདག་ལྟེ་བ་ར་དེ་ནི་འོ་དེ་རང་ལ་རྩིས་ཀྱི་ཡོག་རེད་ལགས།
 • བཅའ་འདྲི་བ་
  ལགས་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་སྡེ་གུང་རྒྱལ་དེ་ལ་རྩིས་ཀྱི་ཡོག་རེད་ལགས། ལགས་སེ།
 • བཅའ་འདྲི་བ་
  ཨ་ནི་སྐུ་ཞོག་མཚན་ལ་ག་རེ་ཞུ་གི་ཡོད་དྲོ།
 • བཅའ་འདྲི་བྱ་ཡུལ་
  ངའི་མིང་ལ་ནོར་བུ་ཆོས་འཕེལ་ཟེར་གྱི་ཡོད་ལགས།
 • བཅའ་འདྲི་བ་
  ནོར་བུ་ཆོས་འཕེལ་ཞུ་གི་ཡོད་པ་རེད།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས།
 • བཅའ་འདྲི་བ་
  དགུང་ལོ་ཆུང་དུས་ནས་ད་གར་ཞུགས་ཀྱི་ཡོག་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་ང་ལོ་བཅོ་བརྒྱད།ལོ་བཅུ་དགུ་ལ་འོལ་ཁ་ཆུ་ཀླུང་ལ་དགེ་ཕྲུག་བྱས་བྱས་བསྡད་པ་ཡིན་ལགས།
 • བཅའ་འདྲི་བ་
  འོ་ལགས་སེ།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས།རྒན་ལགས་བཤགས་ངན་དེ་ད་སྔས་མ་ང་ཚོའི་ཕ་གའི་ཡ་དགེ་སློང་རང་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  སྤྱི་ཚོགས་རྙིང་པའི་དགེ་སློང་རང་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་དགེ་རྒན་ཆོས་རྣམ་རྒྱལ་ཟེར་ངན་༼ཟེར་མཁན།༽གཅིག་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  ཁོ་རང་ད་བཞེངས་ལ་འཐད་པ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེའི་རྩ་ལ་དཔེ་ཆ་སྦྱངས་བྱས་ལོ་གསུམ་བཞི་གཅིག་བསྡད་པ་ཡིན་ལགས།
 • བཅའ་འདྲི་བྱ་ཡུལ་
  བརྒྱད་བཅུ། བརྒྱད་བཅུ་གྱ་བཞི། བརྒྱད་བཅུ་གྱ་གསུམ་ལོ་ལ་ཕ་གའི་བྱས།
 • བཅའ་འདྲི་བྱ་ཡུལ་
  བརྒྱད་བཅུ་གྱ་བཞི། གྱ་གསུམ།གྱ་གཉིས།བརྒྱད་ལྔ། བརྒྱད་བཅུ་གྱ་དྲུག་ལོ་ལ་ང་ཡོང་ཀྱོག་འདྲ་ལགས།
 • བཅའ་འདྲི་བ་
  འདིའི་ཕེབས་པ་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས།
 • བཅའ་འདྲི་བ་
  འདིའི་ཕ་ནས་ཆེད་མངགས་བཏང་གནང་པ་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་འདིའི་ག་འདྲས་སེ་ཕེབས་གནང་པ་རེད་པས།
 • བཅའ་འདྲི་བྱ་ཡུལ་
  འདིའི་དེ་བྱས་ཀྱོག་རེད་ལགས།དགོན་པ་ད་ཉམས་གསོ་བྱས་ཁོང་རྣམས་ཚོས་སྦྱིན་བདག་
 • བཅའ་འདྲི་བྱ་ཡུལ་
