Skip to main content Skip to search
25 Aug 2018
17 min 50 sec
Video Overview
Creators: 
Yeshi Wangchuk

Karma Lhendup from Ura Gewog (county), located in Bumthang district, shares an account on the Jarung Khashur Stupa (hemispherical structure containing relics) of Nepal. Though the stupa is not in Bhutan, the story is relevant and worth documenting. Jarung Khashur Stupa is now one of the icons which attracts many tourists and it is one of the oldest stupas in the world. It is said that once there lived a lady called Jazhi Mo, who is believed to be a form of the bodhisattva Avalokiteshvara. She had four sons and each son was from the man who looked after horse and dogs (in this context meaning a man from a lowly background, low social status). As her sons did not have a good father, she wanted to build a stupa to redeem her sin and to better the lives of her sons. Many complications arose while constructing the stupa which is said to have been built by lady Jazhi Mo, a donkey and a bull. Later the bull and the donkey rebelled against the four sons.

 

༉  ནེ་པཱལ་ལུ་ཡོད་མི་ མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ཀརྨ་ལྷུན་གྲུབ་ཀྱིས་བཤདཔ་ཨིནམ་ད་ མ་གཞི་མཆོད་རྟེན་འདི་ འབྲུག་རྒྱལ་ཁབ་ནང་མེན་རུང་ སྲུང་འདི་འབྲུག་དང་གཅིག་ཁར་འབྲེལ་བ་ཡོདཔ་ཨིན། མཆོད་རྟེན་འདི་འཛམ་གླིང་ནང་ ཡོངས་གྲགས་ཅན་ཅིག་འབདཝ་ལས་ འཛམ་གླིང་རྒྱལ་ཁབ་ལེ་ཤ་ཅིག་ལས་ མི་ཚུ་གིས་མཇལ་བ་འོང་དོ་ཡོདཔ་ཨིན། དེ་བསྒང་ སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ ཨམ་བྱ་རྫིམོ་ལུ་ རྟ་དང་རོ་ཁྱི་འཚོ་མི་ཕོ་སྐྱེས་ཅིག་ཡོདཔ་མས། ཕོ་སྐྱེས་དེ་ལས་བུཚ་བཞི་ཚུད་ཡོདཔ་ད་ མོ་རའི་ཨ་ལོ་ཚུ་ལུ་ ཨ་པ་ལེགས་ཤོམ་ཅིག་མེད་ནི་དེ་གིས་ མོ་རའི་ལས་སྒྲིབ་དག་ནི་དང་ ཨ་ལོ་ཚུའི་མི་ཚེ་ལེགས་ཤོམ་འོང་ཐབས་ལུ་ མཆོད་རྟེན་འདི་བཞེངས་བཞེངསམ་ཨིན་མས། དེ་འབདཝ་ལས་ མཆོད་རྟེན་འདི་ ཨམ་བྱ་རྫིམོ་དང་གཅིག་ཁར་ གླང་ཅིག་དང་བོང་ཀུ་ཅིག་གིས་འབད་བཞེངས་བཞེངསམ་སྦེ་ལོ་རྒྱུས་སླབ་ནི་འདུག

Transcript search
No results found for this search
0 of 0
  • ཀརྨ་ལྷུན་གྲུབ་/Karma Lhendup: ལགས་སོ། ཏེ་ནཱ་ མར་བལ་པོའི་ མཆོད་རྟེན་འདི་ དང་ཕུ་ཏེ་ ཨམ་བྱ་རྫི་མོ་ཟེར་ཏེ་ སྤྱན་རས་གཟིགས་ཀྱི་ སྤྲུལ་པ་ཨིན་པས་པ་ཁོ་(མོ)།
  • ཀརྨ་ལྷུན་གྲུབ་/Karma Lhendup: བྱ་རྫིམོ་འདི་གིས་ཏེ་ སྲས་བཞི་ འཁྲུངས་ནུག། རྟ་ བདག་འཛིན་འཐབ་མི་གི་ ཨ་དྲུང་ཅིག་དང་ ཁོ་(མོ་) གིས་ འབྲེལ་བ་འབད་ནུག། བུ་གཅིག་སྐྱེས་ནུག་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: རོ་ཁྱི་ བདག་འཛིན་འཐབ་མི་འདི་དང་ ཁོ་(མོ་)གིས་ འབྲེལ་བ་འབད་ནུག་ བུ་གཅིག་སྐྱེས་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ཨ་ནཱེ་ ཨ་དྲུང་ རོ་ཁྱི་ དེ་ལས་ ཕགཔ་གསོ་མི་འདི་གི་ནང་ལས་ འབྲེལ་བ་ཅིག་འབད་ནུག་ དེ་ལས་ བུ་གསུམ་སྐྱེས་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཁོ་ར་(མོ་ར་)འདི་ བྱ་རྫིམོ་ཨིན་པས། ཨ་ནཱེ་ བྱ་བདག་འཛིན་འབད་མི་ ཨམ་བྱ་རྫི་མ་ཏེ་ ཨ་ནཱེ་ ཨ་ལོ་འདི་ཚུ་ སྐྱེས་འབད་ཞིནམ་ད་ལས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨའི་འདི་གིས་ ཏེ་ ཨམ་བྱ་རྫི་མོ་ཏེ་ ཏེ་ཕར་ རྒྱལ་པོ་ལུ་ཏེ་ ཁོ་(མོ་)མཆོད་རྟེན་བཞེངས་ནི་གི་ ཐུགས་བསམ་བཞེས་ཏེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཕར་ས་ ཞུ་བར་བྱོན་བྱོནམ་མས་ཏེ་ མ་གནང་པས་ས། ཨ་ནཱེ་ རྒྱ་གར་(བལ་བུ་)གི་རྒྱལཔོ་དེ་གིས་ཏེ། རྒྱལཔོ་འདི་གིས་ ས་གནང་མ་ཞིནམ་ལས་ དེ་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ གངམ་མ་གནང་རུང་ར་ ནོར་གྱི་ པགས་ཀོ་གང་གནང་ཟེར་ ཞུ་ཞུཝ་མས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ནོར་གྱི་པགས་ཀོ་གང་ཟེར་བ་ཅིན་ ག་དེམ་ཅིག་ཨིན་ན?
