Skip to main content Skip to search
17 Feb 2017
2 min 2 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Penchela

“How Wonderful and Clear” (Elek Sangrela) sung by Aum Chimi sounds mostly like a Zhundra song, though it gets faster at the end. She is from Langmikha village in Paro Dzongkhag. The song seems fairly unknown, as it is seldom heard or seen, and its lyrics seem old because it is about the sacred hat of Khando Drowa Zangmo.

 

ཨམ་འཆི་མེད་སྒྲོལ་མ་གིས་འཐེན་མི་ ཨེ་ལས་གསང་རེད་ལ་ཟེར་མི་འདི་ གཞུང་་སྒྲའི་གླུ་གཞས་བཟུམ་ཅིག་ཡོདཔ་ད་ འགོ་དང་པ་གོ་ལེ་སྦེ་འཐེནམ་ཨིན་རུང་ མཇུག་བསྡུ་ཡི་བསྡུ་ཡི་ར་ མགྱོགས་སུ་ཅིག་སྦེ་འཐེནམ་མས། ཨམ་འཆི་མེད་སྒྲོལམ་འདི་ སྤ་རོ་རྫོང་ཁག་ གླང་མིག་ཁ་གཡུས་ཚན་ལས་ཨིནམ་ད་ གླུ་གཞས་འདི་ ཧེ་མ་གནམ་མེད་ས་མེད་མ་གོཝ་ལས་ ཡོངས་གྲགས་མེད་རུང་ མཁའ་འགྲོ་འགྲོ་བ་བཟང་མོའི་སྐོར་ལས་ སླབ་དོ་ཡོདཔ་ལས་ ཞབས་བྲོ་རྙིངམ་བཟུམ་ཅིག་ར་འདུག། 

 

Transcript search
No results found for this search
0 of 0
  • ཨམ་འཆི་མེད་སྒྲོལམ
    ཨེ་ལས་གསང་རེད་ལ་ཨེ་ལས་མོ། །ཨ་་ཨེ་མོ་ནི་ཨེ་གསང་མ་ཎི་པད་ལ་མེ་ཧཱུཾ། །པད་ལ་མེ་ཧཱུཾ།
  • ཨམ་འཆི་མེད་སྒྲོལམ
    ལ་ཨེ་སྣང་ས་མགུ་ལུ་བཙུགས་པའི་དབུ་ཞྭ་འདི་ཡ་ལ་དབུ་ཞྭ་འདི། །
  • ཨམ་འཆི་མེད་སྒྲོལམ
    ལ་ཨེ་སྣང་ས་གསན་དུ་ཆོས་འདི་ཚུ་བཙུགས་བུ་མེད་ཡ་ལ་བཙུགས་བུ་མེད། །
  • ཨམ་འཆི་མེད་སྒྲོལམ
    ལ་ཡེ་ཕ་མ་བྱམས་སེམས་ཆེ་དེ་ཅི་བསྒྲུབས་བཞག་ནུག་ཡ་ལ་བསྒྲུབས་བཞག་ནུག
  • ཨམ་འཆི་མེད་སྒྲོལམ
    ལ་ཨེ་ཡབ་ཆེན་དུང་ས་ཀར་དེ་ཅི་བཀལ་བཞག་ནུག་ཡ་ལ་བཀལ་བཞག་ནུག