  ཨོ་ཙམ་དེ་འདྲས་ཁོང་རྣམས་ཚོ་མི་བཞིའི་བཟོ་འདྲ་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་བྱས་བྱས་དགོན་པ་ཡར་བཞངས་བྱས་བྱས་དེ་ནི་ནོ་པར་གྲྭ་པ་ཁྱོན་མེད་པ་བྱས་བྱས།
 • བཅའ་འདྲི་བྱ་ཡུལ་
  དེ་ནི་རྒན་ལགས་བཤགས་ངས་དེ་ལ་ཕར་འོ་འདུག་སེ་གཅིག
 • བཅའ་འདྲི་བྱ་ཡུལ་
  ད་དཔེ་ཆ་བློ་ལ་ཟིན་ཡས་གཅིག་གས་ཡོག་མ་རེད་དེ་གཅིག་
 • བཅའ་འདྲི་བྱ་ཡུལ་
  དཀོན་གཉེར་བཟོ་འདྲ་གཅིག་ལ་ཡར་བཏང་རོགས་བྱེད་ཟེར་ཞུས་བྱས་དེ་ནི་འོ་དེ་
 • བཅའ་འདྲི་བྱ་ཡུལ་
  འདྲས་ཡོང་ཀྱོག་དེ་འདྲས་རེད་ཡར།
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་ཡོང་བྱས་བྱས་དེ་ནི་དོ་པར་སླེབས་ནས་འོ་དེ་པུ་གུ་ནི་ཚོ་གཅིག་རོགས་པའི་བཟོ་ར་པོ་གཅིག་རྒྱུགས་བྱས་བྱས།
 • བཅའ་འདྲི་བྱ་ཡུལ་
  གང་ལ་གང་འདོད་ཀྱི་ཤེས་པའི་བཟོ་ར་གཅིག་རགས་བསྡུས་གཅིག
 • བཅའ་འདྲི་བྱ་ཡུལ་
  ད་ད་ལྟ་ཡོད་པ་དེ་ལ་གྲྭ་པ་བཅུ་བཞིའི་བཟོ་འདྲ་གཅིག་ཡོད་ལགས། ལགས་འོ།
 • བཅའ་འདྲི་བ་
  ཨ་ནི་ད་ལྟ་འདུག་སེ་བརྒྱད་ཅུ་གྱ་དྲུག་ནས་ད་ལྟ་བར་དུ་ཉམས་གསོ་ཁོ་རའི་ནང་ལོགས་ལ།
 • བཅའ་འདྲི་བ་
  ད་རྦད་དེ་ཨར་པོ་ཁོ་ར་བཏང་བྱས་བསྡད་པ་ཡིན་ལགས།
 • བཅའ་འདྲི་བྱ་ཡུལ་
  གཅིག་གི་དཔེ་ཆ་བྱས་རིག་གནས་དེ་འདྲས་ཐོག་ལ་ཁོན་ཁོ་ར་ཧུར་བརྩོན་ཁོ་ར་བྱེད་རྒྱུ་ཁོ་ར་རགས་མ་བྱུང་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ལོ་སུམ་བཅུ་སོ་དགུ་ཡིན་ལགས།
 • བཅའ་འདྲི་བ་
  སུམ་བཅུ་སོ་དགུ བོད་ལོ་སུམ་བཅུ་སོ་དགུ་རེད་པས།
 • བཅའ་འདྲི་བྱ་ཡུལ་
  བོད་ལོ་སུམ་བཅུ་སོ་དགུ་རེད་ལགས།
 • བཅའ་འདྲི་བ་
  ལོ་རྟགས་ལུག་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས།
 • བཅའ་འདྲི་བ་
  ལོ་རྟགས་ལུག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ལོ་རྟགས་ལུག་རེད་
 • བཅའ་འདྲི་བྱ་ཡུལ་
  ད་ད་ལྟ་དོ་པར་ཡོད་པའི་པུ་གུ་འབྲིང་ར་ནི་གས་ལ་རྡ་དེ་སྤྱིར་བཏང་བྱས་ན་
 • བཅའ་འདྲི་བྱ་ཡུལ་
  དཔེ་ཆ་དེ་ནི་ཞེ་པོ་ཞེ་པོ་བྱུང་མ་སོང་ལགས། ང་རང་དཔེ་ཆ་ཞེ་དྲག་མེད་པ།
 • བཅའ་འདྲི་བྱ་ཡུལ་
  པུ་གུ་དཔེ་ཆ་ཞེད་པོ་ཡོང་ཡས་ཁག་གོ་རེད་པ་ལགས།དེ་ནི་གཅིག་ནས།
 • བཅའ་འདྲི་བྱ་ཡུལ་
