Skip to main content Skip to search
15 Dec 2011
4 min 5 sec
Video Overview
Creators: 
Unknown

A local scholar points out important sites in and around Chongyé in the Lhoka region of Central Tibet.

Transcript search
No results found for this search
0 of 0
 • ལོའོ། དགེ་འདུན་ལགས་ད་ལྟ་འདི་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་བྱས། མཁར་བྱས། དགོན་པ་བྱས་དེ་གས་ཀྱི་ལོ་རྒྱུས་རབ་ཙམ་ཅིག་གསུང་རོགས་གནང་།
  lo'o/_dge 'dun lags da lta 'di 'phyongs rgyas 'phying ba stag rtse byas/_mkhar byas/_dgon pa byas de gas kyi lo rgyus rab tsam cig gsung rogs gnang /
 • དགེ་འདུན་
  ལོའོ། ད་ང་ཚོ་ད་ལྟ་དེའི་སྲོང་བཙན་སྒམ་པོའི་བང་སོའི་གང་དེའི་བལྟས་ན། གཞོགས་ཨོང་བྱང་ངོགས་མར་གའི་ཡིན་ན། ཨོང་འཕྱོངས་རྒྱས་རྫོང་རེད། འཕྱོངས་རྒྱས་རྫོང་དེ་སྔོན་མ་ནས་ལོ་རྒྱུས་ཐོགས་ལ་ཆ་བཞག་ན། ཨོང་ཡར་གའི་ད་འཕྱོངས་རྒྱས་རྫོང་གང་གི་རི། རི་ཨོའོ་ཡར་གིའི་གང་ཡེ་གའི། རི་ཡེ་གའི་གང་ཡེ་གའི་ཨ་ནི་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་དང་། ཨོང་དེ་མིན་གྱི་ད་ཕོ་བྲང་། ཨ་ཅེ་གྱིམ་ཤིང་ཀོང་ཇོའི་བང་སོ། དེ་གས་འདི་ཨ་ནི་ཡར་གའི་གང་ཡེ་གའི་ཡོའོ་རེད། ཨོའོ་ཡེ་གི་རེད་ལགས། ཨོང་། དེའི་མཚམས་དེའི་ད་དུང་ཨ་ནི་རི་བོ་བདེ་ཆེན་ཟེར་བྱས་བྱས། འཕྱོངས་རྒྱས་ཀྱི་ད་དགོན་པོ་ཆེན་པོ་གཅིག་ཡོའོ་རེད། འདི་རི་བོ་བདེ་ཆེན་གྱི་གཞོགས་དེ་ཕྱོགས་དེའི་ཁང་པ་བརྩིག་པ་དེ་རེད།
  lo'o/_da nga tsho da lta de'i srong btsan sgam po'i bang so'i gang de'i bltas na/_gzhogs ong byang ngogs mar ga'i yin na/_ong 'phyongs rgyas rdzong red/_'phyongs rgyas rdzong de sngon ma nas lo rgyus thogs la cha bzhag na/_ong yar ga'i da 'phyongs rgyas rdzong gang gi ri/_ri o'o yar gi'i gang ye ga'i/_ri ye ga'i gang ye ga'i a ni 'phyongs rgyas 'phying ba stag rtse dang /_ong de min gyi da pho brang /_a ce gyim shing kong jo'i bang so/_de gas 'di a ni yar ga'i gang ye ga'i yo'o red/_o'o ye gi red lags/_ong /_de'i mtshams de'i da dung a ni ri bo bde chen zer byas byas/_'phyongs rgyas kyi da dgon po chen po gcig yo'o red/_'di ri bo bde chen gyi gzhogs de phyogs de'i khang pa brtsig pa de red/
 • དགེ་འདུན་