  • ཀརྨ་ལྷུན་གྲུབ་/Karma Lhendup: འོང་་་ནོར་གྱི་ཀོཝ་གང་ ནོར་ཤི་ཤིཝ་གི་ཀོཝ་གང་ འ་ནཱེ་གནང་ཟེར་ ཞུ་ཞུཝ་མས། འདི་ཏེ་ ཨ་ནཱེ་གང་འདི་ བྱིན་གེ་བྱིན་གེ་ཟེར་ བྱིན་བྱིནམ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: རྒྱལ་པོ་གིས་ རྒྱལ་པོ་སྲོང་བཙན་སྒམ་པོ་ལོ་ འ་ནཱེ་སླབ་མས། འདི་གི་ཏེ་ ཨམ་བྱ་རྫི་མོ་གིས་ ཨ་ནཱེ་ ཀོཝ་འདི་ སྤུས་ཚ་སྦེ་ མར་ཆུ་ནང་ སྦང་བཏབ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ བཏབ་ཞིནམ་ད་ལས་ འ་ནཱེ་ ཐགཔ་བཟུམ་ཕྱ་སི་སི་ དྲ་ཏེ་གིས་ཏེ་ ནཱ་ས་གུ་བཏབ་ འ་ནཱེ་སྦེ་བསྐོར་རྐྱབ་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: གནམ་མེད་ས་མེད་ མར་རྡོ་རྗེ་གདན་གྱི་བ་ མར་གྱི་ཆེ་ ཕར་རྒྱ་ཞིང་འདི་ ཐོག་འདི་ མར་རྡོ་རྗེ་གདན་གྱི་རིང་ནི་མམ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ནེ་པཱལ་ལུ་ཨིན་པས་སྨོ?
  • ཀརྨ་ལྷུན་གྲུབ་/Karma Lhendup: འོང་ནེ་པཱལ་ལུ་ཨིན། (Speaker Laughs) དེ་ལས་ཏེ་ ཏེ་ཨ་ནཱེ་ བློན་པོ་འདི་ཚུ་གིས་ རྒྱལ་པོ་ལུ་ ཞུ་ནུག་ དབའེ་ རྒྱལཔོ་རིན་པོ་ཆེ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁྱོད་ཀྱི་ ནཱེམ་ ཨམ་མོ་རེངསམོ་ཅིག་ལུ་ ཏེ་ ས་གནམ་མེད་ས་མེད་ཀྱི་ ས་གནང་ད་ནུག་ཟེར་ དེ་ལས་ཏེ་ ཁོ་(མོ་)ཡར་ཤོག་ཟེར་ སླབ་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨམ་བྱ་རྫིམོ་ ཡར་ཤོག་ཟེར་ རྒྱལཔོ་འབད་སར་ བཅར་བཅརཝ་མས། ཏེ་བཅརཝ་ད་ དབའེ་ཏེ་ ཁྱོད་ས་འདི་ གནམ་མེད་ས་མེད་ འབད་འབདཝ་འདྲས་མེན་ན་ཟེརཝ་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: མ་འབད་ལགས་ཏེ། ཀོཝ་གང་རང་ཨིན་ཟེར། ཀོཝ་གང་འདི་རང་ཨིན་ཟེར། དེ་ལས་ཏེ་ ཀོཝ་གང་འབད་བ་ཅིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: བྱ་རུང་ཁ་ཤོར་ཟེར་ བོད་པའི་ཁ་ལས་ཏེ་ རྐྱབ་ཡང་ཆོག་ཟེར་ རྐྱབ་ཡང་ཆོག་ བྱ་རུང་ ཁ་ཤོར་ རྐྱབ་ཆོག་ འབད་ཆོག་ཟེར་ རང་གིས་ ཁ་ཤོར་ཤོརཝ་ཨིན་ཟེར་ བྱ་རུང་ ཁ་ཤོར་ཟེར་མི་འདི་ འ་ནཱི་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: མཆོད་རྟེན་ བྱ་རུང་ཁ་ཤོར་ཟེར་མི་འདི་ ཏེ་དེ་ལས་ཏེ་ དེ་ལས་ཏེ་ རོགས་སངས་རྒྱས་ཀྱི་ སྤྲུལ་པ་ཨིན་པས་ ཨམ་བྱ་རྫི་མོ་འདི།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་ ཀོཝ་འདི་ ཆུ་ནང་སྦང་བཏབ་ ཕྱ་སི་སི་དྲ་བའི་བསྒང་ལས་ཏེ་ སྤྲིང་སྤྲིང་འ་ནཱེ་ བསྐོར་ར་རྐྱབ་འབག་འོང་པའི་བསྒང་ལས་ཏེ་ གནམ་མེད་ས་མེད་ཐོན་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེན་འ་ནཱེ་ མཆོད་རྟེན་བཞེངས་ནུག་ལགས། ཏེ་མཆོད་རྟེན་བཞེངས་ བོ་བུ་(བོང་ཀུ་)གཅིག་སྡོད་ནུག། གླང་གཅིག་སྡོད་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཁོང་ར་གསུམ་གྱིས་ཏེ་ ཁོ་ར་ ཆ་ཁྱབ་པ་གིས་ རྩ་དྲེགས་བཏང་ད་ནུག་མཆོད་རྟེན་འདི་ཏེ། ཁྱོད་ར་ཚུ་ད་ རིགས་ངན་གྱི་ བུཚ་ཙང་ཙ་ཨིན་ཟེར་ ཨའི་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨམ་བྱ་རྫི་མོ་གིས་ ག་ར་ཏེ་ ཨ་དྲུང་ལོ། རོ་ཁྱི་བདག་འཛིན་འབད་མི་ལོ། ཕགཔ་གསོ་མི་ལོ་ཏེ། རིགས་ངན་གྱི་ བུཚ་ཙང་ཙ་ཨིན་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁྱོད་ར་ཚུ་ཏེ་ མཆོད་རྟེན་བཞེངས་དགོ་ཟེར་ཏེ་ ཏེ་མཆོད་རྟེན་བཞེངས་དགོ་ཟེར་ཏེ་ མཆོད་རྟེན་བཞེངས་པའི་བསྒང་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ཁྱོད་ར་ཚུ་ སྨོན་ལམ་བཏབ་དགོ་སྨ་རེད་ཟེར་ ཨའི་གིས་ ཨམ་བྱ་རྫི་མོ་གིས་ ཨ་ནཱེ་སྦེ་ གསུང་གསུངསམ་ཨིན་ལོ། ཏེ་སྨོན་ལམ་བཏབ་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: སྨོན་ལམ་བཏབ་ཤིག་ཟེར་ཏེ་ ཨའི་གིས་ ཨ་ནཱེ་སྦེ་ སྨོན་ལམ་བཏབ་ཟེར་ གསུངས་ཞིནམ་ད་ལས་ དེ་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཧེ་མ་་་རང་ ཏེ་ཨ་ནཱེ་ ཨ་་་མཁྱེན་ཆེན་བོ་དྷི་སཏྭ་ཨིན་པས། འ་ནཱེ་གི་ཏེ་ (Speaker clears his throat) ཏེ་ཡ་ཟེར་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: འཁོར་བ་ འཇིག་རྟེན་མ་སྟོང་གི་བར་དུ་ཏེ་ ང་སངས་རྒྱས་པའི་གི་ གོ་འཕང་ཐོབ་ དམ་པའི་ཆོས་དང་ མཇལ་བཅུག་ཟེར་ འ་ནཱེ་སྦེ་ སྨོན་ལམ་བཏབ་བཞག་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ (Speaker clears his throat) དེ་ལས་ ཨ་ནཱེ་གི་འོག་ལས་ འདི་གིས་ཏེ་ ཏེ་ཡ་ མཁྱེན་ཆེན་བི་མ་མི་ཏྲ་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་འདི་གིས་ཡང་ཏེ་ ང་སངས་རྒྱས་ཀྱི་ གོ་འཕང་ཐོབ་དགོ་ཟེར་ འཛམ་བུ་གླིང་གུ་(ལུ་) ཆོས་ཀྱི་བསྟན་པ་དར་དགོ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: སེམས་ཅན་ཐམས་ཅད་ལུ་ ཕན་ཐོགས་པའི་གི་ ཆོས་དང་ ལུང་ང་ཐོབ་བཅུག་ཅིག་ཟེར་ ཏེ་སྨོན་ལམ་བཏབ་བཞག་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: འདི་གི་གཉིས་སོང་ཡི་སྨོ་? འོང་་་ དེ་ལས་ གཅིག་གིས་ཏེ་ ཡ་ད་ ང་ཟེར་ རྒྱལ་སྲིད་ཆོས་སྲིད་པུ་ར་རང་(ག་ར་རང་) ང་གིས་ འབད་ཚུགས་པའི་ ལུས་ཅིག་སྐྱེས་ཤིག་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་ ད་ལྟོ་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཟེར་མི་འདི་ ཨ་ནཱེ་ཀྲི་ཝི་(རྒྱང་མཐོང་) (Speaker uses English term) གི་ནང་ ཨ་ནཱེ་ ང་བཅས་ར་མར་
  • ཀརྨ་ལྷུན་གྲུབ་/Karma Lhendup: གནས་ཀྱི་ནང་ལས་ ཨ་ནཱེ་ གུ་རུ་གི་ཀེ་སེཊི་(སྒྲ་འཛིན་འཁོར་ལོ་)(Speaker uses English term) ནང་ཐོན་མི་འདི་ རྒྱལ་པོ་ཁྲི་སྲོང་ཟེར་མི་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་གིས་ཏེ་ ང་ཆོས་ཀྱི་སྐོར་ལས་འབད་རུང་ རྒྱལ་སྲིད་ཀྱི་སྐོར་ལས་འབད་རུང་ ག་ར་ ང་གིས་ འབད་ཚུགས་པའི་ ལུས་ཐོབ་བཅུག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ཆུང་ཤོས་ར་ ཏེ་ ཆུང་ཤོས་འདི་རང་ཏེ་ ད་ལྟོ་ གུ་རུ་རིན་པོ་ཆེ་ཨིན་པས་པ། ཡ་ཟེར་ ང་གང་ཡང་བཏབ་ནི་མེད་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་སྐྱེས་ཤི་མེད་པ་ རྡོ་རྗེ་ལྟ་བུའི་ སྐུ་སྦེ་སྡོད་བཅུག་ཤིག་ཟེར། ང་སྐྱེས་བ་ ཐོབ་བཅུག་ཤིག་ཟེར་ དེ་ལས་ཏེ་ ད་ལྟོ་ གུ་རུ་རིན་པོ་ཆེ་ ཁོ་ཨིན་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་འདི་ཚུ་ བུཚ་རེ་རེ་གིས་ སྨོན་ལམ་ཚར་རེ་རེ་བཏབ་ནུག་པ། དེ་ལས་ཏེ་ ཨ་ནཱེ་ ད་ཨ་ནཱེ་ གླང་འདི་དང་