  གཉིས་ནས་ཨར་པོ་ལ་འགོ་འཁོར་གཅིག་གི་ད་ད་ལྟ་མིས་ངས་ཁོ་ཚོ་དེ་འདྲས་ཟེར་ཡི་ཡོད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ཁྱེད་ཚོ་མི་ཚེ་འདི་ལ་རིག་གནས་སེ་མེད་ནའི་གའི་བྱེ་ད་ཀྱི་མ་རེད་སེ།
 • བཅའ་འདྲི་བྱ་ཡུལ་
  དགོན་པ་དེ་ལ་མ་འོངས་པར་ཕན་ཐོགས་བྱས་ན་ཡག་པོ་གཅིག་བཞངས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  མ་འོངས་པ་ལ་དཀའ་ལས་རྒྱག་མི་དགོས་པའི་བསམ་བློ་ཐོངས་སེ།ངས་འོ་དེ་འདྲས་ལབ་ཀྱི་ཡོད་ལགས།
 • བཅའ་འདྲི་བྱ་ཡུལ་
  ང་རའི་བསམ་བློ་དེ་འདྲས་འཁོར་ནོ་ལགས།རྒན་ལགས་བཤགས་ངས་དེ་ཡིས་དེ་འདྲས་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  ད་གཅིག་དཔེ་ཆ་སེ་ཞེ་པོ་མེད་ནའི་མ་འོངས་པ་ལ་ཕན་ཐོགས་པའི་བསམ་བློ་གཅིག་བཏང་ན་
 • བཅའ་འདྲི་བྱ་ཡུལ་
  ཕལ་ཆེར་དེས་མི་འགྲིག་པ་ཡོག་མ་རེད་གསུངས་བ་རེད།
 • བཅའ་འདྲི་བྱ་ཡུལ་
  ཤེ་ནི་དང་ཐོག་མ་ར་གཅིག་བྱས་པ་ཡིན་ན་དཔེ་ཆ་ར་གཅིག་སྦྱངས་བྱས་སློབ་སྦྱོང་ར་གཅིག་ལ་འགྲོ་དགོས་མེད་དྲོ།
 • བཅའ་འདྲི་བྱ་ཡུལ་
  ད་དེང་སང་དཔེ་ཆ་སྦྱངས་ནའི་དཔེ་ཆ་ཟིན་ཐུབ་མིས་ནོ་ལགས།ཁོ་ར།
 • བཅའ་འདྲི་བ་
  གཏན་གཏན་ཁོམ་པ་ཡོད་ཀྱི་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས།
 • བཅའ་འདྲི་བ་
  ཨ་ནི་ཡབ་ཡུམ་གཉིས་སྔས་མ་གཅིག་ཆོས་དང་འབྲེལ་བ་ཡོད་པ་དེ་འདྲས་རེད་པས།ག་འདྲས་ཡིན་ན།
 • བཅའ་འདྲི་བྱ་ཡུལ་
  ངའི་པ་ཕ་བཤགས་ངན་དེ་སྔས་མ།
 • བཅའ་འདྲི་བ་
  ཡབ་ཀྱི་མཚན་ལ་ག་རེ་ཞུ་གི་ཡོག་རེད།
 • བཅའ་འདྲི་བྱ་ཡུལ་
  དྭགས་པོ་གྲྭ་ཚང་གི་གྲྭ་པ་རེད་ལགས།
 • བཅའ་འདྲི་བ་
  ལགས་སེ།
 • བཅའ་འདྲི་བྱ་ཡུལ་
  ད་ནང་ལ་སྔས་མ་ཆ་བཞག་པ་ཡིན་ནའོ་ང་རའི་ནང་རང་ལ་ཆ་བཞག་ཡིན་ནའི་
 • བཅའ་འདྲི་བྱ་ཡུལ་
  བླ་མ་དགེ་བཤེས་འབལ་༼འབེལ།༽པོ་དེ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  རྦད་དྭགས་པོ་གྲྭ་ཚང་ལ་ཆ་བཞག་པ་ཡིན་ན་རྦད་བླ་མ་གཅིག་དེ་འདྲས་ཡོག་རེད་ལགས། སྔན་ནས།
 • བཅའ་འདྲི་བ་
  པ་ལགས་མཚན་ལ་ག་རེ་ཞུ་གི་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  པ་ལགས་མཚན་ལ་རྡོ་རྗེ་ཞུ་གི་ཡོག་རེད་ལགས།
 • བཅའ་འདྲི་བ་
  ལའོ།
 • བཅའ་འདྲི་བྱ་ཡུལ་