  རིའི་ཟུར་དེའི་ཡོད་པའི་ད་ཨོང་གྱང་གཅིག་འདུག་གང་ལགས། ལྕགས་རི་གཅིག་འདུག་གང་ལགས། ལྕགས་རི་དེ་དང་། ལྕགས་རིའི་དཀྱིལ་ཡེ་གའི་ས་ཆེན་པོ་གཅིག་མི་འདུག་གས། ཨོའོ་འདི་ཨ་ནི་པུར་རྒྱལ་སྐབས་ཀྱི་ད་ཨོང་འཕྱིང་བ་སྟག་རྩེ་དང་། དེའི་གང་ལྟར་གྱི་འཛུགས་སྐྲུན་གྱི་ཤུལ་ཅིག་རེད་ད། པེ་གི་ཡིན་པའི་ད་ཤུལ་ཅིག་རེད།
  ri'i zur de'i yod pa'i da ong gyang gcig 'dug gang lags/_lcags ri gcig 'dug gang lags/_lcags ri de dang /_lcags ri'i dkyil ye ga'i sa chen po gcig mi 'dug gas/_o'o 'di a ni pur rgyal skabs kyi da ong 'phying ba stag rtse dang /_de'i gang ltar gyi 'dzugs skrun gyi shul cig red da/_pe gi yin pa'i da shul cig red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། ད་ལྟ་ང་ཚོས་མཐོང་རྒྱུ་ཡོད་པའི་འཕྱིང་བ་སྟག་རྩེ་དེ་གཞུག་གུ་བཞངས་ཀྱོག་རེད་པས། ག་དུས་བཞངས་པ་ཡིན་ན།
  lo'o so lo'o so/_da lta nga tshos mthong rgyu yod pa'i 'phying ba stag rtse de gzhug gu bzhangs kyog red pas/_ga dus bzhangs pa yin na/
 • དགེ་འདུན་
  ད་འཕྱིང་བ་སྟག་རྩེ་དངོས་སུ་རང་ད་མཇལ་རྒྱུ་ཡོའོ་མ་རེད་ད། ཕེ་གའི་སའི་ཤུལ་ཙམ་ཅིག་ཕེ་གའི་ཁང་པ་ཆུང་ཆུང་ཅིག་མི་འདུག་གས། དཀར་པོ་ཆུང་ཆུང་ཅིག། འདི་ཡོད་སའི་ས་ཆ་དེ་ཨ་ནི་སྔོན་མ་འཕྱིང་བ་སྟག་རྩེ་ཡོད་ས་དེ་རེད། ཡིན་ན་ལའི་ཕྱིས་སུ་ཨ་ནི་འཕྱོངས་རྒྱས་རྫོང་བརྒྱབ་བྱས་བྱས། འཕྱོངས་རྒྱས་རྫོང་འདི་ཡང་༡༩༥༩ལོར་རྦད་དེ་་མེད་པ་བཟོས་འདུག་གང་། ཨོའོ་དེ་གས་དེའི་གང་དེའི་རེད་ཞག།
  da 'phying ba stag rtse dngos su rang da mjal rgyu yo'o ma red da/_phe ga'i sa'i shul tsam cig phe ga'i khang pa chung chung cig mi 'dug gas/_dkar po chung chung cig/_'di yod sa'i sa cha de a ni sngon ma 'phying ba stag rtse yod sa de red/_yin na la'i phyis su a ni 'phyongs rgyas rdzong brgyab byas byas/_'phyongs rgyas rdzong 'di yang 1959lor rbad de med pa bzos 'dug gang /_o'o de gas de'i gang de'i red zhag/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོསོ། ད་ལྟ་ཕེ་གའི་ཁང་པ་དཀར་པོ་ཆུང་ཆུང་ཡོད་ས་དེའི།
  lo'o so lo'oso/_da lta phe ga'i khang pa dkar po chung chung yod sa de'i/
 • དགེ་འདུན་
  ཨོའོ་དེའི་གནས་ཤུལ་ཙམ་ཞིག་ཡོའོ་རེད། གནས་ཤུལ་ཙམ་ཞིག་བསྡད་ཡོའོ་རེད།
  o'o de'i gnas shul tsam zhig yo'o red/_gnas shul tsam zhig bsdad yo'o red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། འདི། ཕེ་གི་དགོན་པ་ཕ་གི་ད་ལྟ་དམར་པོ་ཏིག་ཙེ་བཞག་ཞག་་པ་དེ་དགོན་པ་འདི་དེ་ཕྱོགས་དེ་ཨོང་ཆ་རེད་པས་ལགས། དེ་ཕྱོགས་དེ་དང་།