  • ཀརྨ་ལྷུན་གྲུབ་/Karma Lhendup: བོང་ཀུ་འདི་ལུ་ ཁོང་གིས་ སྨོན་ལམ་བཏབ་ནི་གི་ བརྗེད་བརྗེདཝ་མས་པ། ཏེ་བརྗེད་འདི་གིས་ དེ་ལས་ཏེ་ གླང་འདི་གིས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་བཅས་ཡང་ཏེ་ སྒལ་ཏོ་ པགས་ཀོ་བཤུབ་བཤུབ་ ང་བཅས་ཀྱིས་ ལཱ་འབད་ རྡོ་སྐྱེལ་ ས་སྐྱེལ་ཟེར་ ཏེ་ཁོ་ར་ཚུ་ སྨོན་ལམ་བཏབ་ ང་བཅས་ལུ་ སྨོན་ལམ་མ་བཏབ་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་རྟ་(གླང་) འདི་གིས་ཏེ་ ང་བདུད་གླང་དར་ལུ་ སྐྱེས་བཅུག་ཤིག་ཟེར་ ཁོང་ལུ་ གནོདཔ་བཀལ་ནི་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱི་ བདུད་གླང་དར་ལུ་ སྐྱེས་བཅུག་ཟེར་ ཏེ་ཤུལ་ལས་ བདུད་གླང་དར་འདི་ ག་གིས་འབད་འབདཝ་སྨོ་ཟེར་བ་ཅིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: ལྷ་ལུང་དཔལ་གྱི་ རྡོ་རྗེ་གིས་ ཏེ་ཨ་ནཱེ་ ད་ལྟོ་ ཨ་ནཱི་འཆམ་གོ་འདི་ཚུ་ ལགཔ་བཙུགས་ནི་འདི་ སྦོམ་འབད་འོང་མས་མེན་ན?
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ག་དེ་འབད་རུང་ བདུད་གླང་དར་འདི་ བཏུལ་མ་ཚུགས་པར་ ལྟོདམོ་བལྟ་བར་འོང་མ་བཏུབ་པར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨ་ནཱེ་ མདའ་གཞུ་འདི་ ཨ་ནཱ་ བཙུགས་སྦེ་ཏེ་ མདའ་གཞུ་ ཨ་ནཱ་བཙུགས་སྦེ་ཏེ་ སྐུ་འཆམ་གནང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ཞྭ་ནག་ཨིན་ན་ ག་ཅི་ཨིན་ན?
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་་་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ཨ་ནཱེ་ སྐུ་འཆམ་འདི་ ཞྭ་ནག་ཨིན་ན་ ཞྭ་ནག་འཆམ་ཨིན་ན?
  • ཀརྨ་ལྷུན་གྲུབ་/Karma Lhendup: ཞྭ་ནག་མེན། ཨ་ནཱེ་ ཁྲོ་བོ་བཅུའི་འབགཔ་འདི་ ཁྲོ་བོ་བཅུ་རང་ཡོད་པ། ཞྭ་ནག་མེན། ཏེ་ཨ་ནཱེ་ མདའ་གཞུ་འདི་ ཨ་ནཱ་བཙུགས་
  • ཀརྨ་ལྷུན་གྲུབ་/Karma Lhendup: འདི་གནམ་ས་མེད་ཨིན་པས་ཏེ་ ཕོད་གོ་(ཕོད་ཁ)འདི་ ཁ་སྦོམ་སྦེ་ ཕོད་གོ་(ཕོད་ཁ) ཁ་སྦོམ་ བཟོ་དགོ་མི་འདི་ འ་ནཱེ་ལས་བརྟེན་ཏེ་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་གཞུ་དང་ མདའ་དང་ ཨ་ནཱ་བཙུགས་ དེ་ལས་ སྐུ་འཆམ་གནང་། དེ་ལས་ཏེ་ ཨ་ནཱེ་ གླང་དར་བདུད་གླང་དར་འདི་ ཡར་ལས་ཐོནམ་ཅིག་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ལྷ་ལུང་དཔལ་གྱི་རྡོ་རྗེ་གིས་ མདའ་རྐྱབ་སྟེ་གིས་ ཁོ་བཏུལ་ནུག་པ། བཏུལ་མ་ཚུགས་པར་ ལཱ་ཁག་ར་བཏང་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ བོང་བུ་(ཀུ་)འདི་གིས་ ག་ཅི་ལོ་ ང་ལུ་ཏེ་ ག་ནི་ཡང་ སྨོན་ལམ་མ་བཏབ་ཟེར་ཏེ་ དཀའཝ་སྤྱད་པ་ཅིན་ ང་སྤྱད་ཅི་ཟེར་ འུ་སྡུག་པ་ཅིན་ ང་སྡུག་ཅི་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ང་གིས་ཡང་ཏེ་ ད་གནོད་པའི་གི་འདྲེ་ ག་ཅི་ཨིན་རུང་ གནོད་པའི་འདྲེ་ཅིག་ལུ་ སྐྱེས་བཅུག་ཤིག་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ འ་ནཱེ་ བོང་ཀུ་འདི་གིས་ འ་ནཱེ་སྦེ་ སླབ་བཞག་བཞགཔ་ཨིན་ལོ། འོང་འདི་ཚུ་ཏེ་ འ་ནཱེ་འབད་ཚར་ཞིནམ་ད་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཤུལ་ལས་ཏེ་ ཨ་ནཱེ་ མར་ལས་ཡར་ བྱོན་ཞིནམ་ད་ལས་ཏེ་ ཨ་ནཱེ་ཏེ་ ད་ལྟོ་ ཨ་ནཱེ་ ང་བཅས་ ལྷ་ཁང་ནང་ཡོད་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱ་ མཁྱེན་ཆེན་བཻ་རོ་ཙ་ ཨ་ནཱེ་ མཁྱེན་ཆེན་བོ་དྷི་སཏྭ་ ཏེ་ ཨ་ནཱེ་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདི་ཚུ་ ང་བཅས་རའི་ ལྷ་ཁང་ནང་འདི་ཚུ་ཡོད་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ བི་མ་མི་ཏྲ་འདི་ཚུ་ ཏེ་ འ་ནཱེ་འདི་ཚུ་གིས་ཏེ་ ཏེ་ཤུལ་ལས་ ཁོང་ ཏེ་འ་ནཱེ་སྦེ་ མཛད་ཞིནམ་ད་ལས་ཏེ་ ཨ་ནཱེ་ ཨ་ནཱེ་ ང་བཅས་ར་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: