Skip to main content Skip to search
31 Jan 2017
4 min 25 sec
Video Overview
Creators: 
Sherig Dentshog

Phuntsho sings a song expressing acknowledgement of meeting with the right one as an auspicious and opportune occassion. The song tells us that there may be hundreds and thousands of meeting but meeting with right one is rare. For instance the first phrase of the song says, where hundreds of skies meet even thousands gather but the presence of sun is rare like the gold. Althouhg it is rare like gold to have sun in the gathering, today we have it in the gathering and may it be auspicious without departure. In this same way, the song uses snow mountain and snow lion, forest and tiger, meadow and deer, lake and golden fish etc. to express the rarity of meeting with the special ones.

གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ ཟོ་སྦལ་རྒེད་འོག་ ངང་ལམ་གཡུས་ཚན་ལས་ ཕུན་ཚོགས་ཀྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ འབྲུག་རྒྱལ་ཁབ་ཀྱི་ རང་ལུགས་ཀྱི་ཡོངས་གྲགས་ཅན་གྱི་་ གླུ་གཞས་རྙིང་ཅིག་ཨིན་པས། གླུ་གཞས་འདི་གིས་ དུས་ཚོད་དང་ དུས་སྟོན་ཁྱད་པར་ཅན་དང་འབྲེལ་ ཚར་གཅིག་གཅིག་ཁར་འཛོམས་མི་ལུ་ བཀྲིན་དགའ་ཚོར་ཡོདཔ་ལུགས་ བཤདཔ་ཨིནམ་ད་ འདི་ཡང་ བརྒྱ་དང་སྟོང་སྦེ་འཛོམས་རུང་ ལེགས་ཤོམ་སྦེ་གཅིག་ཁར་འཛོམས་ནི་འདི་ དཀོན་དྲགས་ཨིན་ཟེར་ སླབ་ཨིན་པས། དཔེར་ན་ ཚིགས་ཚོགས་དང་པམ་འདི་ནང་ དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས། །འཛོམས་པ་འབྲེལ་བ་མེད་པའི་སྨོན་ལམ་ཞུ། །འདི་ཅོག་ར་འཐདཔ་སྦེ་ གླུ་གཞས་འདི་ནང་ གངས་སྟོད་དང་སེང་ཆེན་ ནགས་ཚལ་དང་སྟག་ སྤང་དང་ཤ་བ་ མཚོ་དང་གསེར་ཉ་་འདི་ཚུ་ འཛོམས་པ་ལ་ཁག་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཕུན་ཚོགས་ Phuntsho
    དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་ལ་འཛོམས། །ཁྲི་གདུགས་ཉི་མ་འཛོམས་ས་(པ)གསེར་ལས(དཀོན)། །
    where hundred of sky meets , thousands will surely meet. but for the sun to meet is as rare as the gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འདི་རུ་འབྲལ་བ་མེད་པ་བཀྲ་ཤིས་ཤོག །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་ལ་འཛོམས། །སེང་ཆེན་དཀར་མོ་འཛོམས་ས་(པ་)གསེར་ལས་དཀོན། །
    Where hundred of mountains meet, thousands will surely meet. but for a snow lion to meet is as rare as a gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    སྤང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་ལ་འཛོམས་ས། །ཤཝ་རྒས་གཡུ་མོ་(རྭ་བཅུ་)འཛོམས་ས་(པ)གསེར་ལས་དཀོན། །
    Where thousands of meadows meet, thousands will surely meet. but for the reindeer to meet is as rare as a gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    ནགས་སྟོད་བརྒྱ་ཡང་འཛོམས་པ་(ས་)སྟོང་ཡང་ལ་འཛོམས། །སྟག་མོའི་རིས་མཛེས་འཛོམས་ས་(པ)གསེར་ལས་དཀོན། །
    Where hundreds of Jungle meets, thousands will surely meet. but for a Tigress to meet is as rare as a gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འབྲལ་བ་མེད་པ་འཛོམས་ས་(པའི)སྨོན་ལམ་ཞུ། །འབྲལ་བ་མེད་པ་འཛོམས་ས་(པའི)སྨོན་ལམ་ཞུ། །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    མཚོ་སྟོད་བརྒྱ་ཡང་འཛོམས་པ་(ས་)སྟོང་ཡང་ལ་འཛོམས། །ཉའུ་ཅུང་གསེར་མོ་འཛོམས་ས་(པ)གསེར་ལས་དཀོན། །
    Where hundreds of lake meets, thousands will surely meet. but for a golden fish to meet is as rare as a gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    ཡུལ་སྟོད་བརྒྱ་ཡང་འཛོམས་པ་(ས་)སྟོང་ཡང་ལ་འཛོམས། །དྲིན་ཆེན་ཕ་མ་འཛོམས་ས་(པ)གསེར་ལས་དཀོན། །
    Where hundreds of hamlets meet, thousands will surely meet. but for a benevolent parents to meet is as rare as a gold.
  • ཕུན་ཚོགས་ Phuntsho
    གསེར་ལས་དཀོན་ཀྱང་ཡང་ཡང་འདི་རུ་ལ་མ་གཏོགས(ད་རེས་འདི་རུ་འཛོམས)། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །འབྲལ་བ་མེད་པ་འཛོམས་ས་སྨོན་ལམ་ཞུ། །(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ། །)
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཕུན་ཚོགས་ Phuntsho
    ལགས་སོ།། །།
    laso!