  རྡོ་རྗེ།
 • བཅའ་འདྲི་བ་
  རྡོ་རྗེ།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ།པ་ལགས་དང་ཨ་མ་ལགས་སྔས་མ་ནས་བཤགས་ཀྱོ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ང་ལོ་བཅུ་གཅིག་བཅུ་གཉིས་དོ་པར་ནས་བཤགས་ཡོད་ཀྱི་རེད་ཕལ་ཆེར།
 • བཅའ་འདྲི་བ་
  ཨ་མ་ལགས་མཚན་ལ་ག་རེ་ཞུ་གི་ཡོག་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ནོར་སྐྱིད་ཟེར་གྱི་ཡོག་རེད་ལགས།
 • བཅའ་འདྲི་བ་
  ནོར་སྐྱིད།
 • བཅའ་འདྲི་བྱ་ཡུལ་
  འོ་ལགས།
 • བཅའ་འདྲི་བ་
  ཨ་ནི་འཁྲུངས་ས་རང་ག་པར་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  འཁྲུངས་ས། ང་སྐྱེས་ས་རང་བྱས་ན་ཡ་གའི་རེད་ལགས། འབྲོག་པ།
 • བཅའ་འདྲི་བ་
  འབྲོག་པ། དེང་སང་ག་རེ་ཟེར་གྱི་ཡོད་དྲོ་ལགས།
 • བཅའ་འདྲི་བྱ་ཡུལ་
  དར་རྒྱས་ཚུན་༼ཚུན། རྒྱ་སྐད། བོད་སྐད་དུ། གྲོང་ཚོ།༽ཟེར་ས་ད་གར་རེད་ལགས།
 • བཅའ་འདྲི་བ་
  ཨ་ལས།
 • བཅའ་འདྲི་བྱ་ཡུལ་
  ཚུན་ར་གཅིག་བྱས་ན་ད་ག་རང་ལ་རེད་ལགས།དེ་ཡ་གའི་ཡི་གའི་དྲ་རྒྱས་ལྷ་རི་ཟེར་ངན་གཅིག་ཡོག་རེད་ལགས།
 • བཅའ་འདྲི་བ་
  དེང་སང་ཟངས་རིའི་ཁོངས་གཏོགས་རེད་པས་ལགས།
 • བཅའ་འདྲི་བྱ་ཡུལ་
  ཟངས་རིའི་ཁུངས་གཏོགས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཟངས་རིའི་ཁུངས་གཏོགས་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་ད་མལ་གྲོ་གོང་དཀར་ཤན་༼ཤན། རྒྱ་སྐད། བོད་སྐད་དུ། རྫོང་།༽དང་ས་འདྲེས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  རྨུར་ཁུག་ལ་ཟེར་ཡས་དེའི་སྒང་ད་གར་ཡོག་རེད་ལགས།
 • བཅའ་འདྲི་བ་
  གསུང་དེ་མལ་གྲོ་འདྲ་པོ་འདུག
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས། ལགས་འོ།
 • བཅའ་འདྲི་བ་
  ཨ་ནི་མ་འོངས་པ་ལ་ད་དགོན་པ་ཉམས་གསོ་བྱས་ད་ལྟ་འགྲོ་སོང་བཏང་ཡས་སྲིད་གཞུང་ནས་དེ་གས་ཡོག་མ་རེད་པས།
 • བཅའ་འདྲི་བྱ་ཡུལ་