སྲསམོ་གཅིག་འཁྲུངས་འཁྲུངསམ་ཨིན་ལོ། ཏེ་སྲསམོ་གཅིག་འཁྲུངས་ཏེ་གིས་ ཨ་ནཱེ་སྲསམོ་འདི་ འཁྲུངས་ཏེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨ་ནཱེ་ ཏེ་ད་རུང་ ང་ལུས་མས་ས་ མར་མཆོད་རྟེན་འདི་ ཨ་ནཱེ་ ཡར་བུམ་པ་ལས་ཡར་ བྱི་བཏང་པའི་བསྒང་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱེ་ འབུབ་གཅིག་གི་ ཡར་ལག་པའི་བར་ན་ ཚུད་ཚུདཝ་མས་པ། ཨ་ནཱེ་སྦེ་ འཕྱག་པའི་བསྒང་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨ་ནཱེ་ རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱི་ སྐྱེས་བ་ལེན་མི་འདི་ ཨ་མ་་་ཨོཾ་མ་ཎི་པད་མེ་ཧཱུཾ། ཤུལ་ལས་ངེའི་ བུཚུ་ལུ་ སྐྱེས་བཅུག་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: སྨོན་ལམ་བཏབ་བཞག་མི་འདི་ འ་ནཱེ་ འབུབ་བསད་བསདཔ་འདི་ཏེ་ ཁོ་གི་ སྲས་མོ་ལུ་ སྐྱེས་བ་ལེན་ནུག་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཏེ་ ཁོ་(མོ་) ལོག་ཚེ་འཐུང་ཀུ་ མ་འོངས་པར་ ཐབས་རང་མིན་འདུག་ཏེ་ འབུབ་ཨིན་པས་ཏེ། ཏེ་འ་ནཱེ་ བུམོ་འདི་ སྐྱེས་ཞིནམ་ད་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: བུམོ་སྲསམོ་འདི་ འཁྲུངས་ཞིནམ་ལས་ དེ་ལས་ ཨ་ནཱེ་ཏེ་ ག་ཅི་ཡང་ ཕན་མི་ཐོགས་པས་ཟེར། ག་ཅི་ཡང་ ཕན་ཐོགས་མི་ཚུགས་པས་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ འབད་ཚུགསནི་ མ་ཤེས་ ང་བཅས་ར་གིས་ འབད་མི་ཚུགས་པས་ཟེར་ ག་ནཱེ་ཡང་ ཕན་མི་ཐོགས་པས་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཞུ་ཞུཝ་མས་པ། དེ་ལས་ཏེ་ མར་ རྒྱ་གར་འཕགས་པའི་ གདན་ལུ་ཏེ་(ཡུལ་ལུ་ཏེ་) གུ་རུ་རིན་པོ་ཆེ ་ཞུ་བར་བྱོན་བྱོན་ཨིན་ལོ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་མཇལ་བ་བྱོནམ་ད་ ཏེ་ ལམ་ཁར་ མཇལ་མཇལཝ་མས་པ་ཏེ་ ལམ་ཁར་ཏེ་ ཨ་ནཱེ་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདི་གིས་ཏེ་ གུ་རུ་རིན་པོ་ཆེ་ ངོ་མ་ཤེས་པས་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ གུ་རུ་རིན་པོ་ཆེ་ ཁོ་ར་གིས་ ངོ་མཁྱེན་ནི་དེ་གིས་ ཁྱོད་ ག་ཏེ་འགྱོཝ་སྨོ་ཟེར་ གསུངས་པའི་ལོ། ཏེ་ང་ད་ མར་རྒྱ་གར་འཕགས་པའི་ཡུལ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་འབད་སར་ ང་འགྱོ་དགོ་པས་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཁོ་གིས་ ཨ་ནཱེ་སྦེ་ ཞུ་བཞག་ནུག། ཏེ་ཡུདཔ་ཅིག་ལས་ ཁྱོད་ ངོ་མི་ཤེས་པས་ག? རྒྱ་གར་འཕགས་པའི་ ཡུལ་གྱི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཟེར་མི་ ང་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འདི་ ང་བཅས་ར་ སྤུན་ཆ་འདི་ཚུ་ མར་བལ་པོ་ལུ་ མཆོད་རྟེན་བཞེངས་པའི་བསྒང་ལས་ ཁྱོད་ཀྱིས་ འབུབ་ཅིག་ཨ་ནཱེ་སྦེ་ ལཱ་འབདཝ་ད་ འབུབ་ཅིག་ བསད་ད་ཡི་མེན་ན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ སྐྱེས་བ་འདི་ ཁྱོད་ཀྱིས་ ཨོཾ་མ་ཎི་པད་མེ་ཧཱུཾ་ ཤུལ་ལས་ ངེའི་ ཨ་ལོ་ལུ་ སྐྱེས་བཅུག་ཤིག་ཟེར་ ཁྱོད་ སྨོན་ལམ་ དེ་སྦེ་བཏབ་ནི་དེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ལྟོ་ ཁྱོད་བུམོ་འདི་ སྐྱེས་མི་འདི་ ཨ་ནཱེ་གི་ སྐྱེསཝ་ཨིན་ཟེར། གུ་རུ་རིན་པོ་ཆེ་གིས་ ཚེ་མི་རིང་ཟེར་ ཚེ་མི་རིང་ཟེར་ འ་ནཱེ་ཁོ་(མོ་)ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁྱོད་ལྟ་མི་(ཙ་ལས་)ཚ་གྱང་འབད་མི་དགོ་ཟེར། ཏེ་ཁོ་(མོ་)བཤགས་དགོ་ཟེར་ ཁོ་(མོ་)མ་བཤགས་པར་ཐབས་རང་མེད་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: འབུབ་ཆུང་ཀུ་ཅིག་གིས་ཏེ་ ཨ་ནཱེམ་ཅིག་ཨིན་ཟེར་ སྐྱེས་བ་ཨིན་ཟེར་ཏེ་ གསུངས་ཏེ་གིས་ དེ་ལས་ཏེ་ ཏེ་ཨ་ནཱེ་ ཁོ་གི་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་
