Skip to main content Skip to search
17 Feb 2017
6 min 24 sec
Video Overview
Creators: 
Norzin Lhamo, Kencho Wangmo

ཚང་ཁ་གཡུས་ཚན་ལས་ ཨམ་སྲུ་ཚུ་གིས་ གཞུང་སྒྲའི་གླུ་གཞས་ དགུང་ཧིང་འཐོན་པོའི་ཕྱོགས་ལ་ཟེར་མ་འདི་ ཀྲོང་གསར་རྫོང་གི་ནང་ན་སྦེ་ ཀྲོང་གསར་ཚེས་བཅུ་གི་ སྟ་གོན་འབད་བའི་སྐབས་འཐེན་ཡོདཔ་ཨིན། ཞབས་བྲོ་འདི་ ཀྲོང་གསར་ཚེས་བཅུའི་དོན་ལུ་ རྐྱབ་ཡོདཔ་ད་ ད་ལྟོའི་གླུ་གཞས་འདི་འབད་བ་ཅིན་ ཁྱིམ་གྱི་ནང་ན་སྦེ་ འཐེན་བཅུག་བཅུགཔ་ཨིན་པས། གླུ་གཞས་འདི་ཡང་ དམ་ཚིག་ཅན་གྱི་རྒྱལཔོ་གིས་ རྒྱལ་ཁབ་ཀྱི་གོང་འཕེལ་དང་ སྲུང་སྐྱོབ་ཀྱི་དོན་ལུ་ དད་དམ་ལྷོད་མེད་ཀྱི་སྒོ་ལས་ ཕྱག་ལཱ་གནང་ཡོད་མི་འདི་ ཉིམ་དང་ མེ་ཏོག་བཟུམ་དང་ རྩ་ཆེ་ཏོག་ཏོ་ཨིནམ་སྦེ་ དཔེ་སྦྱར་ཏེ་འཐེནམ་ཨིན་པས།

Transcript search
No results found for this search
0 of 0
  • ཚང་ཁའི་ཨམ་སྲུ་ཚུ།
    དགུང་ཧིང་(དབྱིངས་)མཐོན་པའི་ཕྱོགས་ལ། །ཁྲི་གདུགས་གཞོན་པ་(ཤར་བ་)ལེགས་སོང་། །ཁྲི་གདུགས་གཞོན་པ་(ཤར་བ་)ལེགས་སོང་། །
  • ཚང་ཁའི་ཨམ་སྲུ་ཚུ།
    མེ་ཏོག་ལ་གེ་སར་རྒྱལ་པོ། །གཏན་ཀྱང་ཤར་བ་འདུག་གོ །གཏན་ཀྱང་ལ་ཤར་བ་འདུག་གོ །
  • ཚང་ཁའི་ཨམ་སྲུ་ཚུ།
    ཚེ་སྔོན་སྐྱེས་པའི་རས་ཆུང་། །གཏན་ཀྱང་འབྲེལ་བ་འདུག་གོ །གཏན་ཀྱང་ལ་འབྲེལ་བ་འདུག་གོ །
  • ཚང་ཁའི་ཨམ་སྲུ་ཚུ།
    གནས་ཆེན་བཀོད་པའི་ཕྱོགས་ལ། །རྨ་བྱ་ཤིན་ཏུ་ལེགས་སོང་། །རྨ་བྱ་ལ་ཤིན་ཏུ་ལེགས་སོང་། །
  • ཚང་ཁའི་ཨམ་སྲུ་ཚུ།
    གེ་སར་ལྡན་པའི་ཕྱོགས་ལ། །ཡིད་བཞིན་ནོར་བུ་བཞུགས་ཡོད། །ཡིད་བཞིན་ལ་ནོར་བུ་བཞུགས་ཡོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ཡིད་བཞིན་ལ་ནོར་བུ་བཞུགས་ན། །ཆོས་ཀྱི་བསྟན་པ་དར་ཡོད། །ཆོས་ཀྱི་ལ་བསྟན་པ་དར་ཡོད།
  • ཚང་ཁའི་ཨམ་སྲུ་ཚུ།
    རྫོང་ན་(རྫོང་འདི་)ལ་བཀྲ་ཤིས་ཆོས་རྫོང་། །མི་དབང་རྒྱལ་པོ་བཞུགས་ཡོད། །མི་དབང་ལ་རྒྱལ་པོ་བཞུགས་ཡོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    མི་དབང་ལ་རྒྱ་པོ་བཞུགས་ན། །སྔར་ལས་དར་ཞིང་རྒྱས་ཡོད། །སྔར་ལས་དར་ཞིང་རྒྱས་ཡོད།། །།