  lo'o so lo'o so/_'di/_phe gi dgon pa pha gi da lta dmar po tig tse bzhag zhag pa de dgon pa 'di de phyogs de ong cha red pas lags/_de phyogs de dang /
 • དགེ་འདུན་
  དགོན་པ་དེ་གཉིས་གཅིག་པ་རེད་ད། རི་བོ་བདེ་ཆེན། སྔོན་མ་གི་རི་བོ་བདེ་ཆེན་དེ་་རེད། ༡༩༥༩གོང་ལ་རི་བོ་བདེ་ཆེན་དེའི་གྱང་དམར་པོ་ཡོད་ས་དེའི་རེད། ད་གཞུག་ལ་ཨ་ནི་དགོན་པ་དེ་ཐོར་བརླག་ཕྱིན་ནས་བསྐྱར་དུ་ཨ་ནི་གསར་བཞངས་བྱེད་དུས། ཕར་ཕྱོགས་དེའི་ཕར་སྤོས་འདུག་གང་ལགས། ཁོང་རྣམས་ཚོས་ཕར་ས་ཆ་ཕར་གསར་པ་སྤོས་བྱས་བྱས། ཕེ་གའི་གསར་རྐྱང་བརྒྱབ་པ་རེད། དེ་འདྲས་ཅིག་རེད།
  dgon pa de gnyis gcig pa red da/_ri bo bde chen/_sngon ma gi ri bo bde chen de red/_1959gong la ri bo bde chen de'i gyang dmar po yod sa de'i red/_da gzhug la a ni dgon pa de thor brlag phyin nas bskyar du a ni gsar bzhangs byed dus/_phar phyogs de'i phar spos 'dug gang lags/_khong rnams tshos phar sa cha phar gsar pa spos byas byas/_phe ga'i gsar rkyang brgyab pa red/_de 'dras cig red/
 • ཚེ་རིང་རྒྱལ་པོ་
  འཕྱོངས་རྒྱས་རྫོང་གི་རྫོང་དཔོན་བཞུགས་ས་འདི། ཕེ་གའི་རྩེ་རྩེ་དེ་བར་རེད་པས།
  'phyongs rgyas rdzong gi rdzong dpon bzhugs sa 'di/_phe ga'i rtse rtse de bar red pas/
 • དགེ་འདུན་
  ཨོའོ་ཕེ་གའི་རྩེ་ཕར་གའི་རེད། ད་འཕྱིང་བ་སྟག་རྩེ་ཟེར་བྱས་བྱས།
  o'o phe ga'i rtse phar ga'i red/_da 'phying ba stag rtse zer byas byas/
 • ཚེ་རིང་རྒྱལ་པོ་
  འཕྱིང་བ་སྟག་རྩེ་ཡོད་ས་གང་དེ། ཕར་གའི་རྩེ་མཐོ་ཤོས་དེ་རེད་པས་ལགས།
  'phying ba stag rtse yod sa gang de/_phar ga'i rtse mtho shos de red pas lags/
 • དགེ་འདུན་
  ཨོའོ་འདིའི་གང་དེ་གའི་རེད། འཕྱོངས་རྒྱས་ཟེར་འདི་ཨོའོ་ད་ས་ཆ་ཨོའོ་དེ་ག་རང་རེད། འདི་ཨ་ནི་རྡོ་འཕྱོངས་ཟེར་ཅིག་ཨ་ནི་རིམ་བཞིན་ཡར་ལོ་རེ་བཞིན་ཡར་རྒྱས་འགྲོ་གི་ཡོད་པའི་དོན་དག་རེད། འཕྱོངས་རྒྱས་ཟེར་འདི། འཕྱོངས་རྒྱས་རྒྱུད་འདེའི་ཆ་བཞག་ན་སྔོན་མ་ལོ་རྒྱུས་ཐོགས་ལ་ད་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་དེ་མིན་གྱི་ང་ཚོ་ད་བོད་ཀྱི་ལོ་རྒྱུས་ཐོགས་ལ་མཛེས་མ་ཟེར་ནའི་ད་འཕྱོངས་རྒྱས་ཟླ་བ་སྒྲོལ་མ། ཁོང་རྣམས་ཚོའི་འཁྲུངས་ཡུལ་ཡང་ཨ་ནི་ས་ཆ་ད་ག་རེད།