  • ཀརྨ་ལྷུན་གྲུབ་/Karma Lhendup: སྲསམོ་འདི་བཤགས་ཏེ་ དེ་ལས་ ཨ་ནཱེ་འདི་ལུ་ སྐྱེས་ནུག་པ། ང་བཅས་ར་ ཨ་ནཱེ་ འམ་་་གཏེར་བཏོན་པདྨ་གླིང་པའི་འདི་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ལུ་ སྐྱེས་ཞིནམ་ད་ལས་ཏེ་ འ་ནཱེ་ལུ་ སྐྱེས་ཞིནམ་ལས་ཏེ་ ཏེ་ཨ་ནཱེ་ དེ་བསྒང་ ཨ་ནཱེ་འདི་ཚུ་ སྐྱེས་ཞིནམ་ད་ལས་ཕར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ག་ཏེ་ཡང་ གཏེར་བཏོན་པདྨ་གླིང་པ་གིས་ ག་ཏེ་ཡང་ བྱོན་ཏེ་གིས་ གྲུབ་པ་གནང་ཆོས་འབད་སྦེ་ བཞུགས་ནུག་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: འཛམ་བུ་གླིང་བསྐོར་ཏེ་ ཏེ་ འ་ནཱེ་ ཤུལ་ལས་ཏེ་ གཏེར་བཏོན་པདྨ་གླིང་པ་འདི་ཏེ་ གཏེར་བཏོན་པ་ལུ་ སྐྱེས་ཏེ་ ཏེ་སྐྱེས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ འ་ནཱེ་འདི་ མེདཔ་བཏང་མི་འདི་ ང་བཅས་ར་ ཆོས་འཁོར་སྡེ་པོ་ཨིན་པས་པ། ཏེ་དབའེ་ པདྨ་གླིང་པ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁྱོད་ གཏེར་རང་ གཏེར་བཞེསཔ་མས་ཟེར། གཏེར་རང་གཏེར་བཞེསཔ་མས་ཟེར། གཏེར་བཏོན་འབག་ཤོག་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: མེ་འབར་མཚོ་ལས་ བཏོན་འབག་ཤོག་ཟེར་ གསུངས་པའི་བསྒང་ལུ་ གཏེར་མ་ཁུག་པས་ལགས་ཟེར། མ་ཁུག་པས་ཟེར་ ཞུཝ་ད།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཤུད་་གཏེར་མ་ཁུགཔ་ཟེར་ འོང་ག་ཟེར་ འབག་ཤོག་ཤིག་ ཁྱོད་ར་ཟེར། ཏེ་ཕར་ལས་ཏེ་ ལཱ་ཆ་གི་སྒྲོམ་ཅིག་ ཨ་ནཱེམ་ཅིག་ཨིན་ལོ། ཨ་ནཱེ་ ཡར་གདོང་ཁར་ སྐྱེལ་སྐྱེལཝ་མས་པ། ཏེ་ཨ་ནཱེ་ ཆོས་འཁོར་སྡེ་པོའི་གདོང་ཁར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཤུད་་་གཏེར་འབག་ཤོག་ཟེར་བ་ཅིན་ ནཱེ་མི་གི་ ལཱ་ཆ་གི་སྒྲོམ་ཅིག་ ངེའི་གདོང་ཁར་ ང་ཚོད་ བལྟ་མི་བལྟ་ཟེར་ དགོད་བྲ་མི་བྲ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕྱག་གྲི་བཏོན་པའི་འཕྲོས་ལས་ཏེ་ ཨ་ནཱེ་ ལཱ་ཆ་གི་སྒྲོམ་འདི་ བཙབས་བཞག་ནུག་པ། ཏེ་བཙབས་བཞག་པའི་བསྒང་ལས་ ཨ་ཙཝ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཆོས་འཁོར་སྡེ་པོ་ མི་རབས་བསྐང་(རྩ་བ་)ལས་ཆད་བཅུག་ཟེར་ པདྨ་གླིང་པ་ སྐུ་ཚེ་ཐུང་ཟེར་ ད་ལྟོ་ པདྨ་གླིང་པའི་འདི་ཚུ་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: གནམ་མེད་ས་མེད་ རྒྱས་རྒྱས་སྡུག་སྡུག་ མ་བཞུགས་མི་འདི་ འ་ནཱེ་ཨིན་པས། སྐུ་ཚེ་འཐུང་བཅུག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་་་ཆོས་འཁོར་སྡེ་པོ་འདི་ མི་རབས་བསྐང་(རྩ་བ)ལས་ཆད་དེ་ སྐྱེས་བ་ལེན་ནི་མེདཔ་སྦེ་ འགྱོ་དགོ་ཟེར་ འ་ནཱེ་འདི་ཚུ་ འ་ནཱི་འདི་ཚུ་ཏེ་ ང་བཅས་ར་ ལས་རྒྱུ་འབྲས་སྦེ་རུང་ འཁོར་བའི་ཉེས་དམིགས་སྦེ་རུང་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་ཏེ་ དང་ཕུ་གི་ འདི་ཚུ་གིས་ སྨོན་ལམ་བཏབ་བཏབ་འདི་དང་ རང་གིས་ མནོ་མི་འདི་ ཏེ་འགྱོ་མ་ཚུགས་མི་འདི་ཚུ་ འ་ནཱེ་སྦེ་ཨིན་པས་པ་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་སྦེ་ ཁོ་ ད་ལྟོ་ པདྨ་གླིང་པ་འདི་ སྐུ་ཚེ་འཐུང་ཀུ་ཡོད་མི་འདི་ ཨ་ནཱེ་ཨིན་པས། ཏེ་འ་ནཱེ་ སྐུ་འདི་ ད་ལྟོ་ བྱ་དཀར་རྫོང་ནང་ཡོད་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱ་ལས་ཚུར་ག་རྒྱུག་ནུག་ (Speaker Laughs) གསེར་སྐུ་འདི་ཏེ། ཕར་གཏེར་འབག་ཤོག་ཟེར་ གཏེར་འབག་ཤོག།