  ད་སྲིད་གཞུང་ནས་ང་ང་ཚོ་འདི་གར་མ་སླེབས་པར་འོ་འགྲོ་སོང་སྒོར་མོ་ཁྲི་གཉིས་ཙམ་ཅིག་བཏང་ནི་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ད་ནིང་དེའི་ཞུག་ལ་འདིའི་འདུ་ཁང་ནི་ཚོའི་ཐོག་ནི་ཚོ་གཅིག་ལྡིབ་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཡང་ང་ཚོས་ཡར་སྲིད་གཞུང་ལ་གཅིག་ཞུས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་བྱས་བྱས་ཁྲི་གཅིག་ལྷག་ཙམ་དེ་འདྲས་གཅིག་གི་གནང་བྱུང་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ད་ནིང་ཕ་གིའི་བྱང་ངོགས་ཕ་ནས་ཟ་འོ་ནུབ་ངོགས་ཕ་ནས་ལུགས་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  དེ་ནས་མར་ལྡིབ་བྱས་བྱས་ད་སྙན་སང་ར་གཅིག་ཞུས་ཞུས་ཞུས་
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་མིས་ཁོང་རྣམས་ཚོས་མིས་གཟིགས་ཐོབ་ཆེན་པོ་ར་དེ་འདྲས་གནང་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  མི་གིའོ་ལྟུང་བཤགས་སུམ་བཅུ་སོ་ལྔའི་ལྡེབས་རིས་དེ་འཕྲོ་བརླགས་འགྲོ་བསམ་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཁོ་རྣམས་ཚོས་གཅིག་བྱས་བྱས་ཨ་ནི་ཕ་ནས་ལྷོ་ཁ་ནས་
 • བཅའ་འདྲི་བྱ་ཡུལ་
  སྒོར་མོ་ཁྲི་གཉིས་གཅིག་གནང་བྱུང་ལགས།འོ་དེ་མ་ཤེད་འགྲོ་དངུལ་ར་པོ་སྤྱིར་བཏང་ཡོག་མ་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་འདིའི་ཐོག་ཁ་བརྗེས་ས་ཡིན་ནའི་འདྲ་ང་ཚོའི་རྒྱ་རྒྱུད་བཟོ་ཡས་དེ་ཚོ་ནི་
 • བཅའ་འདྲི་བྱ་ཡུལ་
  ཁག་གཅིག་ནི་ཕ་གའི་བར་བསྐོར་ནང་ལ་ཟླ་བ་བཞི་པའི་ཚེས་པ་བཅོ་ལྔ་ལ་སློང་ལ་ཕྱིན་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  དེ་འདྲས་བྱས་བྱས་ཉམས་གསོ་བྱས་པ་དེ་འདྲས་ཡི་ཡོད་ལགས།
 • བཅའ་འདྲི་བྱ་ཡུལ་
  ཟླ་བ་གཅིག་ཟླ་བ་གཉིས་ཙམ་དེ་འདྲས་གཅིག་སློང་ལ་ཕྱིན་བྱས་བྱས་
 • བཅའ་འདྲི་བྱ་ཡུལ་
  ཕ་གའི་བསྡད་བྱས་བྱས་འོ་དེ་འདྲས་བྱས་བྱས་དེ་བྱས་ཀྱོག་དེ་འདྲས་ཡོད།
 • བཅའ་འདྲི་བྱ་ཡུལ་
  ད་གཙོ་བོ་ར་དེ་ད་ལྟ་གཅིག་ད་འདུ་ཁང་ནང་ཁུག་ཡིན་ནའི་རེད། ཐོག་རེད།
 • བཅའ་འདྲི་བྱ་ཡུལ་
  ད་ག་ནང་བཞིན་པའི་བྱམས་ཁང་ནང་ཡོ་པར་རེད།
 • བཅའ་འདྲི་བྱ་ཡུལ་
  ད་དེ་གས་ཁོང་རྣམས་ཚོ་གཙུག་ལག་ཁང་གི་མི་ལྔ་ཙམ་ཞིག་གིས་སྦྱོན་བདག་དོན།
 • བཅའ་འདྲི་བྱ་ཡུལ་
  ཨ་ནི་འདུག་སེ་བྱས་བྱས་ད་ལྟ་ཉམས་གསོ་གནང་བཞིན་པ་དེ་འདྲས་རེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་ད་ལོ་བྱམས་ཁང་ནང་ཁུག་ལ་གཅིག་གི་ཆ་བཞག་པ་ཡིན་ན་གཅིག་ལྡེབས་རིས་རྒྱག་ཡས་དང་
