Skip to main content Skip to search
15 Feb 2017
1 min 53 sec
Video Overview
Creators: 
Dawa Tshering

གློག་བརྙན་ཐུང་ཀུ་འདི་ནང་ མོན་ཁ་འདི་ སངས་རྒྱས་ཞལ་བཞུགས་པའི་སྐབས་ལས་ ག་དེ་སྦེ་དར་ཁྱབ་བྱུང་ཡི་གའི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། མོན་ཁ་འདི་ དེ་བསྒང་ སངས་རྒྱས་ཀྱིས་ སྐད་གཞན་གྱི་ཐོག་ལས་ ཆོས་གནང་བའི་སྐབས་སུ་ མོན་ཁ་འདི་མེདཔ་ལས་ མོན་གྱི་གཡུས་ཁའི་མི་ཚུ་གིས་ སངས་རྒྱས་ལུ་ ཁོ་ལུ་ཁ་ཅིག་དགོཔ་སྦོ་ གསོལཝ་བཏབ་བཞིན་དུ་ སངས་རྒྱས་ཀྱིས་ སྐད་རིགས་མ་འདྲཝ་ཚུ་ལས་ སྐད་ཨ་ཙི་རེ་ཚུར་འཐུ་སྟེ་ མོན་པའི་ཁ་འདི་ བཟོ་བཟོཝ་ཨིན་ཟེར་ ཡིད་ཆེས་བསྐྱེདཔ་མས། ད་རུང་ ཁོང་གིས་འབད་བ་ཅིན་ ཁོང་གི་ཁ་འདི་ སྔགས་སྦེ་བཟོ་བཟོ་ཨིནམ་ལས་ ཧ་གོ་ཚུགས་པ་ལ་ཁག་ཡོད་ཟེར་ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་ རི་ཏི་གཡུས་ཚན་ལས་ རྟ་མགྲིན་གྱིས་ ལོ་རྒྱུས་བཤདཔ་ཨིན་པས། 

Transcript search
No results found for this search
0 of 0
  • རྟ་མགྲིན།
    འ་ནཱི་འདི་ ང་བཅས་ར་ ཏེ་ཧེ་མ་འབད་བ་ཅིན་ ང་བཅས་མོན་པའི་ཁ་འདི་ ཧེ་མ་ གནམ་ལྕགས་ཀྱིས་གུར་སྤུབས་ རྡོ་ལྕགས་ཀྱིས་ཧང་བཙུགས་ ས་གཞི་གིས་གདན་འཐིང་པའི་སྐབས་ལུ་ ཏེ་འ་ནཱི་ ང་བཅས་ཀྱི་སངས་རྒྱས་ཀྱིས་ བློ་སྟོན་གནངམ་ད་ལུ།
  • རྟ་མགྲིན།
    མི་སྤུ་ར་(ག་ར་)འཛམ་བ་(བུ་)གླིང་ལུ་ རང་ཁྱབ་འབད་སྟོན་ཚརཝ་ད་ ང་བཅས་མོན་པའི་མི་འདི་ ལུས་སོངཔ་ཨིན་ལོ། རྟིང་བདའ་སྟེ་ལགས། ཏེ་ལུས་འདི་གིས་སྦེ་ འ་ནཱི་རྟིང་བདའ་སྟེ་ དབའེ་ ང་བཅས་ཀྱི་བློ་འདི་ ང་བཅས་ལུ་སྟོན་གནང་དགོ་ཟེརཝ་ད་ལུ།
  • རྟ་མགྲིན།
    ཡ་ཡ་ དེ་འབད་བ་ཅིན་ ད་གནང་ཚར་ཡི་ཏེ་ང་གིས་ མེད་ཟེརཝ་ད་ ད་གནང་དགོ་ཟེརཝ་ ཁོང་གིས་ཕྱག་འཚལཝ་ད་ལུ་
  • རྟ་མགྲིན།
    ཡ་ཡ་ དེ་འབད་བ་ཅིན་ ཏེ་བཏུབ་བཏུབ་ཟེར་ ཏེ་དེ་ལས་ ཏེ་བློ་ལྷགམ་བསྡུ་གི་བློ་རེ་རེ་རེ་རེརེ་རེ་རེ་ཐོན་ཞིནམ་ད་ འ་ནཱི་སྦེ་ ཐོན་ཞིནམ་ད་ ཏེ་འ་ནཱི་སྦེ་ གནང་གནངམ་ཨིན་ལོ་ལགས།
  • རྟ་མགྲིན།
    ཏེ་འ་ནཱི་སྦེ་གནང་འདི་གིས་སྦེ་ ཡ་འདི་ འ་ནཱི་སྦེ་སླབ་ཤིག་ཟེར་ འ་ནཱི་སྦེ་སླབ་ ཁྱེད་ཀྱིས་མོན་པའི་ཁ་འདི་ འ་ནཱི་སྦེ་སྟོན་གནངམ་ད་ལུ།
  • རྟ་མགྲིན།
    ད་ལྟ་ང་བཅས་ཀྱི་མོན་པའི་ཁ་འདི་ རྔ་དང་འདྲ་ཟེར་ཨིན་མས། རྔ་དང་འདྲ་ཟེརཝ་ད་ལུ་ ཏེ་འ་ནཱི་རྩ་ལས་ མི་གཞན་གིས་ ག་གིས་ཡང་ཧ་གོ་མི་ཚུགས་པས་ཟེར་ཨིན་མས་ ཏེ།
  • རྟ་མགྲིན།
    ཏེ་ག་གི་ གཞན་གྱིས་བློ་ཧ་གོ་རུང་ ང་བཅས་མོན་པའི་ཁ་འདི་ བློ་འདི་ཧ་གོ་མི་ཚུགས་ཟེར་ འ་ནཱི་སྦེ་ ཏེ་འབད་ནི་འདི་གིས་མ་ཤེས་པས་བ་ལགས་ ང་བཅས་ཀྱི་ལྷགམ་བསྡུ་གི་ བློ་འ་ནཱི་སྦེ་ ལྷགམ་བསྡུ་སངས་རྒྱས་ཀྱིས་ ལྷགམ་བསྡུ་གིས་འབད་སྟོན་འདི་གིས་སྦེ་ བློ་འདི་སྟོན་གནང་གནངམ་ཨིན་ལོ་ལགས། འ་ནཱི་ཅིག་ཨིན་མས་ལགས།། །།