  • ཀརྨ་ལྷུན་གྲུབ་/Karma Lhendup: གཏེར་མ་ཁུག་པས་ཟེར་བ་ཅིན་ ཆོས་འཁོར་སྡེ་པོ་ཏེ་ ཤུད་་་་གཏེར་ག་ཅི་མི་ཁུག་ནི་ཟེར། འབག་ཤོག་ཟེརཝ་ད་ འབག་ཤོག།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ཨ་ནཱེ་ ལཱ་ཆ་སྒྲོམ་ ཡར་སྐྱེལ་བྱིནམ་ད་ ཤུད་་་གཏེར་འབག་ཤོག་ཟེརནི། ལཱ་ཆ་སྒྲོམ་སྐྱེལ་ད་ཡི་ཟེར་ བཙབས་བྱིན་པའི་བསྒང་ལས་ཏེ་ གྱི་ཅུང་བཏོན་ཕྱག་ཤན་བཏོན་ བཙབས་པའི་བསྒང་ལས་ཏེ་ ཨ་ནཱ་ལས་ཕར་ཕོག་ནུག་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ གཏེར་འདི་གིས་ཏེ་ ཆོས་འཁོར་སྡེ་པོ་མི་རབས་བསྐང་(རྩ་བ་) ལས་ཆད་བཅུག་ཤིག། འ་་་པདྨ་གླིང་པ་ སྐུ་ཚེ་འཐུང་བཅུག་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: པདྨ་གླིང་པ་གི་ བརྒྱུད་འདི་ཚུ་ སྐུ་ཚེ་ གཞོན་པའི་བསྒང་ལས་ཏེ་ སྐུ་ཚེ་ བཤགས་དགོ་མི་འདི་ འ་ནཱེ་ཨིན་པས་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: རིགས་བརྒྱུད་ཀྱི་ རིགས་བརྒྱུད་འདི་ཚུ་ དང་ཕུ་གི་འདི་ཚུ་ འ་ནཱེ་སྦེ་ བཞུགས་ནུག་ཏེ། འ་ནཱེ་འདི་ ཁོ་ཨ་ནཱེ་ པདྨ་གླིང་པའི་ བརྒྱུད་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཧེ་མ་ དང་པོ་རང་ འབུབ་ཨིན་པས་གོ་ཤིག། འབུབ་འདི་ ཨ་ནཱེ་ ད་ལྟོ་ རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱི་ སྐྱེས་བ་ལེན་མི་ འ་ནཱེ་གི་ཏེ་ མར་མཆོད་རྟེན་འདི་ལུ་ བྱི་རྐྱབ་པའི་བསྒང་ལུ་ འབུབ་བསད་ནུག་གོ་ཤིག།
  • ཀརྨ་ལྷུན་གྲུབ་/Karma Lhendup: འབུབ་བསད་ཞིནམ་ད་ལས་ ཨ་མ་་་ཨོཾ་མ་ཎི་པད་མེ་ཧཱུཾ་ ངེའི་ཨ་ལོ་ལུ་ སྐྱེས་བཅུག་ཤིག་ཟེར་ འ་ནཱེ་གི་ཏེ་ འབུབ་བསད་བསདཝ་འདི་ ཨ་ལོ་ལུ་ སྐྱེས་སྐྱེསཝ་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོ་གི་ སྲསམོ་འདི་ སྐུ་ཚེ་འཐུང་དགོ་པ་འདི་ འབུབ་ཆུང་ཀུ་ཅིག་གི་དོན་དག་ འ་ནཱེ་ ཚེ་འཐུང་མི་འདི་ འ་ནཱེ་ཨིན།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ སྐྱེསཝ་ད་ ཁོ་གིས་ ཨ་བུམོ་སྐྱེས་བ་འདི་ ཏེ་འ་ནཱེ་ གཏེར་བཏོན་པདྨ་གླིང་པ་ལུ་ སྐྱེས་སྐྱེསཝ་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་སྦེ་ གསུངས་མས་པ་ལགས། འ་ནཱེ་སྦེ་ཨིན་ལགས་ ཏེ་དང་ཕུ་ དང་ཕུ་འདི་ཚུ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཆོས་ཀྱི་ ལུང་བསྟན་དང་ ག་ཅི་རང་འབད་རུང་ ཏེ་རང་ས་ འདུལ་བྱ་དང་ ལུང་བསྟན་དང་འཁྲིལ་ཏེ་གིས་བ་ལྷགཔ་མིན་འདུག་པ་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་མི་བལ་པའི་ མཆོད་རྟེན་ཟེར་མི་འདི་ ཨམ་བྱ་རྫི་མོ་ ཏེ་ཨམ་མོ་རེངསམོ་འདི་གིས་ཏེ་ ང་མཆོད་རྟེན་ བཞེངས་གེ་ཟེར་བའི་བསྒང་ལསནི་
  • ཀརྨ་ལྷུན་གྲུབ་/Karma Lhendup: ས་མིན་འདུག། ས་རྒྱལ་པོའི་ནང་ལས་ ས་མ་སླང་(ལྷང་)པ་ཏེ་ ད་གནམ་མེད་ས་མེད་ མ་གནང་རུང་ ནོར་གྱི་ ཀོཝ་གང་གནང་ཟེརན་ཏེ་ ནོར་གྱི་ཀོཝ་འདིནི་ ཨ་ནཱེམ་ཅིག་བ་ལྷགཔ་མི་འགྱོ་སྨོ?