  o'o 'di'i gang de ga'i red/_'phyongs rgyas zer 'di o'o da sa cha o'o de ga rang red/_'di a ni rdo 'phyongs zer cig a ni rim bzhin yar lo re bzhin yar rgyas 'gro gi yod pa'i don dag red/_'phyongs rgyas zer 'di/_'phyongs rgyas rgyud 'de'i cha bzhag na sngon ma lo rgyus thogs la da rgyal ba sku phreng lnga pa ngag dbang blo bzang rgya mtsho dang de min gyi nga tsho da bod kyi lo rgyus thogs la mdzes ma zer na'i da 'phyongs rgyas zla ba sgrol ma/_khong rnams tsho'i 'khrungs yul yang a ni sa cha da ga red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། ས་ཆ་ད་ག་རང་ལ་རེད་རེད་པཱ་ལགས།
  lo'o so lo'o so/_sa cha da ga rang la red red pA lags/
 • དགེ་འདུན་
  ཨོང་། ས་ཆ་ད་ག་རང་ལ་རེད།
  ong /_sa cha da ga rang la red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། འདི་ལུང་པ་དེའི་མིང་ལ་ག་རེ་ཟེར་གྱི་ཡོད་ན། དགོན་པ་གསར་པ་ཡོད་སའི་ས་གཞོགས་ཚུར་ཕྱོགས་དེའི་ལུང་པ་དེ་ཡ།
  lo'o so lo'o so/_'di lung pa de'i ming la ga re zer gyi yod na/_dgon pa gsar pa yod sa'i sa gzhogs tshur phyogs de'i lung pa de ya/
 • དགེ་འདུན་
  ད་ད་ག། འདི་འཕྱོངས་རྒྱས་ཞོལ་ཟེར་ལབ་པ་རེད་མ་གཏོགས། འཕྱོངས་རྒྱས་ཞོལ་ཟེར་གྱི་རེད། ད་འདི་དམིགས་བསལ་གྱི་འདི་འཕྱོངས་རྒྱས་ཟེར་བྱས། དེའི་རྫོང་གཅིག་བྱས། རྫོང་ཡོད་སའི་གྲོང་ཚོ་དེའི་ཨ་ནི་འཕྱོངས་རྒྱས་ཞོལ་ཟེར་གྱི་ཡོའོ་རེད།
  da da ga/_'di 'phyongs rgyas zhol zer lab pa red ma gtogs/_'phyongs rgyas zhol zer gyi red/_da 'di dmigs bsal gyi 'di 'phyongs rgyas zer byas/_de'i rdzong gcig byas/_rdzong yod sa'i grong tsho de'i a ni 'phyongs rgyas zhol zer gyi yo'o red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། འདི་སྔན་མ་ནས་མེ་སེར་བསྡད་ས་ད་ག་རེད་པཱ།
  lo'o so lo'o so/_'di sngan ma nas me ser bsdad sa da ga red pA/
 • དགེ་འདུན་
  མེ་སེར་བསྡད་ས་ཨེ་འདྲས་རེད།
  me ser bsdad sa e 'dras red/
 • ཚེ་རིང་རྒྱལ་པོ་
  ལོའོ་སོ་ལོའོ་སོ། དེ་མིན་པའི་བཙན་དང་མཁར། མཙན་མཁར་དེ་འདྲས་ཡོའོ་རེད་པས། ལོའོ། ཕེ་གའི།
  lo'o so lo'o so/_de min pa'i btsan dang mkhar/_mtsan mkhar de 'dras yo'o red pas/_lo'o/_phe ga'i/
 • དགེ་འདུན་
