Skip to main content Skip to search
31 Jan 2012
1 min 2 sec
Video Overview
Creators: 
Unknown

An interview between Yanglha and a young man who works at the roller rink, located on the main north-south road in the center of Thieves' Island.

Transcript search
No results found for this search
0 of 0
  • བུ་ Man
    གོ་གི་འདུག་གས།
    Can you hear me?
  • གཡང་ལྷ་ Yanglha
    ཨོའོ། གོ་གིས། ཨོའོ་ཅོ་རང་ས་གང་ནས་ཕེབས་རྒྱོག་ཡིན་ནམ།
    Yes, I can hear you. Brother, where are you from?
  • བུ་ Man
    ང་སྟོད་ལུང་ནས་ཡིན།
    I am from Tölung.
  • གཡང་ལྷ་ Yanglha
    འོ། ཨཱ་ནི་འདའི་ཕྱག་ལས་གནང་བྱས་རྒྱུན་ལོད་ཕྱིན་ཡོད་ནཱ་(དམ།)
    Okay. For how long have you been working here?
  • བུ་ Man
    འདའི་ཕྱག་ལས་(ལས་ཀ་)བྱས་བྱས་ལོ་གཅིག་ཙམ་ཟིན་སོང་།
    I have been doing this job for one year.
  • གཡང་ལྷ་ Yanglha
    ལོ་གཅིག་ལགས།
    Is it one year?
  • བུ་ Man
    འོ། ལོ་གཅིག
    Yes, it's.
  • གཡང་ལྷ་ Yanglha
    ཨཱ་ནི་འདའི་ཕྱག་ལས་མ་གནང་གོང་ལ་ཁྱེད་རང་ཕྱག་ལས་ག་རེད་གནང་མཁན་ཡིན་ནམ།
    Before working here? What did you do?
  • བུ་ Man
    [Unintelligible]
  • གཡང་ལྷ་ Yanglha
    ལཱ་སེ། ཨཱ་ནི་ཁྱེད་རང་ཕྱག་ལས་འདའི་མཉེས་པོ་ཡོད་ནཱ་(དམ།)
    Do you like this job?
  • བུ་ Man
    འོ་འོ། ང་འདའི་དགའ་པོ་ཡོད།
    Yes. I like it.
  • གཡང་ལྷ་ Yanglha
    ཁྱེད་རང་ད་ལྟ་འདའི་འཁོར་ལོ་སྐོར་ས་འདི་པ་གནག་པོ་རྒྱོའོ་བསྐོར་གྱིས།
    I saw you skate extremely well.
  • ཁྱེད་རང་སྦྱངས་ནས་ལོ་ག་ཚོད་ཙམ་ཕྱིན་ཡོད་ནཱ་(དམ།)
    How many years did it take for you to learn it?
  • བུ་ Man
    ལོ་ཕྱིན་ཡོད་མ་རེད། ཟླ་བ་གཅིག་མ་གཞི།
    It didn't take me years to learn it, I mastered it in one month.
  • གཡང་ལྷ་ Yanglha
    ཟླ་བ་གཅིག་ལགས། ཁྱེད་རང་སོ་སོས་སྦྱངས་གནང་བ་རེད་པཱ།
    One month! Are you self-taught?
  • བུ་ Man
    སོ་སོ་རང་གིས་སྦྱངས་པ་རེད།
    I learned it myself.
  • གཡང་ལྷ་ Yanglha
    ལཱ་སེ།
    I see.
  • ཨཱ་ནི་ཁྱེད་རང་ཨེ་འདྲས། ཨཱ་ད་ལྟ་འདའི་ཕྱག་ལས་འདའི་མ་བཞུགས་པ་བྱས་ས་ཆ་གཞན་དག་ལ་ཕྱག་ལས་གནང་ཡག་གི་དགོངས་པ་བཞེས་གནང་མྱོང་ཨ་ཡོད།
    Are you looking for another job other than this one?
  • བུ་ Man
    འོ་འདི་འདྲས་བསམ་བློ་གཏོང་གི་ཡོད།
    Yes, I am considering it.
  • གཡང་ལྷ་ Yanglha
    ཨམ་་་། ཕྱག་ལས་ད་གར་ཡང་མིན་ན་ས་ཆ་གཞན་སྤོས་པ་རེད། ཡང་མིན་ན་ཕྱག་ལས་གཞན་དག་ཨེ་འདྲས་གནང་མཁན་མིན་འགྲོ།
    Um... Do you want a different job here or want to do another job elsewhere?
  • བུ་ Man
    ཨཱ་གཞུག་མ་འདའ་ཡཱ་ཏན་ཏན་སེ་གལ་ཡོད་མ་རེད། ང་ས་ཆ་གཞན་དག་ཨེ་འདྲས་ལའང་བསམ་བློ་གཏོང་གི་ཡོད།
    Right now I don't have a fixed plan for the future. But I am considering a different location.
  • གཡང་ལྷ་ Yanglha
    ལཱ་སེ། ཨཱ་ནི་ཁྱེད་རང་ད་ལྟ་འདའི་ཕྱག་ལས་གང་འདྲ་འདུག ཨེ་འདྲས་དཀའ་ལས་ཁག་པོ་འདུག་གས། ཡང་མིན་ན་གང་འདྲ་འདུག
    Okay. How about your current job? For example, is it hard? Or what it is like?
  • བུ་ Man
    འདའི་དཀའ་ལས་གཅས་མི་འདུག
    It's not hard at all.
  • གཡང་ལྷ་ Yanglha
    དཀའ་ལས་མི་འདུག་ལགས། ཨཱ་ནི་ཁྱེད་རང་འདའི་མཉེས་པོ་ཡོད་ཙང་བྱས་པ་རེད་པཱ།
    I guess it's not a hard job for you because you like it. Am I right?
  • བུ་ Man
    ང་འདའི་དགའ་པོ་ཡོད་ཙང་། འོ།
    Yes, you are right. I like it.
  • གཡང་ལྷ་ Yanglha
    ལཱ་སེ།
    Okay.
  • བུ་ Man
    དཀའ་ལས་མི་འདུག
    It's not hard.
  • གཡང་ལྷ་ Yanglha
    ཨཱ་ནི་ཁྱེད་རང་ད་ལྟ། ཨམ་་་
    And currently you are, um ...