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ གང་ཨིནམ་འདྲེས་ཟེར་ ཁོ་ཐུགས་བསམ་བཞེས། དེ་ལས་ ཀོཝ་འདིནི་ ཆུ་ནང་ སྦང་བཏབ། ཨ་ནཱེ་བཟུམ་ གཞུ་ཐག་བཟུམ་བཟོ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཙོག་ཕུར་གདབ་སྟེ་ འ་ནཱེ་བསྐོར་བའི་བསྒང་ལས་ འ་མི་འདི་ ས་བཅགས་པའི་བསྒང་ལས་ འ་ནེ་སྦེ་བཅགས་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱེ་ ཨ་མ་བྱ་རྫི་མོ་གིས་ ཏེ་འ་ནཱེ་ལས་ཏེ་ ཏེ་ཁོ་(མོ་)གིས་ ཨ་ལོ་འདི་ཚུ་ཏེ་ ཨ་དྲུང་གི་བུ་ཚུ། རོ་ཁྱི་བདག་འཛིན་འཐབ་མི་གི་བུ་ཚུ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕགཔ་ལྟོ་བྱིན་མི་གི་བུ་ཚུ། ཏེ་ཁོ་(མོ་)ར་བྱ་རྫིམོ་འབད་སྦེ་ཏེ་ རིགས་ངན་གྱི་ བུཚུ་འདི་ཚུ་ཟེར། ཕ་རིགས་ངན་གྱི་བུཚ་འདི་ཚུ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: མཆོད་རྟེན་བཞེངས་དགོ་ཟེར། ཏེ་ཨ་མ་གིས་ ཡུམ་གྱིས་ འ་ནཱེ་སྦེ་ བཞེངས་ཏེ་གིས་ ཏེ་ཁོང་ར་ཚུ་ ད་འབདན་རང་རང་ས་ སྨོན་ལམ་བཏབ་དགོ་སྨ་རེད་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་བསྒང་ སྨོན་ལམ་ འ་ནཱེ་སྦེ་ བཏབ་ནུག་ ཁོང་གིས། མཁན་ཆེན་བི་མ་སཏྭ་ ཨ་ནཱེ་(མཁན་ཆེན་བི་མ་མི་ཏྲ་)
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ དེ་ལས་ གུ་རུ་རིན་པོ་ཆེ་ ཨ་ནཱེ་ མཁན་པོ་བཻ་རོ་ཙ་ན་ འ་ནཱེ་འདི་ཚུ་ཏེ་ ཁོང་ མི་རེ་རེ་ སྨོན་ལམ་རེ་རེ་རེ་ བཏབ་ནུག་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཤུལ་ལས་རང་ ཨ་ནཱེ་ཏེ་ སྨོན་ལམ་བཏབ་མི་འདི་ ང་བཅས་ར་ གུ་རུ་རིན་པོ་ཆེ་ཨིན་པས། གུ་རུ་རིན་པོ་ཆེ་གིས་ཏེ་ ཆུང་ཤོས་ཡང་ ཁོ་ཨིན་པས་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཁོ་གིས་ཏེ་ ང་སྨོན་ལམ་ ག་ནཱེ་ཡང་ བཏབ་ནི་མི་ཤེས་པས་ཟེར། ད་ང་སྐྱེས་ཤི་མེད་པ་ (Speaker Laughs) རྡོ་རྗེ་ལྟ་བུའི་སྐུ་སྦེ་ སྐྱེས་ཤིག་ཟེར་ འ་ནཱེ་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ད་ང་གིས་ཏེ་ ལེགས་ཤོམ་ཅིགནི་ རང་གིས་ག་ནི་ཡང་ མི་ཤེས་ལགས། དང་ཕུ་གི་ཞལ་རྒྱུན་དང་ རྣ་རྒྱུན་འདི་ཚུ་ ཏེ་ཨ་ཙི་རེ་ཤེས་མི་འདི་ ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ལྟོ་ ང་གིས་ ནཱ་སཱར་(Speaker uses English term)ལུ་ ཕུལ་མི་འདི་ ཨ་ནཱེ་ཨིན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ལགས་སོ།