  ཕེ་གའི་གང་ལ་ད་ད་དུང་དེ་མིན་གྱི་བཙན་དང་མཁར་དེ་འདྲས་ཡོའོ་མ་རེད། ད་ཡེ་གའི་གཙོ་ཆེ་ཤོས་དཀྱིལ་ཡེ་གའི་བང་སོ་ཆེན་པོ་གཅིག་ཡོའོ་རེད། འདི་ཨ་ནི་གྱིམ་ཤིང་ཀོང་ཇོ་ད་ཁྲི་ལྡེ་གཙུག་བཙན་ད་ཁྲི་སྲོང་ལྡེ་བཙན་གྱི་ད་ཡུམ་ཟེར་ནའི་འདྲ། ཁྲེ་ལྡེ་གཙུག་ལྡན་གྱི་ད་ཨོང་བཙུན་མོ། རྒྱལ་པོ་ཁྲི་ལྡེ་གཙུག་ལྡན་གྱི་བཙུན་མོའི་བང་སོ་དེ་ཨོའོ་ཡེ་གའི་གང་ལ་ཡོད་ཟེར་གྱི་ཡོའོ་རེད། དེ་མིན་ད་དུང་ཤན་ནང་དེའི་ཨ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རྡོ་རིང་གཅིག་ཡོའོ་རེད། ཨོང་ད་ལྟ་ཕེ་གའི་ཞིང་ཁའི་དཀྱིལ་ལ་ངོ་སྤྲོད་ཞུས་པའི་རྡོ་རིང་འདི་ནང་བཞིན་གཅིག། རྡོ་རིང་གཅིག་ཡོའོ་རེད། འདིའི་གང་ལ་ཡི་གེ་ཡིན་ནའི་ད་བོད་ཡིག་དེ་འདྲས་བྲིས་བྱས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་བསྐོས་ཞག།
  phe ga'i gang la da da dung de min gyi btsan dang mkhar de 'dras yo'o ma red/_da ye ga'i gtso che shos dkyil ye ga'i bang so chen po gcig yo'o red/_'di a ni gyim shing kong jo da khri lde gtsug btsan da khri srong lde btsan gyi da yum zer na'i 'dra/_khre lde gtsug ldan gyi da ong btsun mo/_rgyal po khri lde gtsug ldan gyi btsun mo'i bang so de o'o ye ga'i gang la yod zer gyi yo'o red/_de min da dung shan nang de'i a ni/_rgyal po khri srong lde btsan gyi rdo ring gcig yo'o red/_ong da lta phe ga'i zhing kha'i dkyil la ngo sprod zhus pa'i rdo ring 'di nang bzhin gcig/_rdo ring gcig yo'o red/_'di'i gang la yi ge yin na'i da bod yig de 'dras bris byas/_rgyal po khri srong lde btsan gyi mdzad rjes bskos zhag/
 • ཚེ་རིང་རྒྱལ་པོ་
  ལགས་སེ། ལགས་སེ། ད་འདིའི་བསམ་ཡས་རྡོ་རིང་དེ་འདྲ་པོ་རེད་པས།
  lags se/_lags se/_da 'di'i bsam yas rdo ring de 'dra po red pas/
 • དགེ་འདུན་
  བསམ་ཡས་རྡོ་རིང་དེ་ལས་ཆེ་གི་རེད། ཏད་ཙེ་༼ཏིག་ཙམ༽ཅིག་གི། ཆེ་ཡོའོ་རེད། ཨོང་ལགས།
  bsam yas rdo ring de las che gi red/_tad tse (tig tsam)cig gi/_che yo'o red/_ong lags/
 • ཚེ་རིང་རྒྱལ་པོ་
  འདི་ཁག་ཅིག་གི་འདི་རེད་ཟེར་གྱི་འདུག། གཡུ། གཡུ་རང་གི་རྡོ་རིང་རེད་ཟེར་དེ་ཨཱ་ཡིན།
  'di khag cig gi 'di red zer gyi 'dug/_g.yu/_g.yu rang gi rdo ring red zer de A yin/
 • དགེ་འདུན་
  གཡུ་མ་རེད། དེ་ནི་དེ་ནས་ཕར་གྱི་ད་རྡོ་དེ་འདྲས་རེད། གཡང་ཊི། གཡང་ཊི་དེ་འདྲས་མ་རེད། གཡང་ཊིའི་མ་རེད། གཡུ་ཡའི་མ་རེད། རྡོ་སྤྱིར་བཏང་དེ་འདྲས་རེད།
  g.yu ma red/_de ni de nas phar gyi da rdo de 'dras red/_g.yang Ti/_g.yang Ti de 'dras ma red/_g.yang Ti'i ma red/_g.yu ya'i ma red/_rdo spyir btang de 'dras red/