 • བཅའ་འདྲི་བྱ་ཡུལ་
  འདུ་ཁང་ནང་ཁུག་ལ་ལྡེབས་རིས་རྒྱག་ཡས་དེ་གས་ཁོང་རྣམས་ཚོས་
 • བཅའ་འདྲི་བྱ་ཡུལ་
  འོ་ལྡེབས་རིས་རྒྱག་ཡས་དེ་སྦྱིན་བདག་ཁོང་རྣམས་ཚོས་དེ་བྱས་ཨར་པོ་རྒྱག་ཡས་ཡིན་ནའི་རེད།
 • བཅའ་འདྲི་བ་
  དེ་ནི་ལྡེབས་རིས།ཨོ་ཧུམ།༼བློ་ལུད་པའི་སྒྲ༽ལྡེབས་རིས་རྒྱག་ཡས་དེ་འཆར་གཞིའི་ནང་ལ་ག་འདྲས་སེ་ཡོད་པས་ལགས།
 • བཅའ་འདྲི་བ་
  རྙིང་པ་དེ་གས།
 • བཅའ་འདྲི་བྱ་ཡུལ་
  ད་འཆར་གཞི་ར་པ་བྱས་པ་ཡིན་ན་རྙིང་པ་དེ་གས་གཅིག་གུས་བཞག
 • བཅའ་འདྲི་བྱ་ཡུལ་
  ད་སྐུ་ཉམས་པ་གཅིག་ཡོག་རེད་པ།ཁྱོན་མེད་པ་སྐུ་གཟུགས་ཁོ་ར་མེད་པ་དེ་འདྲས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཡར་ཚང་གྲལ་འགྲིག་ཡས་བཟོ་ར་གཅིག འོ་དེ་འདྲས་རང་ཡིན་མ་གཏོགས།
 • བཅའ་འདྲི་བྱ་ཡུལ་
  ཡང་རྙིང་པ་དེ།
 • བཅའ་འདྲི་བ་
  རྙིང་པའི་ཁ་ལ་ཡ་རྒྱབ་ཡས་ཀྱི་དགོངས་པ་བཞེད་ཀྱི་ཡོད་པས།
 • བཅའ་འདྲི་བྱ་ཡུལ་
  ད་རྙིང་པ་བཟོ་བཅོས་རྒྱག་ཡས་དེ་ཁྱོན་ནི་མེད་ལགས།
 • བཅའ་འདྲི་བྱ་ཡུལ་
  ད་རྙིང་པ་ད་སྔས་མ་ད་ཉམས་རྒུད་ཕྱིན་པ་ཡིན་ནའི་འདྲ་ཡང་ཆ་ཚང་བསྡད་པ་ཡིན་འདྲ།
 • བཅའ་འདྲི་བྱ་ཡུལ་
  དེ་གཅིག་གི་བཞག
 • བཅའ་འདྲི་བ་
  འོ་དགོངས་པ་བཞེད་སྟངས་ད་ག་རེད།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་གཅིག་གི་བཞག དེ་གཅིག་གི་མ་བཞག་པ་ཡིན་ན་ཡང་རྦད་རྟག་རྟག་མ་བསྡད་པའི་བཟོ་འདྲ་གཅིག
 • བཅའ་འདྲི་བ་
  རིན་ཐང་མེད་པ་ཆགས་འགྲོ་གི་རེད་པ།
 • བཅའ་འདྲི་བྱ་ཡུལ་
  ལགས་འོ་ལགས། རིན་ཐང་ལྟར་མ་སོང་དེ་འདྲས་ཆུང་ཆུང་དེ་འདྲས་བྱས་བྱས་ཤེ་ནི་ད་ཡ་གའི་འདུ་ཁང་།
 • བཅའ་འདྲི་བྱ་ཡུལ་
  བྱམས་ཁང་ནང་ཁུག་ཡ་གི་སྔས་མ་ལྟུང་བཤགས་སུམ་བཅུ་སོ་ལྔ་བྱས།
 • བཅའ་འདྲི་བྱ་ཡུལ་
  འཁོར་དག་པ་རྣམ་པ་བརྒྱད་བྱས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་འདྲས་གཅིག་ཡོག་རེད་གསུངས་ཀྱིས་ལགས།
 • བཅའ་འདྲི་བྱ་ཡུལ་
  འོ་དེ་ཚོ་བཞངས་ཡས་ཀྱི་དེ་གཅིག་ཡོད་ལགས།འཆར་གཞི་ལྟར་མ་སོང་འོ་དེ་འདྲས་གཅིག་ཡོད་ལགས།
 • བཅའ་འདྲི་བ་
  ལགས་སེ།