Video Overview
This touching folk song describes the suffering horses endure to serve their owners.
འདི་ནི་འདོ་བ་རྟ་ཞིག་གི་ཚེ་གཅིག་གི་སྡུག་བསྔལ་བརྗོད་པའི་མི་སེམས་འགུལ་བའི་དམངས་ཁྲོད་ཀྱི་ངག་རྩོམ་ཞིག་རེད།
ངག་རྩོམ་འདི་ལས་གཅིག་ནས་སྒོ་ཕྱུག་དུད་འགྲོ་དག་གི་སྙིང་རྗེ་བའི་གནས་སྟངས་དག་མཐོང་ཐུབ་ལ། ཞོར་དུ་སྒོ་ཕྱུག་དེ་དག་གི་བདག་པོ་རྣམས་ལ་སྐྱབས་མེད་མགོན་མེད་ཀྱི་དུད་འགྲོ་དག་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་པའི་སློབ་གསོ་བཏང་ཡོད་པ་རེད། ངག་རྩོམ་འདིའི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་ཞུས་ན། སྔོན་གྱི་དུས་སུ་རྟ་ཞིག་ཡོད་པ་དེ་ན་སོ་གཞོན་དུས་སུ་བདག་པོ་རྣམས་ཀྱིས་གཅེས་གཅེས་བྱས་ན་འང་། རྗེས་སུ་རྒས་བར་གྱུར་ཏེ་བཀོལ་སྤྱོད་ཀྱི་རིན་ཐང་མེད་པར་གྱུར་རྗེས། གཡག་རྒན་ཅིག་གི་འཇལ་ལ་སྤྲད་འདུག་ལ། ཁྱིམ་ཚང་དེ་ཡིས་རྟ་དེ་ལ་བྱམས་པོ་མ་བྱས་པས་རྟ་རྒན་དེས་རང་གི་མི་ཚེའི་བརྒྱུད་རིམ་དེ་གླུ་རུ་བླངས་ནས་སྐྱེ་བ་ཕྱི་མར་མི་ལུས་ཤིག་ལེན་པར་གསོལ་བ་བཏབ་པ་དེའོ།།
这是一首动人的民歌,讲述了马匹痛苦的一生,因此称之为马的哀歌。
这是一首动人的民歌,讲述了马匹痛苦的一生,因此称之为马的哀歌。这首歌表现了马作为牲畜所面临可怜的生活状况,并提倡好好照顾家畜。
这首民歌的内容讲述了当那马匹年轻的时候,主人对它很好,但是当它变老了,再也没有力气干活的时候,主人就把它送给了别人家当作一只牦牛的赔付的故事。故事表现了这家人对待这匹老马的恶劣态度。歌者借助这首民歌来讲述老马艰难的一生,并为其祈祷愿来生投胎为人。
- ཁ་ན་སོ་གཅིག་གཉིས་ཐོག་ལ།།
- ཁོའི་སྐྱིད་ཀི་རྟ་ཞིག་མེད་ཀི།།
- ཁའི་མིང་ལ་གྱོ་སྐྱ་སྔོ་སྐྱ།།
- མགོར་སིལ་མའི་སྲབ་ཅིག་འཇོག་གི།།
- རྒྱབ་བེའུ་ཤིང་སྒ་ཞིག་སྟོད་ད།།
- མི་ཞིག་གི་ཟ་རྒྱུ་སྦྱིན་གི།།
- ཁོའི་སྐྱིད་གི་རྟ་ཕོ་མེད་གི།།
- ཁ་ན་སོ་བདུན་བརྒྱད་ལོན་དུས།
- ཁོའི་མིང་ལ་གྱོ་ལོ་རྟོལ་ཁ།།
- གཡག་ཞིག་གི་འཇལ་ལ་སྤྲད་ཐལ།
- འཇལ་སྤྲད་སའི་རྒན་རྒོན་གཉིས་ཀྱིས།
- མགོར་རྒྱུན་བུའི་སྲབ་ཞིག་བཞག་ཐལ།
- སྒ་སྔ་རུ་མེད་ས་སྟོད་ཐལ།
- དོན་ཡོད་མེད་གཉིས་ལ་འཛིན་གི།།
- ཐག་རང་ཐུང་མེད་ལ་བརྒྱུགས་ཀི།།
- རྩྭ་སྔོན་པོ་ཁ་ར་གང་བོ།།
- རྩྭ་ཁམ་རེ་བླུག་རྒྱུ་མ་དགོས།།
- རྩྭ་ཁམ་རེ་བརྐུས་ཐལ་ཟེར་ནས།།
- ཤིང་སྟག་མའི་འོམ་བུ་ཞིག་གིས།།
- འབྱུང་ལྷུ་བཞིའི་སྒལ་ཚིགས་སྟེང་ལ།
- ཁྲིམས་ཆད་པ་རྒྱུན་ཆད་མེད་གི།།
- ཁོ་ན་ནི་གཟེར་ནི་ཀུན་རེད།།
- གོང་ཡུལ་གྱི་ཞབས་ཤུལ་དགོན་པ།།
- དམར་ཤུགས་སེའི་ཞབས་ཤུལ་གྲྭ་ཚང་།
- སེར་ཟུམ་མེའི་ཨ་ལགས་བླ་མ།།
- ང་ད་ལོ་མི་བཞུགས་འདྲ་གི།
- ང་ད་ལོ་མ་བཞུགས་བཞག་ན།
- ཁོའི་སྐྱེ་བ་གཞུག་མ་དེ་ལ།།
- ད་མི་ལུས་མ་བླངས་བཞག་ན།།
- ད་རྟ་ལུས་མི་ལེན་རྒྱུ་བོ།།
- ལྷ་ཁྱེད་ཀྱིས་ཐུགས་ལ་འཛིན་དགོས།
- ལྷ་ཁྱེད་ཀྱིས་ཐུགས་ལ་འཛིན་དགོས།
- ཨོྃ་མ་ཎི་པདྨེ་ཧུཾ་ཧྲི།།