06 Jan 2016
1 min 54 sec
Video Overview
Creators:
Tibetan & Himalayan Library
This is a video of Takdo from Topden Township in Chentsa singing a song called "Home is the Best Place." This song is part of a collection of folk songs from the Rebgong cultural area.
འདི་ནི་རང་གི་ཕ་ཡུལ་དང་རང་མི་རིགས་ཀྱི་གོན་པ། རང་གི་ཕ་སྐད་སོགས་བརྗེད་མི་རུང་བར་སྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྐྱིད་པའི་ཕ་ས་ཕ་ཡུལ་བརྗེད་མི་རུང་བ་དང་གོས་དྲོན་པོ་རང་གོས་བོད་ལྭ་གོན་རྒྱུ་བརྗེད་མི་རུང་པ། ཕ་མས་བསླབ་པའི་ཕ་སྐད་བཅས་བརྗེད་མི་རུང་བར་སྐུལ་བའི་གླུ་ཞིག་ཡིན།
- ༼ཨོ་ཡེ་ཡ་རེ་ཡ་རེ་ངས་ཡ་རེ་ལེན། ཞང་ཨ་དབྱངས་འཇོག་ནས་གླུ་ཞིག་ལེན༽
- ས་སྐྱིད་པོ་ཕ་ས་ཕ་ཡུལ་རེད།།
- འདི་ལོས་སྐྱིད་ལྟེ་ཁྲག་ཕོ་ས་རེད།།
- གནས་གཞན་ཡུལ་འགྲིམ་པའི་བོད་པ་ཚོ།།
- རང་ཕ་ཡུལ་མ་བརྗེད་སེམས་ལ་བཟུང་།།
- གོས་དྲོན་པོ་རང་ལ་རང་གོས་རེད།།
- འདི་ལོས་དྲོད་ཕ་མའི་བག་ལ་རེད།།
- གོས་གཞན་གོས་གྱོན་པའི་བོད་པ་ཚོ།།
- བོད་ལྭ་མ་བརྗེད་སེམས་ལ་བཟུང་།།
- གླུ་སྙན་མོ་ཕ་ཡུལ་ཕ་སྐད་རེད།།
- འདི་ལོས་སྙན་ཕ་མས་བསླབ་པའི་གླུ།
- གླུ་གཞན་སྐད་དགའ་བའི་བོད་པ་ཚོ།།
- རང་ཕ་སྐད་མ་བརྗེད་སེམས་ལ་བཟུང་།།